རང་ཁུལ་གྱིས“9·5”ལ་ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ཨུ་ལྷན་གྱི་མང་ཚོགས་ལས་དོན་ཚོ་ཆུང་གི་ལས་དོན་ཚོགས་འདུ་འཚོགས།

    བདེ་སྐྱིད་ཀྱིས་བསྒྱུར།    2023-06-12

སྤྱི་ཟླ6པའི་ཚེས2ཉིན། དཀར་མཛེས་ཁུལ་གྱི“9·5”ལ་ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ཨུ་ལྷན་གྱི་མང་ཚོགས་ལས་དོན་ཚོ་ཆུང་གི་ལས་དོན་ཚོགས་འདུ་དར་མདོར་འཚོགས་ཤིང་། ཚོགས་འདུར་འབྲེལ་ཡོད་ལས་ཀའི་གནས་ཚུལ་སྙན་ཞུར་ཉན་འཇོག་དང་། ད་སྔའི་མང་ཚོགས་ལས་དོན་གྱི་དུས་བབ་དང་མངོན་གསལ་དོད་པའི་འགལ་བ་དང་གནད་དོན་ལ་དབྱེ་ཞིབ། གནོད་རྗེས་སླར་གསོ་བསྐྱར་སྐྲུན་གྱི་མང་ཚོགས་ལས་དོན་བཀོད་སྒྲིག་བྱས་པ་རེད། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི། ཏང་ཚན་ཁག་གི་ཧྲུའུ་ཅི། ཁུལ་བསྐྱར་སྐྲུན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། མང་ཚོགས་ལས་དོན་ཚོ་ཆུང་གི་ཚོ་དཔོན་ལེ་ཅན་ཕིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཚོགས་འདུར་ཆབ་སྲིད་ཀྱི་གནས་ཚུགས་སྤར་ཏེ་ས་འགུལ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་མང་ཚོགས་ལས་དོན་ཡག་པོ་སྒྲུབ་པའི་དགོས་གཏུགས་ཀྱི་འདུ་ཤེས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་བཏང་ནས། མི་དམངས་གཙིགས་སུ་འཛིན་པ་དང་མང་ཚོགས་ཀྱི་ཁེ་ཕན་ལ་དོན་ཆུང་མེད་པའི་འདུ་ཤེས་བཅངས་ཏེ། དངོས་སྒྲུབ་འགན་འཁུར་ལ་བརྟེན་ནས་མང་ཚོགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། ས་འགུལ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལ་གོ་རིམ་ལྡན་པའི་ངང་བསྐུལ་བར་རམ་འདེགས་བྱ་དགོས། གནས་བབ་སྟངས་འཛིན་འཕྱུགས་མེད་བྱས་ནས་ས་འགུལ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་མང་ཚོགས་ལས་དོན་ལ་གཞོགས་འདེགས་བྱས་ཏེ་མང་ཚོགས་ལས་དོན་གྱི་དུས་བབ་ལས་འགན་དང་དེ་བཞིན་འགལ་བ་དང་ཉེན་ཁའི་མངོན་མེད་རྐྱེན་ངན་གྱི་འགྱུར་ལྡོག་ལ་གཞིགས་ནས“མང་ཚོགས་ལས་དོན་ཚོ་ཆུང་གིས་སྤྱི་འདོམས་བྱས་ཤིང་། རྫོང་དང་གྲོང་ཁྱེར་བྱེད་པོར་འཛིན་པ། ཡུལ་སྡེས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི”ལས་ཀའི་ལམ་སྲོལ་རྒྱུན་འཁྱོངས་ཏེ་གཞོགས་འདེགས་ཀྱིས་ལེགས་ཆ་གསབ་རེས་བྱས་ཏེ། ཁུལ་ཨུ་དང་ཁུལ་བསྐྱར་སྐྲུན་ཨུ་ལྷན་གྱི་ཐབས་ཇུས་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་ཞིབ་ཚགས་ཡོང་བར་འགན་ལེན་བྱ་དགོས། དོན་དངོས་དང་མཐུན་པའི་སྒོ་ནས་དུས་བབ་གསལ་རྟོགས་བྱས་ཏེ་ས་འགུལ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་འགལ་ཟླའི་གནད་དོན་དང་ཉེན་ཁའི་མངོན་རྐྱེན་ངན་རིགས་དབྱེ་ཐག་གཅོད་པ་དང་། ཁྲིམས་ལྟར་དོ་དམ་ལ་ཤུགས་རྒྱག་པ། དྲང་གཞག་དྲང་བདེན་སྲུང་བ། མང་ཚོགས་ཀྱིས་བཏོན་པའི་གནད་དོན་མངོན་གསལ་སྔར་བས་གསེད་བཀྲོལ་ཞིབ་ཕྲ་བྱས་ནས་མང་ཚོགས་དང་འབྲེལ་བ་ཡོད་པའི་གནད་དོན་ལ་ཏང་ཨུ་དང་སྲིད་གཞུང་གིས་ཆེད་དོན་ཞིབ་འཇུག་དང་ཁྱོན་ཡོངས་ནས་བསམ་གཞིག་བྱས་ཏེ་གནད་དོན་ཁག་གཅིག་ཐག་གཅོད་པར་དོན་དངོས་ཀྱི་བདེན་རྩར་གཞི་འཛིན་དགོས་ཞེས་བླང་བྱ་བཏོན་པ་རེད།།

  • ལེ་ཚན་སྔོན་མ།:པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་རང་ཁུལ་དུ་གཟིགས་ཞིབ་ལ་ཕེབས།
  • ལེ་ཚན་རྗེས་མ།:དོན་དངོས་སྔོན་སྒྲུབ་ཀྱིས་སྐུལ་ཁྲིད་ནུས་པ་ཧུར་ཐག་བཏོན་ཏེ་ཁམས་བྱང་ས་ཁོངས་ཀྱི་ལྟེ་ཟུར་ཁྱོན་ཡོངས་ནས་བསྐྲུན་དགོས།
  • དོ་སྣང་ཆེ་བའི་རྩོམ།