ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་དབུ་ཚོགས་ཀྱི་གསར་འགྱུར་ལྟེ་གནས་ཀྱིས་ཟུར་གསལ་ཚོགས་འདུ་ཐོག་མ་དེ་འཚོགས་ནས་དབུ་ཚོགས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2023-05-18

ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་དབུ་ཚོགས་དེ་སྤྱི་ཟླ་5པའི་ཚེས་18ཉིན་ནས་ཚེས་19ཉིན་བར་ཧྲའན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་དུ་འཚོག་རྒྱུ་ཡིན་པ་རེད། སྤྱི་ཚེས་16ཉིན། ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་དབུ་ཚོགས་ཀྱི་གསར་འགྱུར་ལྟེ་གནས་ཀྱིས་ཟུར་གསལ་ཚོགས་འདུ་ཐོག་མ་དེ་འཚོགས་ནས། དབུ་ཚོགས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་ཡོད།

ཕྱི་འབྲེལ་པུའུ་ཡོ་རབ་དང་ཨ་ཤེ་ཡ་སིའི་སི་ཀྲང་གཞོན་པ་ཡུས་ཅུན་གྱིས། ད་ལོའི་ཀྲུང་གོའི་ཚོགས་ར་གཙོ་བོའི་ཕྱི་འབྲེལ་གྱི་འགོ་རྩོམ་པ་ཞིག་ཡིན་པའི་ཆ་ནས། ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་དབུ་ཚོགས་ལ་རེ་བ་དང་ལྟ་རིན་བྱེད་ས་མང་པོ་ཞིག་ཡོད་པས་རེ་སྒུག་བྱེད་རིན་ཡོད་པ་ཞིག་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་ཚོགས་ཐོག་གནང་རྒྱུའི་བརྗོད་དོན་གཙོ་བོའི་གསུངས་བཤད་ནི་ད་ཐེངས་དབུ་ཚོགས་ཀྱི་བཀྲག་མདངས་འཚེར་ཤོས་སུ་འགྱུར་རྒྱུ་རེད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་རབས་གསར་པར་ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་མ་ལག་གང་འདྲ་བྱས་ནས་གཏོད་དགོས་པའི་ཐད། ཀྲུང་གོའི་ཕྱོགས་ཀྱི་ལངས་ཕྱོགས་ལ་གསལ་བཤད་ཟབ་མོ་གནང་བ་དང། རྒྱལ་ཁབ་དྲུག་གི་མཉམ་ལས་ཀྱི་ཕུགས་ཀྱི་འཕེལ་རྒྱས་ལ་དམིགས་ནས། གྲོས་འགོ་དང་འདོད་ཚུལ་རབ་དང་རིམ་པ་སྟོན་གནང་རྒྱུ་དང་བྱ་སྤྱོད་ངོ་མའི་བྱ་ཐབས་མང་པོ་ཞིག་ཁྱབ་བསྒྲགས་གནང་ནས། ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་མཉམ་ལས་ཀྱི་བྱ་སྤྱོད་ཀྱི་ཁ་ཕྱོགས་ལ་ཁྱོན་ཡོངས་ནས་ཇུས་འགོད་གནང་རྒྱུ་ཡིན་པས། ནང་དོན་ཕུན་སུམ་ཚོགས་ཤིང་དོན་སྙིང་ཟབ་མོ་ལྡན་པ་ཞིག་རེད་ཅེས་བསྟན་ཡོད།

ཐེངས་འདིའི་དབུ་ཚོགས་ཐོག རྒྱལ་ཁབ་ཁག་གི་དབུ་ཁྲིད་མི་སྣས་ལམ་ལུགས་འཛུགས་སྐྱོང་དང། ཁྱབ་ཁོངས་ཁག་གི་མཉམ་ལས། དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གཙོ་གནད་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་རྒྱུ་ཡིན་པ་དང་། ཀྲུང་གོ་དང་ཨ་ཤེ་ཡའི་དབུས་མའི་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་དང་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་ཡོང་རྒྱུ་རེད།

ཡུས་ཅུན་གྱིས། རྒྱལ་ཁབ་དྲུག་པོའི་གཙོ་བདག་གིས་ད་དུང་ཆབ་སྲིད་ཀྱི་ཡིག་ཆ་གལ་ཆེན་ལ་ཐུན་མོང་ཐོག་མཆན་འགོད་གནང་རྒྱུ་དང་། རྣམ་གྲངས་མང་པོའི་ཡིག་ཆར་མཆན་འགོད་གནང་རྒྱུར་བདེན་དཔང་གནང་རྒྱུ། དཔལ་འབྱོར་ཉོ་ཚོང་གི་མ་འཇོག་དང་། མཉམ་འབྲེལ་མཉམ་མཐུད་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད། ཀྲུང་གོས་ཀྱང་ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་དང་ལྷན་དུ་ཐེངས་འདིའི་དབུ་ཚོགས་རྒྱུད་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་ཐོག་སྔར་བས་གཅིག་སྡུད་བྱ་རྒྱུ་ཡིན་པ་དང་། དེ་བས་མཐུན་སྒྲིལ་གྱི་རྣམ་པ་དང་དེ་བས་ལས་ཆོད་ཆེ་བའི་མཉམ་ལས། དེ་བས་དངོས་གཉེར་གྱི་མཉམ་ལས་བཅས་ལ་བརྟེན་ནས་ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་འབྲེལ་བའི་དུས་རབས་གསར་པར་ལག་གདང་སྦྲེལ་ནས་བསྐྱོད་དེ། རང་སོའི་འཕེལ་རྒྱས་དར་སྤེལ་ལ་སྟོབས་ཆེའི་རམ་འདེགས་སྣོན་རྒྱུ་དང་། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་སྟོབས་དང་ལྡན་པའི་ནུས་པ་སྣོན་རྒྱུ་རེད་ཅེས་གསུངས་ཡོད།

དབུ་ཚོགས་ཚོགས་རིང་། ཀྲུང་གོའི་ཕྱོགས་ནས་ཕྱོགས་གཉིས་སམ་ཡང་ན་ཕྱོགས་མང་བྱེད་སྒོ་20ལྷག་སྤེལ་རྒྱུ་དང་། དེ་བཞིན་ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་དངོས་ཚན་མཁས་པའི་ཨུ་ཡོན་ལྷན་ཁང་འཛུགས་པའི་ཚོགས་ཆེན་དང་། ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་གཞོན་ནུའི་སྒྱུ་རྩལ་དུས་ཆེན་སོགས་ཁྱད་ཆོས་ལྡན་པའི་ཆ་སྦྱོར་བྱེད་སྒོ་མང་པོ་གཉེར་རྒྱུ་ཡིན་པ་རེད།

  • ལེ་ཚན་སྔོན་མ།:རྩ་ཆེའི་རི་དྭགས་བསད་པས། ཁྲིམས་ཀྱི་དྲ་བར་ཚུད་འདུག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།