རང་ཁུལ་གྱི་སྤྱི་ཟླ་བ་དང་པོ་ནས་ལྔ་པའི་བར་སྤྱི་ཚོགས་ཡོངས་ཀྱི་མ་འཇོག་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས།

བདེ་སྐྱིད་ཀྱིས་བསྒྱུར།        2023-06-28

གསར་འགོད་པས་དཀར་མཛེས་ཁུལ་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ་བ་དང་པོ་ནས་ལྔ་པའི་བར་དཀར་མཛེས་ཁུལ་གྱི་སྤྱི་ཚོགས་ཡོངས་ཀྱི་མ་འཇོག་འཕར་ཚད་ན་ལོའི་དུས་མཚུངས་ལས་བརྒྱ་ཆ21འཕར་ནས་ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་གྲངས17.8ལས་མཐོ་ཡོད་པས། ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་ཞིང་ཆེན་ཡོངས་སུ་གྲངས་གནས་གཉིས་འཕར་བའི་གྲོང་ཁྱེར་དང་ཁུལ་གཅིག་པུ་ཡིན་པ་རེད།

ཐོན་ལས་མ་འཇོག་གི་ངོས་ནས་བལྟས་ན། ཐོན་ལས་དང་པོར་མ་འཇོག་བྱེད་ཚད་ན་ལོའི་དུས་མཚུངས་ལས་བརྒྱ་ཆ10.5འཕར་བ་དང་། ཐོན་ལས་གཉིས་པར་མ་འཇོག་བྱེད་ཚད་ན་ལོའི་དུས་མཚུངས་ལས་བརྒྱ་ཆ55.3འཕར་བ། ཐོན་ལས་གསུམ་པར་མ་འཇོག་བྱེད་ཚད་ན་ལོའི་དུས་མཚུངས་ལས་བརྒྱ་ཆ1.1འཕར་ཡོད།

གསར་དུ་ལས་འགོ་བཙུགས་པའི་ལས་གཞི་ནས་བལྟས་ན། གསར་དུ་ལས་འགོ་ཚུགས་པའི་ལས་གཞི256ཡོད་པ་ན་ལོའི་དུས་མཚུངས་ལས41མང་དུ་ཕྱིན་པ་དང་། ལས་གཞིར་ཁྱོན་མ་དངུལ་སྒོར་དུང་ཕྱུར496.34གཏོང་རྩིས་ཡོད་པ་དེ་ན་ལོའི་དུས་མཚུངས་ལས་བརྒྱ་ཆ654.9འཕར་ཡོད། མ་འཇོག་ན་ལོའི་དུས་མཚུངས་ལས་བརྒྱ་ཆ107.1འཕར་བ་དང་། གསར་དུ་ལས་འགོ་བཙུགས་པའི་ལས་གཞིའི་ཁྲོད་སྒོར་དུང་ཕྱུར་ཡན་གྱི་ལས་གཞི20ཡོད་པ་དེ་ན་ལོའི་དུས་མཚུངས་ལས13མང་དུ་ཕྱིན་ཡོད། མ་འཇོག་དུས་མཚུངས་ལས་བརྒྱ་ཆ466.4འཕར་བ་རེད།། 


  • ལེ་ཚན་སྔོན་མ།:སུང་ཚའོ་ཧྭ་ཡིས་ཚོ་ཆུང་ཁྲིད་དེ་རང་ཁུལ་དུ་བརྟག་ཞིབ་གནང་།
  • ལེ་ཚན་རྗེས་མ།:ནུས་རྒྱུ་གཙང་མའི་ལེགས་ཆ་བཏོན་ནས་རང་བྱུང་དང་འཆམ་མཐུན་མཉམ་གནས་ཡོང་བར་བརྩོན་དགོས།
  • དོ་སྣང་ཆེ་བའི་རྩོམ།