སེམས་ཤུགས་བསྒྲིལ་ནས་འབད་འབུངས་ཡར་བརྩོན་བྱས།། ཕུགས་འདུན་གཉེར་ནས་ལེའུ་གསར་པ་བརྩམས།།

ལྷ་འཛོམས་ཀྱིས་བསྒྱུར་ནས་ཞུས།        2023-06-07

རང་ཁུལ་གྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་དམ་པོར་བཅང་བ་དང་མི་རིགས་མཐུན་སྒྲིལ་སྐོར་གྱི་སྒྲོག་འགྲེལ་ཆེན་མོ་སྤེལ།

སྒྲོག་འགྲེལ་བྱེད་སྒོ་སྤེལ་ཚུན། ང་ཚོས་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་སྔ་རྗེས་སུ་ཏང་ཚན་ཁག་གི་ཚོགས་འདུ་དང་། ཀྲུའུ་ཞིའི་ཚོགས་འདུ། བཀོད་སྒྲིག་ཚོགས་འདུ་བཅས་ཞིབ་འཇུག་དང་སྐུལ་སློང་བྱས་ནས་སྤྱི་ཡོངས་ཀྱི་བཀོད་སྒྲིག་དང་། དུས་ཚོད། མི་སྣ་བཅས་ལས་བགོས་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་གནད་དོན་ཆེན་པོ་མི་ལྷག་པ་དང་ཆུང་ངུ་མི་ཤོར་བ་བྱས་ནས་དོན་དངོས་བསྒྲུབ་རྒྱུ་དེ་སྒྲོག་འགྲེལ་བྱེད་སྒོ་ཧྲིལ་པོར་ཁྱབ་པ་བྱས་ནས་བྱེད་སྒོར་འཆར་གཞི་དང་ཁ་ཕྱོགས། དམིགས་ཡུལ། གཙོ་གནད་།འགན་འཁྲི་བཅས་ཡོད་པའི་འགན་ལེན་བྱས་ནས་ལས་ཀ་བཀོད་སྒྲིག་དངོས་སྒྲུབ་དང་གསོ་སྦྱོང་ཁྲིད་སྟོན་དངོས་སྒྲུབ། སྣེ་ཁྲིད་སྒྲོག་འགྲེལ་དངོས་སྒྲུབ། ཞབས་ཞུ་འབྲེལ་མཐུད་དངོས་སྒྲུབ་བཅས་བྱས་ཡོད་ཅེས་པ་ནི་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་ཡིན་པའི་རོང་བྲག་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་དབྱང་ཕུན་ཚོགས་ཀྱིས་དགེ་བཤེས་རྩ་གྲོང་རྡལ་དུ་སྒྲོག་འགྲེལ་བྱེད་སྐབས་སྨྱུག་འཛིན་པར་ངོ་སྤྲོད་བྱས་པའི་སྐད་ཆ་རེད།

ས་བབ་མཐོ་ཚད་སྨི4200ལ་ཟིན་པའི་དཀར་མཛེས་རྫོང་གི་ཟླ་ཐང་མ་རྩྭ་ཐང་གི་དབྱར་རྩྭ་དགུན་འབུའི་རྐོ་ཡུལ་དུ་ཁུལ་རིམ་པའི་སྒྲོག་འགྲེལ་པ་འགྱུར་མེད་དབང་མོས་ད་ཐེངས་ཀྱི་སྒྲོག་འགྲེལ་ནི་མི་རིགས་མཐུན་སྒྲིལ་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་ཐེངས་གཅིག་ཡིན་ལ་གསོ་སྦྱོང་བྱེད་ཐེངས་གཅིག་ཀྱང་ཡིན། ང་ཚོས་སྒྲོག་འགྲེལ་གྱི་གོ་སྐབས་དང་བསྟུན་ནས་མི་རིགས་མཐུན་སྒྲིལ་གྱི་ས་བོན་མང་ཚོགས་ཀྱི་སེམས་སུ་བཏབ་པ་དང་། གཞི་རིམ་གྱི་ལས་གནས་དང་པོའི་ཏང་གི་རིགས་པའི་གཞུང་ལུགས་འཆད་མཁན་ཡག་པོ་ཞིག་བྱས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ་གོང་འོག་མཐུན་སྒྲིལ་བྱས་ནས་རྡོག་རྩ་གཅིག་སྒྲིལ་གྱིས་མི་རིགས་མཐུན་སྒྲིལ་གྱི་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་བཏང་ནས་མི་རིགས་ཁག་མཐུན་སྒྲིལ་ཡར་ཐོན་གྱི་ཐུན་མོང་གི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱ་དགོས་ཞེས་བཤད་པ་རེད།

ཉིན་ཤས་བསྟུད་མར་ཁུལ་དང་རྫོང(གྲོང་ཁྱེར)གི་སྲིད་གྲོས་དང་དེ་བཞིན་སྲིད་གྲོས་ཨུ་ཡོན་གྱིས་བྱ་སྤྱོད་མགྱོགས་མྱུར་སྤེལ་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་དམ་པོར་བཅངས། མི་རིགས་མཐུན་སྒྲིལ་སྒྲོག་འགྲེལ་དྲིལ་བསྒྲགས་རླངས་འཁོར་ཆེན་པོ་ཞེས་པའི་གཙོ་དོན་སྒྲོག་འགྲེལ་དེ་ལས་ཁུངས་དང་། ཁེ་ལས། དཔུང་སྡེ། སློབ་གྲྭ དགོན་སྡེ། སྤྱི་ཁུལ། ཡུལ་སྡེ། འབྲོག་ར་བཅས་སུ་སྤེལ་རྒྱུར་སྐུལ་མ་བཏང་སྟེ་སྒྲོག་འགྲེལ་བྱེད་སྒོ་ཤུགས་ཆེན་དང་ཏན་ཏིག་ངང་བསྐུལ་ནས་ཁུལ་ཡོངས་ཀྱི་མི་རིགས་ལས་དོན་འཕེལ་རྒྱས་སྤུས་ཚད་མཐོན་པར་འགྲོ་རྒྱུར་རམ་འདེགས་བྱས་པ་རེད།

སེར་ཤུལ་རྫོང་མི་དམངས་སྨན་ཁང་གི་ལས་བྱེད་ལས་བཟོ་ཚོས་ད་ཐེངས་སྲིད་གྲོས་ཨུ་ཡོན་གྱི་སྒྲོག་འགྲེལ་ལ་ཉན་རྗེས་ཚང་མས་གཅིག་རྗེས་གཉིས་མཐུད་དེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་དམ་པོར་བཅངས་པའི་སྲོག་ཤིང་བསམ་བློར་གོ་བ་གཏིང་ཟབ་ལོན་པ་དང་ཆབས་ཅིག་གདེང་ཚོད་དང་སྤོབས་སེམས། གོང་བུ་འགྲིལ་ཤུགས་བཅས་ཆེ་རུ་སོང་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་བའི་ཆེད་འབད་འཐབ་ཧུར་ཐག་བྱེད་པའི་དད་སེམས་དེ་བས་བརྟན་དུ་ཕྱིན་ཡོད། སླད་ཕྱིན་དུ་ལས་དོན་སྒྲུབ་སྐབས་གོང་རིམ་གྱི་འབྲེལ་ཡོད་བླང་བྱ་ལྟར་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་བསྐྲུན་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་མི་སེམས་གཏིང་ལ་ཟུག་པ་བྱེད་པ་དང་ཆབས་ཅིག་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྨན་བཅོས་འཐབ་ཕྱོགས་སུ་རང་ཉིད་ཀྱི་ནུས་པ་ཕྲན་བུ་བཏོན་ནས་རྒྱ་ཆེ་བའི་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད།

ད་ཐེངས་ཀྱི་སྒྲོག་འགྲེལ་བྱེད་སྒོར་ཁུལ་དང་རྫོང(གྲོང་ཁྱེར)གི་སྲིད་གྲོས་ལས་ཁུངས་དང་སྲིད་གྲོས་ཨུ་ཡོན་ཚོ་ཧུར་ཐག་གིས་ཞུགས་ནས་ཁུལ(གྲོང་ཁྱེར)གི་ལས་ཁུངས་དང་དཔུང་སྡེ། ཁེ་ལས་དང་བྱ་གཞག་ཚན་པ། སྨན་ཁང་། སློབ་གྲྭ དགོན་སྡེ་བཅས་སུ་སྒྲོག་འགྲེལ་བྱས་པས་ས་ཆ་གང་དུ་སླེབས་ཀྱང་ལས་བྱེད་པ་དང་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།

ཐེངས་འདིའི་སྒྲོག་འགྲེལ་བྱེད་སྒོ་དེ་སྤྱི་ཟླ7པའི་ཟླ་དཀྱིལ་བར་དུ་མུ་མཐུད་སྤེལ་རྒྱུ་ཡིན་པ་རེད།།



  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་གིས་གྲོང་རྡལ་ཅན་གསར་པའི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་གཞིས་ཆགས་དང་བྱ་གཞག་ལ་འཚམ་པའི་ཁྱིམ་གཞིས་མཛེས་སྡུག་ལྡན་པ་བསྐྲུན།
  • ལེ་ཚན་རྗེས་མ།:དར་མདོའི་འོ་སེ་མེ་ཏོག་དུས་ཆེན་ལ།། ཕྱོགས་བཞིའི་མགྲོན་པོ་བུང་བའི་ཚོགས་བཞིན་འཁོར།།
  • དོ་སྣང་ཆེ་བའི་རྩོམ།