ཧྲེན་དབྱང་གིས་དར་མདོའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་བརྟག་ཞིབ་གནང་བར་མ་ཟད་ཏང་མི་འཐུས་མིར་འཚམས་འདྲི་གནང་བ་དང་འབྲེལ་ཁུལ་ཡོངས་ཀྱི་ཏང་མི་ལ་དུས་ཆེན་གྱི་འཚམས་འདྲི་ཞུས།

བདེ་སྐྱིད་ཀྱིས་བསྒྱུར།        2023-07-05

ཧྲེན་དབྱང་གིས་དར་མདོའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་བརྟག་ཞིབ་གནང་བར་མ་ཟད་ཏང་མི་འཐུས་མིར་འཚམས་འདྲི་གནང་བ་དང་འབྲེལ་ཁུལ་ཡོངས་ཀྱི་ཏང་མི་ལ་དུས་ཆེན་གྱི་འཚམས་འདྲི

ཧྲེན་དབྱང་གིས་ཏང་མི་རེན་ལུང་ཧྥང་གི་ཁྱིམ་དུ་འཚམས་འདྲི་གནང་བཞིན་པའི་ཚུལ།

ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ102འཁོར་བའི་སྐབས་སུ་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་དར་མདོ་གྲོང་ཁྱེར་དུ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་བརྟག་ཞིབ་གནང་བ་དང་། ཏང་མི་རྒན་གྲས་དང་དཀའ་ངལ་ཡོད་པའི་ཏང་མི། ཏང་དོན་ལས་དོན་པ་ཕུལ་བྱུང་བཅས་ལ་འཚམས་འདྲི་གནང་ཞིང་། ཁུལ་ཨུའི་ཚབ་ཞུས་ནས་རྩ་འཛུགས་ཀྱི་ཐུགས་ཁུར་གནང་བར་མ་ཟད། ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ཏང་མི་ལ་དུས་ཆེན་གྱི་སྨོན་འདུན་དང་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་ཆར་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ལུགས་དོན་འཁྱོལ་ཤུགས་ཆེན་བྱས་ཏེ། ལྷག་བསམ་རྣམ་དག་གིས་ཏང་གི་ཆེད་དུ་བྱ་བ་སྒྲུབ་ཅིང་ཏང་ལེགས་པོར་སྐྱོང་བ་དང་ནུས་ཤུགས་ཡོད་རྒུས་ཏང་དར་རྒྱས་གཏོང་བ་དེ་རྩ་བའི་འགན་འཁྲིར་བརྩིས་ནས། ཁུལ་ཡོངས་ཀྱི་ཏང་འཛུགས་སྐྱོང་ཁྱོན་ཡོངས་ནས་ཡར་ཐོན་ཚད་ལྡན་ཡོང་རྒྱུར་སྐུལ་འདེད་བཏང་སྟེ། བོད་འབྲེལ་ས་ཁུལ་དུ་ཏང་གི་སྲིད་འཛིན་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏང་དགོས་ཞེས་ནན་གསུང་གནང་བ་རེད།

སྤྱི་ཁུལ་ནི་མང་ཚོགས་དང་ཉེ་བར་བཅར་པའི་གཞི་རིམ་ཏང་རྩ་འཛུགས་ཞིག་རེད། དར་མདོ་གྲོང་ཁྱེར་གཉའ་ལུང་ཁྲོམ་ལམ་གངས་ཆུ་ཟམ་པའི་སྤྱི་ཁུལ་དུ་ཧྲེན་དབྱང་ཏང་མི་སློབ་སྦྱོང་ཁང་དང་སྤྱི་ཁུལ་གྱི་ཁྱིམ་བདག་སློབ་གྲྭ། གཞོན་ནུ་ལོ་ཆུང་གི་བྱིས་པའི་ཞབས་ཞུའི་ས་ཚུགས། དམག་ཁོངས་ནས་འཐེན་པའི་དམག་མིའི་བྱེད་སྒོ་ཁང་སོགས་སུ་ཕེབས་ནས་སྤྱི་ཁུལ་ཏང་རྩ་འཛུགས་འཛུགས་སྐྱོང་དང་ལས་དོན་འཁོར་སྐྱོད་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་ནས་སྤྱི་ཁུལ་ལས་དོན་གྱི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཧྲེན་དབྱང་གིས་སྤྱི་ཁུལ་ནི་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་གཞི་རྩའི་ཚན་པ་ཞིག་ཡིན་ལ། མང་ཚོགས་ལ་ཐད་ཀར་འབྲེལ་གཏུག་དང་ཞབས་འདེགས་ཞུ་ཡུལ་ཞིག་ཀྱང་ཡིན། སྤྱི་ཁུལ་ཏང་རྩ་འཛུགས་ཀྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་ཏེ་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། དྲྭ་མིག་ཅན་གྱི་དོ་དམ་དང་ཆ་འཕྲིན་ཅན་གྱི་འདེགས་སྐྱོར། ཞིབ་ཚགས་ཅན་གྱི་ཞབས་ཞུའི་ཆུ་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ཏང་རྩ་འཛུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་གི་ཕན་འབྲས་སུ་དངོས་འབྲེལ་བསྒྱུར་ནས་གྲོང་ཁྱེར་གྱི་གཞིས་མིའི་སྐྱིད་སྣང་དང་བློ་ཡིད་ཚིམ་ཚད་ཆེ་རུ་ཧུར་ཐག་གཏང་དགོས་ཞེས་གསུངས་པ་རེད། སྤྱི་ཁུལ་དུ་བརྟག་ཞིབ་གནང་སྐབས་ཧྲེན་དབྱང་གིས་ད་དུང་ཞིང་ཆེན་ཡོངས་ཀྱི་ཏང་དོན་ལས་དོན་པ་ཕུལ་བྱུང་ཞེ་མན་ལི་ལ་འཚམས་འདྲི་གནང་བ་དང་། ཁོ་ལ་གཟི་བརྗིད་ལ་གཅེས་སྤྲས་དང་ཡང་འབད་སྐྱར་འབད་བྱས་ཏེ་སླད་ཕྱིན་གྱི་ལས་ཀའི་ནང་སྣེ་ཁྲིད་མིག་དཔེ་བསྟན་ནས་དུས་རབས་གསར་པའི་ཏང་དོན་སྒྲུབ་མཁན་གྱི་ཉམས་འགྱུར་གསར་པ་མངོན་རྒྱུའི་སྐུལ་ལྕག་གནང་བ་རེད།

ཧྲེན་དབྱང་ད་དུང་ཏང་མི་རྒས་གྲས་ཀྲའོ་ཧྥེང་དང་དཀའ་ངལ་ཡོད་པའི་ཏང་མི་རེན་ལུང་ཧྥང་གི་ཁྱིམ་དུ་ཕེབས་ནས་འཚམས་འདྲི་གནང་བ་རེད།།



  • ལེ་ཚན་སྔོན་མ།:གློག་འདོན་ས་ཚིགས་ཆེན་པོ་ཞིག་བེད་སྤྱོད་བྱེད་འགོ་ཚུགས།
  • ལེ་ཚན་རྗེས་མ།:ཧྥུང་ཧྥ་ཀུའེ་ཡིས་ནུབ་རྒྱུད་དངོས་མང་སྟོན་ཚོགས་འཚོག་རིང་ཚོང་པ་ཚོར་མཇལ་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10