རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་བྱེད་ཚད་ཁྲི་2000ལས་བརྒལ་བ།

    མི་དམངས་དྲ་བ།    2023-07-06

   ཚེས་3ཉིན། ཧའོ་པོ་GTགློག་སྒུལ་རྐྱང་པའི་འཇིབ་ཆུང་ཞིག་ཐོན་སྐྱེད་ལས་རིམ་ནས་དལ་བུར་བབས་པ་དང་བསྟུན་ནས་ཀོང་ཀྲོའུ་རླངས་འཁོར་ཨེ་ཨན་གྱིས་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་བྱེད་ཚད་ཁྲི་80ལས་བརྒལ་བ་དང་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་བྱེད་ཚད་ཁྲི་2000ལས་བརྒལ་ཡོད། དེའི་ཐོག་ནས་ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་གྱིས་ཐོན་ལས་ཅན་དང་ཁྲོམ་ར་ཅན་གྱི་རྨང་གཞིའི་ཐོག་གཞི་ཁྱོན་ཅན་དང་གོ་ལ་ཅན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སྐྱོད་འགོ་ཚུགས་པར་མཚོན་ཐུབ།
    “2020ལོའི་ཟླ་9པར་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་བྱེད་ཚད་ཁྲི་500ལས་བརྒལ་བ་དང་། 2022ལོའི་ཟླ་2པར་ཐོན་སྐྱེད་བྱེད་ཚད་ཁྲི་1000ལས་བརྒལ་ཡོད། རླངས་འཁོར་ཁྲི་1000ཐེངས་གཉིས་པ་ཐོན་པར་ལོ་གཅིག་དང་ཟླ་བ་ལྔ་ལས་སྤྱད་མེད”ཅེས་ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་ཡིན་པའི་ཧྥུའུ་པིང་ཧྥུང་གིས་ངོ་སྤྲོད་བྱས་པ་རེད།

  • ལེ་ཚན་སྔོན་མ།:ཁ་གསབ་སྲིད་ཇུས་འདི་མུ་མཐུད་ལག་བསྟར་བྱ་རྒྱུ་རེད།
  • ལེ་ཚན་རྗེས་མ།:བློ་མཐུན་ཆན་ཀྲེང་དབྱིང་སྐུ་བལྟམས་ནས་ལོ་ངོ་100འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོག་པ་དང་། ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པ།
  • དོ་སྣང་ཆེ་བའི་རྩོམ།