ཐོན་ཁུངས་རང་སྤུས་ལ་གཞིགས་ཏེ་ཞིབ་བསྡུར་གྱི་ལེགས་ཆ་བཏོན་ནས་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་ཤུགས་ཆེ་རུ་གཏང་དགོས།

ལྷ་འཛོམས་ཀྱིས་བསྒྱུར།        2023-05-22

སྤྱི་ཟླ5པའི་ཚེས10ནས11ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཕྱག་ཕྲེང་རྫོང་དང་སྡེ་རོང་རྫོང་དུ་ཕེབས་ནས་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན། ཉེན་མེད་ཐོན་སྐྱེད་སོགས་ཀྱི་གཙོ་གནད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བས་མ་ཚད། ད་དུང་འབྲི་ཆུའི་སྡེ་རོང་འབབ་རྒྱུད་དུ་སྐོར་གཡེང་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་ཤུགས་ཆེན་བྱས་ཤིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་། འཕྱུགས་མེད། ཁྱོན་ཡོངས་ནས་ལག་ལེནབསྟར་ཏེ་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་དང་། ཐོན་ཁུངས་རང་སྤུས་ལ་གཞི་ཚུགས་པ། ཞིབ་བསྡུར་གྱི་ལེགས་ཆ་འདོན་སྤེལ། བྱ་ཐབས་ཡང་དག་འཚོལ་བ་བཅས་བྱས་ནས་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྐུལ་འདེད་ཏན་ཏིག་གཏང་དགོས་པའི་ནན་གསུང་གནང་བ་རེད།

ཕྱག་ཕྲེང་རྫོང་མི་དམངས་སྨན་ཁང་དང་སྡེ་རོང་རྫོང་མི་དམངས་སྨན་ཁང་དུ་ཧྥུང་ཧྥ་ཀུའེ་ཡིས་ལུའུ་ཀྲོའུ་གྲོང་ཁྱེར་མི་དམངས་སྨན་ཁང་དང་ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པའི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་བྱས་ཚུལ་གྱི་སྙན་ཞུར་ནན་ཏན་ངང་གསན་པ་དང་། རོགས་སྐྱོར་ཤེས་ལྡན་མི་སྣའི་ལས་དོན་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་ཞིང་། ཚང་མའི་དཀའ་སྤྱད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་རོགས་སྐྱོར་ཤེས་ལྡན་མི་སྣས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས“བརྒྱུད་ཁྲིད་རོགས་གསུམ”དང“དགེ་སློབ་རོགས”སོགས་ཀྱི་བྱེད་ཐབས་བརྒྱུད་དེ་བོད་འབྲེལ་ས་ཁུལ་ལ་སྨན་བཅོས་ཤེས་ལྡན་མི་སྣ་དེ་བས་མང་བ་དང་ཕུལ་བྱུང་གསོ་སྐྱོང་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

སྡེ་རོང་རྫོང་ཕུ་མདོ་ཡུལ་ཤོག་གི་སུར་པན་འདེབས་འཛུགས་རྟེན་གཞི་དང་། ཉི་མའི་ལུང་པའི་གྲོང་རྡལ་གྱི་སི་ཁྲོན་སྙི་བ་འདེབས་འཛུགས་རྟེན་གཞིར་ཧྥུང་ཧྥ་ཀུའེ་ཞིང་ནང་དང་དྲོད་ཁང་ཆེན་མོར་ཕེབས་ཏེ་ས་ཆ་དེ་རང་དུ་སྐྱེ་དངོས་སྐྱེ་ཚུལ་ལ་ལྟ་ཞིབ་གནང་ནས་འདེབས་འཛུགས་རྒྱ་ཁྱོན་དང་སྣ་ཁ། ཐོན་འབོར། རིན་གོང་། ཕྱིར་ཚོང་ཐབས་ལམ་སོགས་ཀྱི་གནས་ཚུལ་ལ་ཆ་རྒྱུས་ཞིབ་ཕྲ་བླངས་པ་རེད།

ནགས་ཚལ་རྩྭ་ཐང་ལ་མེ་ཟོན་བྱ་རྒྱུ་ནི་ད་སྔར་རང་ཁུལ་གྱི་གཙོ་གནད་ལས་དོན་གྱི་གྲས་ཤིག་རེད། ཧྥུང་ཧྥ་ཀུའེ་ཡིས་སྔ་རྗེས་སུ་སྡེ་རོང་རྫོང་ནགས་ཚལ་དང་རྩྭ་ཐང་ཆེད་ལས་མེ་གསོད་མེ་ཟོན་བཀོད་འདོམས་པུའུ་དང་ལམ་རྒྱུད་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ས་ཚུགས་ཁག་གཅིག་ཏུ་བསྐྱོད་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དཔུང་ཁག་འཛུགས་སྐྱོང་དང་སྐོར་གཡེང་རུ་མིས་ལས་འགན་སྒྲུབ་སྟངས། མེ་ཁུངས་དོ་དམ་ཚོད་འཛིན།“མེའི་དོན་ཚན་བཅུ”དོན་འཁྱོལ་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་སུ་ལྟ་སྐུལ་མཛུབ་ཁྲིད་གནང་ནས་ལས་ཡུལ་དང་པོའི་ལས་རེས་ལྟ་སྲུང་མི་སྣར་འཚམས་འདྲི་ཞུས་པ་རེད།

བརྟག་ཞིབ་རིང་ལ་ཧྥུང་ཧྥ་ཀུའེ་ཡིས་འབྲི་ཆུའི་སྡེ་རོང་འབབ་རྒྱུད་དུ་སྐོར་གཡེང་ལས་དོན་སྤེལ་བ་དང་།གཙང་པོ(མཚེའུ)ཆུ་དཔོན་ལམ་ལུགས་ལག་བསྟར་དང་བཞུར་ཚད་མྱུར་བ། ཆུའི་ཁོར་ཡུག་བཅོས་སྐྱོང་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་། ཁོང་གིས་རང་ཁུལ་ནི་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་ཡུལ་དང་ཆུ་འབོར་གསབ་ཡུལ་གལ་ཆེན་ཞིག་ཡིན་པས་སྐྱེ་ཁམས་གི་གནས་ཐང་ཧ་ཅང་གལ་འགངས་ཆེན་པོ་ཡོད། བློ་མཐུན་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པས་ཁྲིད་སྟོན་དུ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་སྟོད་རྒྱུད་ཀྱི་འདུ་ཤེས་བརྟན་པོར་བཅངས་པ་དང་། སྟོད་རྒྱུད་ཀྱི་འགན་འཁྲི་བརྟན་པོ་འཁུར་བ། སྟོད་རྒྱུད་ཀྱི་སྤོབས་པ་མངོན་པ། ཆུ་བོའི(མཚེའུ)ལྟ་སྐུལ་དོ་དམ་ལ་ཤུགས་རྒྱག་པ་བཅས་ཀྱི་སྒོ་ནས་ཆུ་སྦགས་བཙོག་འགོག་བཅོས་དང་ཆུའི་ཁོར་ཡུག་བཅོས་སྐྱོང་། ལྟ་སྐུལ་དོ་དམ་ཁྲིམས་འཛིན་སོགས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་ཆུ་བོར་སྲུང་བའི་འགན་འཁྲི་ཡོད་པ་དང་ཆུ་བོར་བསྲུང་ན་ཐབས་ཤེས་ཡོད་པ། ཆུ་བོར་བསྲུངས་ནས་ཕན་ནུས་ལྡན་པ་བྱ་དགོས་ཞེས་ནན་གྱིས་གསུངས་པ་རེད།།

  • ལེ་ཚན་སྔོན་མ།:སྐར་མ་དུ་བ་མཇུག་རིང་གི་ཐོག་ཏུ་ཆུ་ཡོད་པ་ཤེས་རྟོཊ་བྱུང་།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཁྱེར་ཤུགས་ཡོད་རྒུས་བསྐྲུན་དགོས།
  • དོ་སྣང་ཆེ་བའི་རྩོམ།