ཁྱད་ཆོས་རིག་གནས་ཀྱི་སྤུས་རྟགས་བཏོད་དེ་དམངས་ ཁྲོད་རིག་རྩལ་བརྒྱུད་འཛིན་བྱས།

རྟ་མགྲིན་རྡོ་རྗེས་བསྒྱུར།        2023-07-03

ལོ་གཅིག་ཙམ་རིང་འབད་བརྩོན་བྱས་པར་བརྒྱུད། ཉེ་ཆར། རང་ཁུལ་གྱིས་དམངས་ཁྲོད་རིག་རྩལ་འབྱུང་ཡུལ་དཔེ་ཚོགས་རྩོམ་སྒྲིག་དཔེ་སྐྲུན་བྱས་པའི་ནང《ཀྲུང་གོའི་བོད་ཁང་དཀར་པོའི་རིག་གནས་ཀྱི་འབྱུང་ཡུལ་ཕྱག་ཕྲེང》དང《སི་ཁྲོན་པང་ཁང་རིག་གནས་ཀྱི་འབྱུང་ཡུལ་བྲག་མགོ》 《སི་ཁྲོན་རྡོ་རྩིག་བོད་ཁང་རིག་གནས་ཀྱི་འབྱུང་ཡུལ་འདབ་པ》བཅས་ཡོད་པ་རེད། དཔེ་ཚོགས་རྩོམ་སྒྲིག་དཔེ་སྐྲུན་བྱས་པ་དེས་རང་ཁུལ་ས་གནས་ཀྱི་སྙན་གྲགས་ཇེ་ཆེར་དང་ས་གནས་ཀྱི་ཁྱད་ཆོས་རིག་གནས་སྤུས་རྟགས་གཏོད་པ། དམངས་ཁྲོད་རིག་རྩལ་གྱི་ཉིང་བཅུད་རྒྱུན་འཛིན་བྱེད་པ། ས་གནས་ཀྱི་རིག་གནས་ཐོན་ལས་འཛུགས་སྤེལ་ལ་སྐུལ་འདེད་གཏོང་བ། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

《ཀྲུང་གོའི་བོད་ཁང་དཀར་པོའི་རིག་གནས་ཀྱི་འབྱུང་ཡུལ་ཕྱག་ཕྲེང》ཞེས་པའི་ནང་ཕྱག་ཕྲེང་རྫོང་གི་བོད་ཁང་གི་བཀྲག་མདངས་འཚེར་བའི་རིག་གནས་དང་རང་བྱུང་མཛེས་ལྗོངས་བཅས་ཕྱོགས་ཡོངས་ནས་ངོ་སྤྲོད་དང་ཕྱག་ཕྲེང་རྫོང་གིས་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་དེ་གཞི་འཛིན་ས་དང་ཕུགས་ལམ་དུ་མངོན་པར་བྱས། ཞིང་སྡེའི་བོད་ཁང་དཀར་པོ་དག་ཞིང་ཤམ་བྷ་ལ་ཞེས་པའི་རིག་གནས་སྤུས་རྟགས་བཏོད་དེ་དཀར་གཏོང་གུས་ལུགས་སོགས་དམངས་སྲོལ་བྱེད་སྒོ་རབ་དང་རིམ་པས་སྣེ་ཁྲིད་དེ་ཡུལ་སྡེ་དར་རྒྱས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ཡོད།

《སི་ཁྲོན་པང་ཁང་རིག་གནས་ཀྱི་འབྱུང་ཡུལ་བྲག་མགོ》ཞེས་པའི་ནང་ཤེ་ཆུའི་ལོ་རྒྱུས་རིག་གནས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཐོན་ཁུངས་དང་འབྲེལ་ནས་བྲག་མགོའི་པང་ཁང་འཛུགས་སྐྲུན་སྐོར་བཀོད་ཡོད། པང་ཁང་འཛུགས་སྐྲུན་ནི་བྲག་མགོ་རྫོང་གི་ཁྱད་ཆོས་ལྡན་པའི་གྲོང་མིའི་སྡོད་ཁང་ཞིག་ཡིན། དེ་ནི་མཐོ་སྒང་དུ་འཚོ་སྡོད་བྱེད་མཁན་གྱི་མི་རྣམས་ཀྱིས་ཡུལ་བབ་དང་བསྟུན་ནས་གདམ་ག་བྱས་པ་ཞིག་ཡིན་པར་མ་ཟད། གྲུབ་ཆ་ཚན་རིག་དང་མཐུན་ལ་ཉེན་མེད་དང་ཡོམ་འགོག་ཐུབ་པ། ནུས་པ་ལུགས་དང་མཐུན་ཅིང་སྐྱིད་པོ་ཡིན་པ། རྣམ་པ་བརྟན་བརླིང་བཅས་ཀྱི་ཁྱད་ཆོས་ལྡན་པར་མ་ཟད། མི་རིགས་ཀྱི་ཁྱད་ཆོས་དང་སྣ་མང་རིག་གནས་མཉམ་འདྲེས་ཀྱི་ཉིང་བཅུད་འདུས་ཡོད། ས་གནས་དེ་གའི་ལོ་རྒྱུས་དང་དམངས་སྲོལ་རིག་གནས་ཀྱི་གཞི་རྟེན་གལ་ཆེན་དང་འགྲེམས་སྟོན་སྟེགས་བུ་ཡིན་པ་རེད།

《སི་ཁྲོན་རྡོ་རྩིག་བོད་ཁང་རིག་གནས་ཀྱི་འབྱུང་ཡུལ་འདབ་པ》ཞེས་པ་ལས་འདབ་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་མངོན་ཡོད། འདབ་པ་གྲོང་དུ་རྡོ་རྩིག་བོད་ཁང་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡིན་ཞིང་། ཁང་བ་འདི་དག་ནི་ཡངས་ཤིང་རྒྱ་ཆེ་བའི་ཡུག་སྦྲེལ་ཞིང་ཁ་དང་མཛེས་ཉམས་ཀྱིས་ཕྱུག་པའི་རི་ཁུག་ཏུ་ཆགས་ཡོད་ལ། དེའི་གྲུབ་ཆ་དང་བཀོད་པ་རི་བབ་འགྱུར་ལྡོག་གི་གོ་རིམ་དང་བསྟུན་ཡོད་པས་བོད་མི་རིགས་ཀྱི་ཁྱད་ཆོས་དང་རྣམ་པ་ལྷག་ཏུ་མངོན་པ་དང་འདབ་པ་བོད་རིགས་གཞོན་ནུ་རྣམས་ཀྱིས་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་བཅོལ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། དམངས་ཁྲོད་རིག་རྩལ་འབྱུང་ཡུལ་ནི་ཡུལ་སྡེ་དར་རྒྱས་གཏོང་བའི་ཁྲོད་ཀྱི་རིག་གནས་ཐོན་ཁུངས་གཏིང་ཟབ་པ་ཞིག་ཡིན། ཡུལ་སྡེ་དར་རྒྱས་གཏོང་བ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཁྲོད་དམངས་ཁྲོད་རིག་རྩལ་འབྱུང་ཡུལ་གྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད། ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཁུལ་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་ཀྱིས་ཡུན་རིང་འབད་བརྩོན་ལྷོད་མེད་བྱས་པར་བརྒྱུད་ཞིང་ཆེན་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་ཀྱིས་རང་ཁུལ་གྱི་ཁྱད་ཆོས་དམངས་ཁྲོད་རིག་རྩལ་འབྱུང་ཡུལ་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་འཐོབ་པར་བརྩོན་ལེན་ཧུར་ཐག་བྱས་ནས་ཆེད་མངགས་བརྟག་ཞིབ་དང་ཞིབ་དཔྱད་ཚོ་ཆུང་བཙུགས་ནས་རང་ཁུལ་ས་གནས་ས་ཐོག་ཏུ་རྟོག་ཞིབ་དང་ཞིབ་དཔྱད་བྱས་ཡོད། བྲག་མགོ་རྫོང་ལ་སི་ཁྲོན་པང་ཁང་རིག་གནས་ཀྱི་འབྱུང་ཡུལ་དང་འདབ་པ་རྫོང་ལ་སི་ཁྲོན་རྡོ་རྩིག་བོད་ཁང་རིག་གནས་ཀྱི་འབྱུང་ཡུལ་ཞེས་པའི་མིང་བཏགས་གནང་བས་ཕྱིན་ཆད་རྒྱལ་ཁབ་རིམ་པའི་རིག་རྩལ་འབྱུང་ཡུལ་བརྩོན་ལེན་བྱེད་པར་རྨང་གཞི་བརྟན་པོ་བཏིང་བ་རེད།།

  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་རིག་གནས་ཤུལ་བཞག་མཆོག་ནོར་གྱི་འོད་སྣང་རབ་ཏུ་འཚེར།
  • ལེ་ཚན་རྗེས་མ།:རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གལ་ཆེན་མགྱོགས་མྱུར་བསྐྲུན་ནས་འབྱུང་འཕྲོད་ཐཱན་ཉུང་འཕེལ་རྒྱས་ལ་བསྐུལ་དགོས།
  • དོ་སྣང་ཆེ་བའི་རྩོམ།