ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་གསུམ་པས་རྒྱུན་ལས་ཚོགས་འདུ་ཐེངས30པ་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2023-06-21

སྤྱི་ཟླ6པའི་ཚེས15ཉིན་ལ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་གཙོ་སྐྱོང་གནང་ནས་ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་གསུམ་པའི་རྒྱུན་ལས་ཚོགས་འདུ་ཐེངས30པ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུས་སྐབས་ཉི་ཤུ་པའི་ཐུན་མོང་སློབ་སྦྱོང་ཐེངས་བཞི་པ་དང་ཐེངས་ལྔ་པ། རིག་གནས་བརྒྱུད་འཛིན་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་དང་། ནང་སོག་ཏུ་གཟིགས་ཞིབ་དུ་ཕེབས་ནས་མྱ་ངམ་ཐང་དུ་འགྱུར་བ་ཕྱོགས་བསྡུས་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་བྱང་གསུམ་སོགས་གཙོ་གནད་སྐྱེ་ཁམས་ལས་གྲྭའི་འཛུགས་སྐྲུན་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བའི་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། 《དཀར་མཛེས་ཁུལ་གྱི་ནུས་རྒྱུ་གཙང་མ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ཁྱོན་ཡོངས་ནས་སྐུལ་བའི་སྐོར་གྱི་བསམ་འཆར》དང《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཡར་རབས་བྱ་སྤྱོད་ལ་བསྐུལ་རྒྱུའི་སྐོར་གྱི་སྲོལ་ཡིག(འཆར་ཟིན)》སོགས་ལ་གྲོས་ཞིབ་བྱས། ཁུལ་ཡོངས་ཀྱི་ཉེན་མེད་ཐོན་སྐྱེད་དང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན། འབྲུ་རིགས་ཉེན་མེད་ཀྱི་ཏང་སྲིད་འགན་འཁྲི་མཉམ་འཁུར་ལས་དོན་གྱི་སྙན་ཞུར་ཉན་འཇོག་དང་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།།

  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་གིས་ཉེན་མེད་ཐོན་སྐྱེད་སྐོར་གྱི་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:གསེར་རྟ་རྫོང་གིས་ཝུན་ཅང་གི་རོགས་སྐྲུན་ལས་གཞི་སྐྲུན་ཤུགས་ཆེ་རུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།