དེ་སྔའི་ས་རྒོད་འོད་ཤུགས་གློག་གི་རྒྱ་མཚོར་གྱུར།

ལྷ་འཛོམས་ཀྱིས་བསྒྱུར་ནས་ཞུས།        2023-06-14

གོ་ལ་ཧྲིལ་པོའི་ས་བབ་མཐོ་བའི་འོད་ཤུགས་རྟེན་གཞི་ཐོག་མར་བསྐྱོད་པ།

དེ་སྔའི་ས་རྒོད་འོད་ཤུགས་གློག་གི་རྒྱ་མཚོར་གྱུར།

གནམ་སྔོན་པོ་དང་སྤྲིན་དཀར་པོའི་འོག་གི་འོད་ཤུགས་གློག་གི་རྒྱ་མཚོ།

རྒྱ་མཚོའི་ངོས་ལས་མཚོ་འཕགས་སྨི4000ལྷག་ཡོད་པའི་ཕྱག་ཕྲེང་རྫོང་སྒྲོ་མདོངས་ཡུལ་ཤོག་སྡེ་འགོ་རྩྭ་ཐང་དུ་གང་སར་ཁྱབ་པའི་འོད་ཤུགས་ཤེལ་ལེབ་གྲལ་ལྟར་རིང་པོ་བསྒྲིགས་ཡོད། ལོ་གཉིས་ལྷག་གི་སྔོན་ལ་དེ་གར་ད་དུང་ས་སྟོང་ཡིན་ཞིང་ད་ཆར་འོད་ཤུགས་གློག་གི་རྒྱ་མཚོར་གྱུར་ཡོད། འོད་ཤུགས་གློག་གཏོང་ཤེལ་ལེབ་ཀྱིས་ཉི་འོད་གློག་ནུས་སུ་བསྒྱུར་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་གསལ་བཞིན་ཡོད་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སི་ཁྲོན་དཀར་མཛེས་ཁུལ་ཁྲོན་དར་དངོས་གཉེར་འོད་ཤུགས་གློག་ཁང་ནི་རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པས་བསྐྲུན་ཅིང་ཁྱོན་མ་དངུལ་སྒོར་དུང་ཕྱུར32བཏང་བ་དང2021ལོའི་སྤྱི་ཟླ12ཚེས14ཉིན་ལ་སྐྲུན་འགོ་བཙུགས་པ་དང2022ལོའི་སྤྱི་ཟླ10པའི་ཚེས14ཉིན་ཁག་དང་པོའི་གློག་གཏོང་ཚན་པ་དྲྭ་སྦྲེལ་ནས་གློག་བཏང་བ་དང་། སྤྱི་ཟླ12པའི་ཚེས28ཉིན་གཅིག་སྡུད་གློག་ལམ་ཆ་ཚང་དྲྭ་སྦྲེལ་ནས་གློག་བཏང་ཐུབ་ཡོད། སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་སྟོང་ཝ་ཁྲི60ལ་ཟིན་ཞིང་ལོ་ལྟར་ཆུ་ཚོད་རེར་གློག་སྟོང་ཝ་དུང་ཕྱུར12.68བཏོན་ཐུབ་པའི་གློག་གཙང་མ་དེས་ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི39བསྲི་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་བྱེད་ཚད་ཏུན་ཁྲི107ཉུང་དུ་བཏང་ཐུབ། སི་ཁྲོན་ཞིང་ཆེན་གྱི་གཙོ་གནད་ལས་གཞི་དང་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་གྱི་ནུས་རྒྱུ་གཙང་མའི་གཙོ་གནད་ལས་གྲྭ་ཞིག་ཡིན་ལ། སི་ཁྲོན་ཞིང་ཆེན་གྱིས་བསྐྲུན་ནས་གློག་གཏོང་བཞིན་པའི་གློག་གཏོང་ཁྱོན་ཆེ་ཤོས་ཀྱི་འོད་ཤུགས་གློག་གཏོང་ལས་གཞི་ཡིན་པ་རེད།

དཀར་མཛེས་ཁྲོན་དར་དོན་དངོས་ཐོག་ནས་ར་སྤྲོད་ཐུབ་པའི་འོད་ཤུགས་གློག་ཁང་སྐྲུན་འགོ་ཚུགས་རྗེས་འོད་ཤུགས་གློག་གཏོང་གི་སྔོན་ཐོན་སྒྲིག་ཆས་དང་ཐོན་རྫས་ཀྱི་ནུས་པ། ལག་རྩལ་ཇུས་གཞི་སོགས་དོན་དངོས་ར་སྤྲོད་ཀྱི་དཔྱད་བསྡུར་དང་ཚོད་ལྟའི་ཞིབ་དཔྱད། འོད་ཤུགས་གློག་གཏོང་གི་ལག་རྩལ་གསར་པ་དང་རྒྱུ་ཆ་གསར་པ་ཁྱབ་གདལ་དང་བེད་སྤྱོད་བཅས་བྱས་ནས་མཚོ་བོད་མཐོ་སྒང་གི་དོན་དངོས་དང་འཚམ་པའི་འོད་ཤུགས་ལག་རྩལ་ཉེར་སྤྱོད་གྲངས་གཞི་མགྱོགས་མྱུར་གསོག་འཇོག་བྱས་ཏེ་རང་རེའི་ཞིང་ཆེན་གྱི་འོད་ཤུགས་ལས་རིགས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་རྒྱུར་སྐུལ་འདེད་གཏང་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རང་རེའི་ཞིང་ཆེན་གྱིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང“ཁུལ་གསུམ་དང་གྲོང་ཁྱེར་གཅིག”གི་འོད་ཤུགས་གློག་གཏོང་རྟེན་གཞི་བསྐྲུན་རྒྱུར་གཙོ་གནད་ཐོག་སྐུལ་འདེད་གཏང་རྒྱུ་ཡིན་པ་དང་མིག་སྔར་རང་རེའི་ཞིང་ཆེན་གྱི་ཉི་འོད་ནུས་པའི་ལག་རྩལ་གསར་སྤེལ་བྱེད་ཚད་སྟོང་ཝ་དུང་ཕྱུར1.89ཡན་ཟིན་པ་དེའི་ནང་བརྒྱ་ཆ80ལྷག་ཙམ་ས་བབ་ཧ་ཅང་མཐོ་བའི་ས་ཁོངས་སུ་གནས་ཡོད། ལས་གཞི་ཐོན་སྐྱེད་བྱེད་འགོ་ཚུགས་པ་དེ་ཐོག་ནས་རང་རེའི་ཞིང་ཆེན་གྱི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ནུས་རྒྱུ་གསར་པ་གསར་སྤེལ་བྱ་རྒྱུ་དེ་གཞི་ཁྱོན་ཅན་དང་རྟེན་གཞི་ཅན་གྱི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད།

ད་སྔར་དཀར་མཛེས་ཁྲོན་དར་འོད་ཤུགས་གློག་ཁང་གི་འཁོར་སྐྱོད་སྲུང་སྐྱོང་མི་སྣ་མང་ཆེ་བ་དཀར་མཛེས་ཁུལ་གྱི་མི་ཡིན་པ་དང་འཁོར་སྐྱོད་སྲུང་སྐྱོང་གི་སྤྱིའི་མི་འབོར་གྱི་བརྒྱ་ཆ69.4ལ་ཟིན་ཡོད། སླད་ཕྱིན་དུ་ད་དུང་ས་གནས་དེ་གར་སློབ་སྦྱོང་དང་གསོ་སྦྱོང་གི་གོ་སྐབས་དེ་བས་མང་བ་བཏོན་ནས་དཀར་མཛེས་ཁུལ་ལ་ལས་སྒོའི་ནུས་པ་ཆེ་བ་དང་ཞབས་ཞུའི་ཆུ་ཚད་མཐོ་བ། བྱང་ཚད་མཐོ་བའི་གློག་ཤུགས་ལས་རིགས་འཁོར་སྐྱོད་སྲུང་སྐྱོང་དཔུང་ཁག་ཅིག་བསྐྲུན་རྒྱུ་རེད། དེ་དང་ཆབས་ཅིག་རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ་སྤྱི་གཉེར་ཁང་གི་ཤེས་ལྡན་མི་སྣའི་སློབ་གླིང་དང་ཐོན་ལས་ནང་འདྲེན་ལ་བརྟེན་ནས་དཀར་མཛེས་ཁུལ་གྱི་འོད་ཤུགས་ནུས་རྒྱུ་གསར་པ་ཞིབ་འཇུག་གསར་སྤེལ་བྱས་ནས་ཐོན་སྐྱེད་དང་ཕྱིར་ཚོང་།དོ་དམ་བཅས་ལ་དམིགས་པའི་བྱང་ཚད་མཐོ་བའི་དཔུང་སྡེ་ཁག་གཅིག་གསོ་སྐྱོང་བྱ་རྒྱུ་རེད།

ཁུལ་འཕེལ་བསྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་སླད་ཕྱིན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ཤུགས་ཆེན་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་ཡང་དག་པ། ཁྱོན་ཡོངས་ནས་ལག་ལེན་བསྟར་ནས་ནུས་རྒྱུ་གཙང་མའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ནུས་རྒྱུ་གཙང་མ་འཕེལ་རྒྱས་གཏང་རྒྱུར་ཚན་རིག་དང་མཐུན་པའི་ཇུས་འགོད་བྱེད་པ་དང་། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གལ་ཆེན་གང་མགྱོགས་སྐྲུན་པ་དང་ནུས་ཕན་གསབ་རེས་ཀྱི་ནུས་པ་ཆེ་རུ་གཏང་རྒྱུར་བརྩོན་ནས་སི་ཁྲོན་ཞིང་ཆེན་གྱིས་རྒྱལ་ཁབ་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་སྐྲུན་རོགས་བྱས་ནས་རྒྱལ་ཁབ་ཀྱི“ཐཱན་གཉིས”དམིགས་འབེན་དུས་བཀག་ལྟར་གྲུབ་པར་དཀར་མཛེས་ཁུལ་གྱི་བྱས་རྗེས་འབུལ་དགོས་ཞེས་བཤད།

སྒྲིག་ཆས་གསར་པ་དང་ལག་རྩལ་གསར་པ།ཇུས་གཞི་གསར་པ་བཅས་ད་དུང་མུ་མཐུད་དེ་གནས་དེར་དོན་དངོས་ར་སྤྲོད་བྱེད་ཆོག་རྒྱུ་རེད།ཅེས་རྒྱལ་ཁབ་གློག་ཤུགས་མ་འཇོག་སི་ཁྲོན་དཀར་མཛེས་ཁུལ་ཁྲོན་དར་ནུས་ཁུངས་གསར་སྤེལ་ཚད་ཡོད་མ་འཇོག་སྤྱི་གཉེར་ཁང་གི་འགན་ཁུར་བ་ཝུའུ་ཆུང་གིས་དེ་ལྟར་བཤད། རྟེན་གཞིས་སྒྲིག་ཆས་བཀོད་སྒྲིག་ཡག་ཤོས་བཟོས་ནས་འོད་ཤུགས་ལས་རིགས་ཀྱི་ལག་རྩལ་ཡར་ཐོན་དང་གསར་གཏོད་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་རེད། ལག་རྩལ་མཉམ་སྡེབ་ཐད་ཀྱི་དོན་དངོས་ཐོག་ནས་ར་སྤྲོད་བྱས་པར་ཕུད། རྒྱལ་ཁབ་གློག་ཤུགས་མ་འཇོག་གིས་ད་དུང་ར་སྤྲོད་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་མུ་མཐུད་ཆེ་རུ་བཏང་སྟེ་ས་ཁུལ་དེར“ནུས་མང་གསབ་རེས”དངོས་སུ་ར་སྤྲོད་དང་།“འོད་ཤུགས་དང་སྐྱེ་ཁམས་སླར་གསོ”དོན་དངོས་ཐོག་ནས་ར་སྤྲོད་བྱས་ནས་ཡུལ་སྡེ་དར་རྒྱས་དང་སྐྱེ་ཁམས་བཅོས་སྐྱོང་།འབྱུང་འཕྲོད་འགྲིམ་འགྲུལ་སོགས་ཐོན་ལས་འདུས་འཛོམས་དོན་དངོས་ཐོག་ནས་ར་འཕྲོད་ཐུབ་པའི་ཇུས་གཞི་དོན་འཁྱོལ་ཐུབ་རྒྱུ་རེད།།

  • ལེ་ཚན་སྔོན་མ།:པཎ་ཆེན་ཨེར་ཏེ་ནིས་བཞུགས་མོལ་ཚོགས་འདུར་འདི་ལྟར་གསུངས།
  • ལེ་ཚན་རྗེས་མ།:གསེར་རྟ་རྫོང་གིས་ཚན་རྩལ་ལ་བརྟེན་ནས་ཡུལ་སྡེ་དར་རྒྱས་གཏོང་བར་བསྐུལ།
  • དོ་སྣང་ཆེ་བའི་རྩོམ།