ནུབ་རྒྱུད་དངོས་མང་སྟོན་ཚོགས་སུ་རང་ཁུལ་གྱི་སྐད་གྲགས་ཆེ་རུ་ཕྱིན།

        2023-07-10

ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་བཅུ་དགུ་པའི་དཀར་མཛེས་ཁུལ་གྱི་འགྲེམས་ཁང་གི་མདུན་དུ་མིག་མི་བཙུམ་ན་ཐམས་ཅད་མཛེས་ལྗོངས་ཡིན་ལ། མིག་བཙུམས་པ་ན་ཡོད་ཚད་དགེ་ཞིང་ཤིས་པར་གྱུར་ཅེས་པའི་ཡིག་འབྲུ་ཚོ་མིག་ལམ་ན་ལྷག་པར་གསལ། གསར་འགོད་པས་དཀར་མཛེས་ཁུལ་འགྲེམས་ཁང་དུ་རྫོང(གྲོང་ཁྱེར)18ཀྱི་འགྲེམས་གནས་སུ་ཐོན་རྫས་ཚོང་གཉེར་བ་ཞིག་གིས་ཐད་གཏོང་སྒྲིག་ཆས་བརྒྱུད་དེ་གནད་དོན་དམིགས་སུ་བཟུང་ནས་དོ་ཁུར་བྱེད་མཁན་ཚོར་སྤེལ་རེས་བྱས་ནས་རྒྱལ་ཡོངས་མི་དམངས་ལ་དཀར་མཛེས་ཁུལ་གྱི་ཐོན་རྫས་ཡག་པོ་འདེམས་རོགས་བྱེད་ཀྱི་ཡོད་པ་མཐོང་། ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་ནུབ་རྒྱུད་དངོས་མང་སྟོན་ཚོགས་སུ་ཁུལ་ཚོང་དོན་དང་དཔལ་འབྱོར་མཉམ་ལས་ཅུས་ཀྱིས་དྲྭ་གྲགས་ཁྱོན33གདན་དྲངས་ཏེ་དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་དང་ཞིང་ལས་ཁྱད་ལྡན་ཐོན་རྫས་སོགས་ཐོན་ཁུངས་འོས་སྦྱོར་བྱེད་དུ་བཅུག་ཡོད།

     ཁུལ་ཚོང་དོན་དང་དཔལ་འབྱོར་མཉམ་ལས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ནུབ་རྒྱུད་དངོས་མང་སྟོན་ཚོགས་འཚོག་བའི་རིང་ཁམས་པའི་ཕོ་རྒོད་དང་རོང་བྲག་གི་མཛེས་མ་ཚོས་དཀར་མཛེས་ཁུལ་འགྲེམས་ཁང་དུ་གླུ་ལེན་གར་འཁྲབ་བྱས་པར་བརྒྱུད་དེ་ཚང་མར་དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་ཁྱོན་ཡོངས་ལ་ངོ་སྤྲོད་བྱེད་བཞིན་ཡོད།

     ད་སྔར། རིག་གནས་ཡུལ་སྐོར་མཉམ་འདྲེས་བྱ་རྒྱུ་དེ་འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་ཞིག་ཏུ་གྱུར་ཡོད། རང་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་གྱི་འཐབ་ཇུས་ཚད་དཔོག་ལ་དམིགས་ནས་མཛེས་ལྗོངས་ཁུལ་བསྐྲུན་པ་དང་། ཡུལ་སྐོར་ལམ་ཐིག་སྤུས་ལེགས་བཟོས་པ། ཞབས་ཞུ་ཡག་པོ་བསྒྲུབས་པ། ཁོར་ཡུག་བཅོས་སྐྱོང་བྱས་པ། རིག་གནས་སྟོབས་ཆེར་བཏང་ནས་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་མགྱོགས་སུ་བཏང་སྟེ་ཤམ་བྷ་ལ་ཆེན་པོ་དང་གངས་དཀར་སོགས་ཡུལ་སྐོར་ལམ་ཐིག་རྩེ་གྲ་བཏོད་ནས་རྒྱལ་ལམ318པ་འཛམ་གླིང་གི་མཛེས་ལྗོངས་ལམ་ཆེན་ཡག་ཤོས་དང་རྒྱལ་ལམ317པ་མཐོ་སྒང་གི་དར་ལམ་རིག་གནས་བར་ཁྱམས་སུ་གཏོད་པ་གཙོས་བྱས། ཡུལ་སྐོར་སྤུས་རྟགས་བཏོད་ནས་གསར་བརྗེ་ཡུལ་སྐོར་དང་། མྱུལ་དཔྱད་ཡུལ་སྐོར། ཁམས་གསོ་བའི་ཡུལ་སྐོར། ཞིབ་འཇུག་སློབ་སྦྱོང་ཡུལ་སྐོར་བཅས་ལས་རིགས་གསར་པ་འཕེལ་རྒྱས་བཏང་བ་དང་། ལྷག་པར་དུ་འདབ་པའི་གནམ་དཔྱད་ཚན་རིག་ཞིབ་འཇུག་དང་། གངས་རི་སྐྱེ་ཁམས། ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་རིག་གནས་སོགས་ཀྱི་ཐོན་ཁུངས་འཆར་འགོད་དང་བེད་སྤྱོད་བྱས་ཏེ་འཛམ་གླིང་ལ་སྐད་གྲགས་ཡོད་པའི་རང་བྱུང་སྐྱེ་ཁམས་ལོ་རྒྱུས་ཚན་རིག་རིག་གནས་ཡུལ་སྐོར་ཁྱུ་ཚོགས་ཞིག་གཏོད་པར་འབད་བཞིན་ཡོད།

     ཤེས་རྟོགས་བྱུང་བར་གཞིགས་ན། རང་ཁུལ་ལ་ད་ཆ་འཛམ་གླིང་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་རྣམ་གྲངས4དང་། རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་རྣམ་གྲངས25དང་། གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ1306བཅས་ཡོད་པ་རེད། འཛམ་གླིང་རིམ་པ་དང་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་གྲངས་ཀ་དང་རིག་དངོས་སྲུང་སྐྱོང་བྱ་ཡུལ་གྱི་བསྡོམས་འབོར་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ཁུལ་ཡོངས་སུAརིམ་པའི་མཛེས་ལྗོངས་ཁུལ་ཁྱོན་བསྡོམས97གསར་དུ་བསྐྲུན་ཡོད་ཅིང་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། གཞན་ཡང་ད་དུང་ཁུལ་རིམ་པའི་རིག་གནས་ཐོན་ལས་གླིང4བསྐྲུན་ཡོད། ཁམས་ཀྱི་རིག་གནས(དཀར་མཛེས་ཁུལ)ཞིང་ཆེན་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་ལ་ཆོག་མཆན་ཐོབ་པ་རེད།

     ཉེ་བའི་ལོ་ཤས་རིང་། དཀར་མཛེས་ཁུལ་ཡང་ཀྲུང་གོའི་ཡུལ་སྐོར་གྱི་སྐད་གྲགས་ཆོད་ཚད་ཆེ་ཤོས་དང་ཡུལ་སྐོར་བས་གདེང་འཇོག་ཡག་བའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་བྱ་ཡུལ་གྱི་གྲས་ཤིག་གྱུར། 2022ལོར་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གི་འཕྲིན་སྦྱོར་གསར་པའི་ཁྱབ་བསྒྲགས་སྟོན་གྲངས་ཐེངས་ལྔ་ཡི་ཁྲོད་དུ་དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་ཐེངས་བཞི་ལ་ཨང་དང་པོར་སླེབས་ཡོད། རྒྱལ་ཡོངས་ཀྱི་ཡུལ་སྐོར་བྱ་ཡུལ་ཁྲི1.6ཁྲོད་དུ་དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་གྱི་ཤུགས་རྐྱེན་ཐེབས་ཤུགས་ཨང་བདུན་པར་སླེབས་ཡོད། དྲྭ་ཐོག་ཡུལ་སྐོར་གྱི་མ་རྩའི་སྟོན་གྲངས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་གྲོང་ཁྱེར་ཚང་མའི་ཁྲོད་ཨང་དྲུག་པར་སླེབས་ཡོད། ཁུལ་རིག་གནས་ཡུལ་སྐོར་ཅུས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། 2023ལོའི་ཟླ་དང་པོ་ནས་ཟླ་བ་ལྔ་པའི་བར་རང་ཁུལ་གྱིས་ཡུལ་སྐོར་སྣེ་ལེན་བྱེད་ཚད་མི་ཁྲི1200ལས་བརྒལ་ཡོད་པ་རེད།།


ལོ་ཙཱ་བ། ཡེ་ཤེས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།



  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག།༼ ༧ ༽
  • ལེ་ཚན་རྗེས་མ།:མཐུན་སྒྲིལ་གྱི་མེ་ཏོག་ལས་བདེ་སྐྱིད་ཀྱི་འབྲས་བུ་ཐོན།
  • དོ་སྣང་ཆེ་བའི་རྩོམ།