ཧྲེན་དབྱང་གིས་འབུམ་ཤོག་བཅོ་བརྒྱད་པའི་བུ་རྒྱུད་ཚོར་མཇལ་འཕྲད་གནང་།

ནོར་བུས་བསྒྱུར།        2023-05-25

   ཧྲེན་དབྱང་གིས་འབུམ་ཤོག་བཅོ་བརྒྱད་པའི་བུ་རྒྱུད་ཚོར་མཇལ་འཕྲད་གནང་།

   སྤྱི་ཟླ5ཚེས22ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་སེར་ཤུལ་རྫོང་ལོ་ཕྱུག་གྲོང་རྡལ་དུ་འབུམ་ཤོག་བཅོ་བརྒྱད་པའི་བོད་སྐྱོད་འགྲེམས་སྟོན་ཁང་སྒོ་ཕྱེ་བའི་མཛད་སྒོར་ཞུགས་མཁན་གྱི་འབུམ་ཤོག་བཅོ་བརྒྱད་པའི་བུ་རྒྱུད་རྣམས་དང་མཇལ་འཕྲད་གནང་བ་རེད།

   ཧྲེན་དབྱང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་། དཀར་མཛེས་མི་དམངས་རྣམས་ཀྱི་ཚབ་ཞུས་ནས་འབུམ་ཤོག་བཅོ་བརྒྱད་པའི་དཔོན་དམག་ཚོའི་བྱས་རྗེས་རླབས་པོ་ཆེར་བླ་ན་མེད་པའི་གུས་འདུད་ཞུས་པ་དང་། དཀར་མཛེས་ཚུད་པའི་བོད་འབྲེལ་ས་ཁུལ་གྱི་འཕེལ་རྒྱས་དང་འཛུགས་སྐྲུན་ལ་ལེགས་སྐྱེས་འབུལ་མཁན་རྣམས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་འབུམ་ཤོག་བཅོ་བརྒྱད་པའི་བུ་རྒྱུད་རྣམས་རང་ཁུལ་དུ་ཕེབས་པར་སྤྲོ་སེམས་འཕེལ་བའི་དགའ་བསུ་ཞུས་པ་དང་། རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་ངོ་སྤྲོད་གནང་བ་རེད། ཧྲེན་དབྱང་གིས་ལོ་ངོ70ལྷག་གི་གོང་ན་འབུམ་ཤོག་བཅོ་བརྒྱད་པའི་དཔོན་དམག་ཚོས་དཀར་མཛེས་བརྒྱུད་དེ་བོད་དུ་བསྐྱོད་པ་དང་། བོད་ཞི་བས་བཅིངས་འགྲོལ་གཏོང་ཆེད་བྱས་རྗེས་བླ་ན་མེད་པ་བཞག་ཡོད། འབུམ་ཤོག་བཅོ་བརྒྱད་པའི་དཔོན་དམག་ཚོའི་རང་སྲོག་བློས་གཏོང་གི་སྤོབས་པ་དང་སྒེར་སེམས་མེད་པའི་སྙིང་སྟོབས་དེ་ཁམས་པའི་བུ་ཕྲུག་ཚོར་མདུན་སྐྱོད་ཀྱི་ལྕག་སྐུལ་དང་འཛད་མེད་ཀྱི་སྒུལ་ཤུགས་ཤིག་ཏུ་གྱུར་ཡོད་ཅེས་གསུངས་པ་རེད། དུས་རབས་གསར་པར་སྐྱོད་ཅིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཏང་གི་འོད་སྟོང་འཕྲོ་བའི་མི་རིགས་སྲིད་ཇུས་བཟང་པོའི་འོག་དཀར་མཛེས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་བཅངས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། འབད་འབུངས་ཡར་བརྩོན་གྱིས་སྐྱེ་ཁམས་དང་དམངས་འཚོའི་བྱ་གཞག་ཁག་བརྟན་པོའི་ངང་འཕེལ་རྒྱས་གཏོང་བའི་ཐད་ཕན་འབྲས་གསར་པ་ཐོབ་ཅིང་། རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད། ང་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པར་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་དམར་དམག་གི་ཁྲག་རྒྱུན་རྒྱུན་འཛིན་བྱས་ཏེ་མདུན་སྐྱོད་ཀྱི་ལམ་བུའི་ཐོག་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བ་བྱ་རྒྱུ་ཡིན། འབུམ་ཤོག་བཅོ་བརྒྱད་པའི་བུ་རྒྱུད་ཚོས་སྔར་བཞིན་དཀར་མཛེས་འཕེལ་རྒྱས་འཛུགས་སྐྱོང་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ནས་དཀར་མཛེས་ཡུན་རིང་བདེ་འཁོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་ལེའུ་གསར་པ་འབྲི་བར་རོགས་རམ་བྱ་རྒྱུའི་རེ་བ་སྙིང་ཐག་པ་ནས་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།


ཧྲེན་དབྱང་གིས་འབུམ་ཤོག་བཅོ་བརྒྱད་པའི་བུ་རྒྱུད་ཚོར་མཇལ་འཕྲད་གནང་།

   འབུམ་ཤོག་བཅོ་བརྒྱད་པའི་བུ་རྒྱུད་ཀྱི་འཐུས་མི་དབྱང་ཅན་ཕིང་དང་། ཀྲང་ཅི་ཕིང་། དབྱང་ཆི་ཁང་། ལུའུ་ཅི་པིང་བཅས་ཀྱིས་གཏམ་བཤད་བྱེད་སྐབས་གསར་བརྗེའི་བྱས་རྗེས་རྒན་རབས་པ་ཚོར་རྗེས་དྲན་ཞུས་པ་དང་། དཀར་མཛེས་ཁུལ་གྱི་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་ལ་སྙིང་དབུས་ནས་དགའ་པོ་བྱས་པ་དང་། དཀར་མཛེས་ཁུལ་གྱིས་གསར་བརྗེའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་བཏང་བར་བསྔགས་བརྗོད་བྱས་པ་རེད།

   ཁུལ་གྱི་མགོ་ཁྲིད་ཆིའུ་ཞའོ་ཉིང་དང་། ཡོན་མིང་ཀོང་། ཝང་ཆང་། ཡོན་ཀང་། ལུའོ་ལིན། ལིའུ་ཧུང་། གོ་ཆིང་པོ་བཅས་དང་། ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན། འབྲེལ་ཡོད་ཏང་གི་ལོ་རྒྱུས་ཆེད་མཁས་པ། སེར་ཤུལ་རྫོང་གི་འབྲེལ་ཡོད་བློ་མཐུན་དང་འབུམ་ཤོག་བཅོ་བརྒྱད་པའི་བུ་རྒྱུད་ཀྱི་འཐུས་མི62བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་རྫོང་རིམ་པའི་གྲུབ་འབྲས་འགྲེམས་ཁང་ཐོག་མ་འདི་རེད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།