དྲན་པ་ལུས་པའི་ནམ་མཁའ།

པདྨ་བཟང་པོ།        2023-06-19

ས་གཞིའི་ལྗིད་ཚད་ཀྱིས་མར་མནན་པ་འདྲ་བའི་དྲན་གདུང་གི་ནམ་མཁའ་སྟོང་པ་འདི་འདོར་ཐབས་བྲལ།

ཁྱོད་ཀྱི་མིང་ཡིག་གསལ་བའི་རྒྱུ་སྐར་དག།

ང་ཡི་དྲན་པ་ཉེར་བཞག་གི་མཚོ་ཀློང་དུ་ཡང་ཡང་ལྕེབས།

སེམས་བསྐྱེད་ལྟ་བུའི་སེམས་ཁྲལ་དེས།

ཁྱོད་ལ་བརྗོད་འོས་པའི་གཏམ་རྒྱུད་དག་བརྗེད་པར་གྱུར།

ཁྲོམ་སྲང་གི་མི་རྣམས་རང་རང་གི་སེམས་དོན་ལ་ཡེངས་ནས།

འགྲོ་སའི་ལམ་དེ་ནོངས་པར་གྱུར་ན་ཡང་།

རང་ཁྱིམ་གྱི་ལྡོག་ལམ་མ་ཤོར་བ་ཇི་བཞིན།

བདག་གི་རྨི་ལམ་ལས་ཁྱོད་ཉིད་རྒྱང་རིང་དུ་ཕྱིན་ན་ཡང་།

མངོན་སུམ་གྱི་མིག་ཟུང་ལས་ཡལ་བར་མ་གྱུར།

འགྲོས་དལ་བའི་ཉིན་ཞག་རེ་རེ།

རླུང་དང་བསྡེབས་ནས་ག་ལེར་བཞུད་སོང་།

སྒྲ་དང་གཟུགས་ཀྱི་མཛེས་པ།

ལག་པས་བསྙབས་ནས་འཐམ་ས་ཞིག་མི་འདུག།

ཞི་བའི་དབྱིངས་སུ་ཐིམ་པ་བཞིན་སྐད་ཅིག་གིས་འཇིག་འགྲོ་ངེས།

སྐྱེ་བ་སྔོན་མའི་ལས་ཉོན་དག་གཅིག་ཏུ་བསྡུས་ཡོང་ནས།

ངས་ཁྱོད་ལ་མིག་ཟུང་ནག་པོ་ཞིག་བྲིས།

དེ་ཉིད་བཙུམས་རྗེས།

མི་ཚོགས་ཀྱི་དྲན་གདུང་འཁུར་བའི་ནམ་མཁའ་སྟོང་པར་ལུས་འདུག།


  • ལེ་ཚན་སྔོན་མ།:སྡོད་མི་ཚུགས་པའི་དུས་སུ།
  • ལེ་ཚན་རྗེས་མ།:དར་རྩེ་མདོའི་མཛའ་གཞས།