གསར་གཏོད་ཀྱི་བློ་རྒྱ་འབྱེད།། ལས་གཏོད་ཀྱི་ཕུགས་འདུན་གཉེར།།

རྟ་མགྲིན་རྡོ་རྗེས་བསྒྱུར།        2023-06-14

རང་ཁུལ་གྱི་ལས་གཏོད་འདུ་ཚོགས་དང་ལས་གཏོད་སྐོར་ཞིབ་ཀྱི་གཉིས་གཏོད་བྱེད་སྒོ་རབ་རིམ་བརྒྱད་ཟིལ་རྫོང་དུ་སྤེལ།

གསར་གཏོད་ཀྱི་བློ་རྒྱ་འབྱེད།། ལས་གཏོད་ཀྱི་ཕུགས་འདུན་གཉེར།།
བྱེད་སྒོར་ཞུགས་མཁན་གྱི་འཐུས་མིས་བརྒྱད་ཟིལ་རྫོང་ཨང་ཀི་ལས་ཞུགས་ལས་གཏོད་ལྟེ་གནས་སུ་ལྟ་སྦྱོང་བྱེད་བཞིན་པའི་ཚུལ།

སྤྱི་ཚེས6ནས7ཉིན་གྱི་བར། རང་ཁུལ་གྱི2023ལོའི་གསར་གཏོད་ལས་གཏོད་ཀྱི་གར་སྟེགས་ཆེན་མོ་ལས་ཁྱེད་ཡོད་པས་ངོ་མཚར་ཆེ་ཞེས་པའི་ལས་གཏོད་འདུ་ཚོགས་དང་ལས་གཏོད་སྐོར་ཞིབ་ཀྱི་གཉིས་གཏོད་བྱེད་སྒོ་རབ་དང་རིམ་པ་བརྒྱད་ཟིལ་རྫོང་དུ་སྤེལ་བ་རེད།

ཐེངས་འདིའི་བྱེད་སྒོ་ནི་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་གཙོ་གཉེར་དང་བརྒྱད་ཟིལ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས། འབྲེལ་ཡོད་སྡེ་ཚན་གྱི་མགོ་ཁྲིད་དང་། ཁེ་ལས་འཐུས་མི། ལས་གཏོད་པའི་འཐུས་མི། དེ་བཞིན་ལས་གཏོད་མཁན་པོ་གྲགས་ཆེན་སོགས་ཁྱོན་མི100ལྷག་ཞུགས་ཡོད་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ་ཁེ་ལས་མཁས་ཅན་ཚོས་རང་སོ་སོའི་ཁེ་ལས་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་དང་། གསར་གཏོད་ཐོན་རྫས། ཚོང་ལས་བྱེད་སྟངས་དང་དེ་བཞིན་འཕྲད་པའི་འགྲན་སློང་དང་འབྱུང་འགྱུར་ལ་རྒྱང་ལྟ་བྱ་རྒྱུར་དམིགས་ནས་འགྲེལ་བཤད་གསོན་ཉམས་དོད་པ་བརྒྱབ་སྟེ། རྒྱ་ཆེ་བའི་ལས་གཏོད་པར་ཁེ་ལས་དོ་དམ་དང་འཕེལ་རྒྱས་ཀྱི་དགེ་མཚན་ལྡན་པའི་མིག་དཔེ་ལྟ་ས་མཁོ་འདོན་བྱས། སྒྲོག་འགྲེམ་གྱི་སྐབས་སུ་ལས་གཏོད་མཁན་པོ་གྲགས་ཆེན་གཉིས་ཀྱིས་སྒྲོག་འགྲེམ་ཁེ་ལས་ལ་ཆེད་ལས་ཀྱི་དཔྱད་གཏམ་དང་སོ་སོའི་ཁྱད་ཆོས་ལ་དམིགས་ནས་མཛུབ་ཁྲིད་བྱས་པ་དང་ཆབས་ཅིག་ཁོ་རང་གཉིས་ཀྱི་ལས་གཏོད་ལམ་བུའི་ལྟ་སྟངས་དང་། ཉམས་མྱོང་།མྱོང་ཚོར་ལས་གཏོད་བྱེད་མཁན་ཚོར་བཤད་པ་རེད།

བྱེད་སྒོ་སྤེལ་རིང་ཚོགས་ཞུགས་མི་སྣས་སྔ་རྗེས་སུ་ད་དུང་དཀར་ཆུས་གྲོང་རྡལ་ཧ་ཁྱུང་གྲོང་སྡེའི་རྩྭ་པད་མའི་རྟེན་གཞི་དང་། བརྒྱད་ཟིལ་རྫོང་ལུང་ཡུན་སྤྱི་གཉེར་ཁང་། བརྒྱད་ཟིལ་རྫོང་ཨང་ཀི་ལས་ཞུགས་ལས་གཏོད་ལྟེ་གནས། ལུའུ་ཅ་ཝན་ཞི་ཡུན་ཞིང་གྲོང་སོགས་སུ་ཡུལ་དངོས་ལ་ལྟ་སྦྱོང་བྱས། ཡུལ་དངོས་སུ་བཅར་འདྲི་བྱས་ཏེ་ཚོགས་ཞུགས་མི་སྣས་ཁེ་ལས་ཁག་གི་ཐོན་སྐྱེད་གཉེར་སྐྱོང་དང་ཐོན་རྫས་བྲིན་ཚོང་། ལས་སྒོ་རྒྱ་སྐྱེད། ལས་གཞི་འཁོར་སྐྱོད་བྱེད་སྟངས། འབྱུང་འགྱུར་འཕེལ་རྒྱས་འཆར་འགོད་སོགས་ཐད་ཀྱི་གནས་ཚུལ་ཤེས་རྟོགས་དང་སྤེལ་རེས་གང་ལེགས་བྱས་ནས་ལས་གཞི་དང་འབྲེལ་བའི་ལས་རྣམ་དང་། གནས་ས། ཁྲོམ་ར། ལས་མི་བཀོལ་སྤྱོད་སོགས་ཀྱི་རྒྱུ་རྐྱེན་ལ་ཆེད་ལས་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས་ནས་རྫོང་ཡོངས་ཀྱི་ལས་གཏོད་པར་ལས་གཏོད་ཀྱི་དུས་བབ་ཞིབ་འཇུག་བརྡར་གཅོད་དང་ཁེ་ལས་འཕེལ་རྒྱས་འཆར་འགོད་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་འཚོལ་ཞིབ་བྱས་ཡོད་པ་རེད།

ཐེངས་འདིའི་གཉིས་གཏོད་བྱེད་སྒོ་སྤེལ་བ་དེས་བརྒྱད་ཟིལ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་ཞབས་ཞུའི་སྤུས་ཚད་ཇེ་མཐོ་དང་ལས་གཏོད་ཁོར་ཡུག་ལེགས་སུ་གཏོང་བ། ལས་སྟེགས་འཛུགས་པ་འཐུས་ཚང་དུ་གཏོང་བ་སོགས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:གསེར་རྟ་རྫོང་གིས་ཚན་རྩལ་ལ་བརྟེན་ནས་ཡུལ་སྡེ་དར་རྒྱས་གཏོང་བར་བསྐུལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།