ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་རྣམ་གཉིས་ཀྱིས་ཉིང་ཏེ་དུས་རབས་རྐང་དཔོན་གཞོན་པ་ལི་ཕིང་དང་བཞུགས་མོལ་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2023-05-31

ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་རྣམ་གཉིས་ཀྱིས་དར་མདོར་ཉིང་ཏེ་དུས་རབས་ཀྱི་རྐང་དཔོན་གཞོན་པ་ལི་ཕིང་དང་བཞུགས་མོལ་གནང་སྟེ་ཕྱོགས་གཉིས་པོས་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏང་རྒྱུར་དམིགས་ནས་འབྱུང་འཕྲོད་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་མཉམ་དུ་སྐུལ་འདེད་གཏང་རྒྱུའི་ཐད་ངོས་འཛིན་གཅིག་མཐུན་བྱུང་བ་རེད།

ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ལི་ཕིང་དང་བཅས་པ་ཕེབས་པར་དགའ་བསུ་ཞུས་པ་དང་ཉིང་ཏེ་དུས་རབས་ཀྱིས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཅིང་དེའི་ཁྲོད་དུ་ཧུར་ཐག་ཞུགས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཧྲེན་དབྱང་གིས་ཉེ་བའི་ལོ་ཤས་ནང་དཀར་མཛེས་ཁུལ་དང་ཉིང་ཏེ་དུས་རབས་བར་མཉམ་ལས་རོགས་ཟླའི་འབྲེལ་བ་བཟང་པོ་རྒྱུན་འཁྱོངས་པར་དངོས་སྒྲུབ་ཀྱི་གྲུབ་འབྲས་མང་པོ་ཐོབ་ཡོད། ཐཱན་སྙོམས་འགྱུར་དང་ཐཱན་ཚད་ལོན་གྱི་འཐབ་ཇུས་བཀོད་སྒྲིག་གི་མདུན་དུ་ཕྱོགས་གཉིས་པོའི་དམིགས་འབེན་གཅིག་མཐུན་དང་ལེགས་ཆ་གསབ་རེས་བྱས་ནས་ཐུན་མོང་འཕེལ་རྒྱས་ཀྱི་མདུན་ལམ་རྒྱ་ཆེན་པོ་ལྡན་ཡོད། ཉིང་ཏེ་དུས་རབས་དང་ལག་གདང་སྦྲེལ་ནས་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་སྟེ་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་ཏེ་ལིས་གློག་ཐོན་ལས་འཕེལ་རྒྱས་གཏོང་བའི་དུས་སྐབས་དམ་དུ་བཟུང་ནས་འཆར་འགོད་ཆེན་པོ་དང་སྲུང་སྐྱོང་ཆེན་པོ། མ་འཇོག་ཆེན་པོ་བཅས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་མཉམ་ལས་ཀྱི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་ཐད་ཚད་བརྒལ་གསར་པ་ཡོང་བའི་རེ་བ་ཡོད། དཀར་མཛེས་ཁུལ་གྱི་སྔར་རྒྱུན་བཞིན་ཁྱོན་ཡོངས་ལ་དམིགས་ནས་མཐུན་སྦྱོར་ཞབས་ཞུ་ཡག་པོ་བྱས་ཏེ་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་གཏོང་བ་དང་འབྱུང་འཕྲོད་ཐཱན་ཉུང་འཕེལ་རྒྱས་ལ་བསྐུལ་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྱོན་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པོ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

ལི་ཕིང་གིས་དཀར་མཛེས་ཁུལ་གྱིས་ཉིང་ཏེ་དུས་རབས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཉིང་ཏེ་དུས་རབས་དང་དཀར་མཛེས་ཁུལ་གྱི་་དེ་སྔ་མཉམ་ལས་ཀྱི་རྨང་གཞི་ཡག་པོ་ཡོད་པས་ཉིང་ཏེ་དུས་རབས་ཀྱིས་དཀར་མཛེས་ཁུལ་ལ་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་ནས་བྱ་གཞག་གཏོད་པའི་ཡིད་ཆེས་དེ་བས་བརྟན་དུ་ཕྱིན་ཡོད། སྤེལ་རེས་ལ་སྔར་བས་ཤུགས་རྒྱག་པ་དང་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་དཀར་མཛེས་ཁུལ་དང་མཉམ་དུ་ཐུན་མོང་འཕེལ་རྒྱས་དང་གཉིས་ཁེ་གཉིས་ཕན་ཡོང་རྒྱུར་སྐུལ་འདེད་གཏང་རྒྱུ་ཡིན་ཞེས་བཤད་པ་རེད།།



  • ལེ་ཚན་སྔོན་མ།: སི་ཁྲོན་དང་མཚོ་སྔོན། བོད་ལྗོངས་བཅས་འབྲེལ་ཁུལ་གྱི་རིག་གནས་དང་ཡུལ་སྐོར་ལས་འབྲེལ་བཙུགས་པའི་ཚོགས་ཆེན་སེར་ཤུལ་རྫོང་དུ་འཚོགས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་ཡུལ་མི་ཤེས་ལྡན་མི་སྣར་ཞིང་ཆེན་ཡོངས་ཀྱི་གསེར་གྱི་རྟགས་མའི་བྱ་དགའ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།