གསེར་རྟའི་གྲོང་ཚོ་ཞིག་གི་མགོ་ཁྲིད་ལ་ཞིང་ཆེན་ནས་བྱ་དགའ་ཞིག་ཐོབ།

ཨོ་རྒྱན་གྱིས་བསྒྱུར།        2023-05-25

    སི་ཁྲོན་ཞིང་ཆེན་ཁྲིམས་འཛིན་ཐིང་དང་། སི་ཁྲོན་ཞིང་ཆེན་དམངས་སྲིད་ཐིང་། སི་ཁྲོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་། སི་ཁྲོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་། སི་ཁྲོན་ཞིང་ཆེན་ཡུལ་སྡེ་དར་རྒྱས་ཅུས་བཅས་ཀྱི་མཛུབ་ཁྲིད་འོག་སི་ཁྲོན་ཉིན་རེའི་ཚགས་པར་ཁང་གིས་གཙོ་གཉེར་བྱས་པའི་སི་ཁྲོན་གྱིབཅའ་ཁྲིམས་ཤེས་མཁནབཟང་ཤོས་འཚོལ་བའི་བྱེད་སྒོའི་ནང་། ཞིང་ཆེན་ཡོངས་ཀྱིསབཅའ་ཁྲིམས་ཤེས་མཁནབཟང་ཤོས10བདམས་པར། དཀར་མཛེས་ཁུལ་གསེར་རྟ་རྫོང་མཆོག་གཙང་ཡུལ་ཤོག་ཀླུ་སྒོག་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡོར་དགའ་བདམས་ཐོན་བྱུང་བ་རེད། སྤྱི་ཟླ5པའི་ཚེས23ཉིན་བློ་མཐུན་ཡོར་དགའ་གདན་ཞུས་ལྟར་སི་ཁྲོན་ཞིང་ཆེན་གྱི་དམངས་དོན་ཁྲིམས་གཞུང་སྐབས་གསུམ་པའིབརྒྱ་གསུམབརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོར་ཞུགས་པ་རེད། 

གསེར་རྟའི་གྲོང་ཚོ་ཞིག་གི་མགོ་ཁྲིད་ལ་ཞིང་ཆེན་ནས་བྱ་དགའ་ཞིག་ཐོབ།

བྱ་དགའ་ཐོབ་པའི་ཡུལ་དངོས།

ལས་ཀའི་བྱས་རྗེས།
01
སྣེ་ཁྲིད་དེ་བཅའ་ཁྲིམས་སློབ་སྦྱོང་བྱས་ནས་ཁྲིམས་སྐྱོང་གི་འདུ་ཤེས་མཐོ་རུ་གཏོང་།
     གཞི་རིམ་གྱི“བཅའ་ཁྲིམས་ཤེས་མཁན”དང་མི་དམངས་འདུམ་འགྲིག་པ་ཞིག་ཡིན་པའི་བློ་མཐུན་ཡོར་དགའ་ཡིས་ཆེད་ལས་ཀྱི་ཤེས་བྱ་དང་རྩལ་ནུས་གསལ་པོ་ཤེས་ཀྱི་ཡོད། ཁོས་ཁུལ་དང་། རྫོང་། ཡུལ་ཤོག་བཅས་ཀྱིས་སྒྲིག་འཛུགས་བྱས་པའི་རིགས་སོ་སོའི་ཁྲིམས་སྐྱོང་གསོ་སྦྱོང་ནང་ཞུགས་ནས་ལས་ཞོར་དུས་ཚོད་བེད་སྤྱད་དེ་བཅའ་ཁྲིམས་དང་ཁྲིམས་སྲོལ་རང་སྦྱོང་དང་། ཡུལ་ཤོག་མངགས་གཏོང་ཁང་། ཁྲིམས་འཛིན་སུའོ་བཅས་ཀྱི་ལས་བྱེད་ལས་བཟོ། རྩྭ་ཐང་གི་ཐོན་ཁུངས་དང་། བུ་ལོན་གྱི་རྩོད་གཞི། གཉེན་སྒྲིག་དང་ཁྱིམ་ཚང་སོགས་ཐད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གཙོ་གནད་ཐོག་སློབ་སྦྱོང་བྱས་ནས་ལས་ཀའི་ཁྲོད་འཕྲད་པའི་གནད་དོན་ཕྱོགས་སྡོམ་དང་གསེད་བཀྲོལ་ནན་ཏན་བྱས་ཏེ་ཁྲིམས་སྐྱོང་གི་ཉམས་མྱོང་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་གིན་ཡོད།
02
ཡོངས་ཁྱབ་བཅོས་སྐྱོང་ཟུང་འབྲེལ་བྱས་ཏེ་ཕྱོགས་གཅིག་གི་བརྟན་ལྷིང་སྲུང་སྐྱོང་བྱ་དགོས། 
     གཞི་རིམ་གྱི“བཅའ་ཁྲིམས་ཤེས་མཁན”དང་མི་དམངས་འདུམ་འགྲིག་པ་ཞིག་ཡིན་པའི་ངོས་ནས་རྫོང་སྲིད་ཁྲིམས་ཨུ་ལྷན་དང་རྫོང་ཁྲིམས་འཛིན་ཅུས་ཀྱི་གནད་སྨིན་མཛུབ་ཁྲིད་འོག་ཉེ་བའི་ལོ་ཤས་རིང་འགན་འཁྲི་ནན་ཏན་འཁུར་བ་དང་དྲང་གཞག་གཞུང་དྲང་ངང་འགལ་བ་དང་རྩོད་གཞི་ཆེ་ཆུང་600ལྷག་ཙམ་འདུམ་འགྲིག་བྱས་པ་དེའི་ནང་ཁུལ་དང་རྫོང་གི་མཐའ་མཚམས་རྩོད་གཞི30ལྷག་ཙམ་དང་། ཁྱིམ་མཚེས་དང་ཁྱིམ་ཚང་གི་རྩོད་གཞི10ལྷག་ཙམ་འདུམ་འགྲིག་བྱས་ནས་སྤྱི་ཚོགས་དེ་བས་དུས་བདེ་དང་ཞི་མཐུན་བརྟན་ལྷིང་ཡོང་བ་བྱས་པ་རེད།
03
ཁྲིམས་ལུགས་ཁྱབ་གདལ་གཏོང་རྒྱུ་དེ་མི་སེམས་སུ་གཏིང་ཟབ་ཟུག་ཡོད།
     བློ་མཐུན་ཡོར་དགའ་ཡིས་མཆོག་གཙང་ཡུལ་ཤོག་གི་གྲོང་མིའི་བཅའ་ཁྲིམས་ཀྱི་དགོས་མཁོར་དམིགས་ཏེ་གསོན་ཉམས་ལྡན་ཞིང་བབ་ཆགས་ལ་གོ་བདེ་ཤེས་སླ་བའི“ཡུལ་སྐད”སྤྱད་དེ་རིགས་པའི་གཞུང་ལུགས་ཤོད་པ་དང་དཔེ་མཚོན་སྟོན་པ་སོགས་ཀྱི་བྱ་ཐབས་བརྒྱུད་རྟ་ཐོག་གི་ཁྲིམས་སྐྱོང་སྒྲོག་འགྲེལ་དང་། མང་ཚོགས་ཀྱི་སྒྲོག་འགྲེལ་བྱེད་པ། ཁྲིམས་སྐྱོང་གི་འཆད་ཁྲིད། དུད་ཚང་དུ་བསྐྱོད་དེ་དྲིལ་བསྒྲགས་བྱེད་པ་སོགས་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་ཏེ་གྲོང་མིའི་ཁྲིམས་སྐྱོང་བྱང་ཚད་དང་ཁྲིམས་སྐྱོང་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ཡོད། བློ་མཐུན་ཡོ་དགའ་ཚང2022ལོར་གསེར་རྟ་རྫོང་གི་ཁྲིམས་སྦྱོང་ཁྲིམས་སྤྱོད་དཔེ་སྟོན་དུད་ཚང་ཁག་དང་པོར་བདམས་པ་རེད།
  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་འབུམ་ཤོག་བཅོ་བརྒྱད་པའི་བུ་རྒྱུད་ཚོར་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།