མཚོ་སྔོན་པོ།

དུ་སྤྲིན།        2023-06-14

ངག་རྒྱུན་ལྟར་ན།

ཁྱོད་ཀྱིས་མི་ཤ་བཟས་ཤིང་མི་

ཁྲག་བཏུང་མྱོང་ཟེར།

དབུགས་ཐེངས་གཅིག་གིས་མི་ཚོགས་

མང་པོ་ཁོག་ཏུ་མིད་མྱོང་ཟེར།

དེ་ལྟ་དེ་ལྟར་དབང་གིས།

ཁྱོད་ལ་དཔའ་བོའི་མིང་སྟེ་ཁྲི་ཤོར་

རྒྱལ་མོར་འབོད།

ང་རང་ཁྱོད་ཀྱི་མཛེས་སྡུག་ལ་

ཡིད་སྨོན་མི་འཆོར།

ང་རང་ཁྱོད་ཀྱི་མཐའ་སྐོར་དུ་གཞིས་

ཆགས་པའི་བྱ་ཁྱུ་ལ་ཡིད་སྨོན་

མི་འཆོར།

ང་རང་ཁྱོད་ཀྱི་སྙིང་གི་ཟབ་སར་

གནས་པའི་གསེར་ཉ་ལ་ཡིད་སྨོན་

མི་འཆོར།

དེ་དག་ནི་སྒོར་མོ་ཙམ་གྱིས་ཉོ་ཆོག་

པའི་དངོས་པོ་རེ་འགའ་བ་ཞིག་རེད།

ང་རང་ཁྱོད་ཀྱི་སྙིང་སྟོབས་ལ་ཧ་

ལས་ཡོད།

སྙིང་སྟོབས་ཀྱིས་བཏེགས་པའི་ཁྲི་

ཤོར་རྒྱལ་མོ་ལ་ཧ་ལས་ཡོད།

དུས་ད་ལྟའང་ཁྱོད་རང་དཔའ་བོའི་

ང་རྒྱལ་གྱིས་ལྟེམ་མེར་འཁྱིལ་འདུག།

ང་ཁྱོད་ཀྱི་པང་དུ་ཐེངས་གཅིག་

ལས་ལོག་མ་མྱོང་།

ང་ཁྱོད་དང་ཕྲད་པའང་ཐེངས་

གཅིག་ལས་མེད།

ང་ཁྱོད་དང་ཐུག་འཕྲད་ཀྱི་དུས་ཡུན་

ཐུང་དྲགས་པས།

ངས་ཁྱོད་ལ་ཞེ་ཐག་པ་ནས་བདེ་

མོ་ཡང་ཡང་ཞུ་རྒྱུ་མ་བྱུང་།

མ་འོངས་པར་ང་ཁྱོད་ཀྱི་པང་དུ་ཡང་

བསྐྱར་ཐེངས་ཤིག་ལོག་འདོད།

ཁྱོད་ཀྱི་ལྟེ་བ་རུ་ཆགས་པའི་མཚེར་བ་

རི་དང་ཐེངས་ཤིག་མཇལ་འདོད།

ཁྱོད་ཀྱི་དྲན་གསོའི་གཞིས་ཀ་

དང་ཐག་ཉེ་ཐག་ཉེ་ཞིག་ཏུ།

སྤྲིན་དཀར་གྱི་བང་རིམ་འཐིབས་

འདྲའི་མི་ཚོགས་ཀྱི་གླིང་ག་ཡོད།

མི་ཚོགས་ཀྱི་གླིང་ག་དེ་ནས་མཐོང་

ཐུབ་པ་ནི་མཚོ་སྔོན་པོ་ཁོ་ན་རེད།

གལ་སྲིད་ང་ཁྱོད་ཀྱི་མཚོ་ཁ་རུ་ཐེངས་

ཤིག་ལོག་ཐུབ་ཚེ།

ངས་ཁྱོད་ཀྱི་དྲན་གསོའི་གཞིས་ཀ་དེ་

ནས་ཁྲི་ཤོར་རྒྱལ་མོ་མཐོང་བར་

ཧུར་ཐག་བྱ།



  • ལེ་ཚན་སྔོན་མ།:དེང་གི་གྲོགས་པོའི་ངོ་གདོང་།
  • ལེ་ཚན་རྗེས་མ།:བུ་མོ་ཞིག་ལ་བསྔགས་པ།