ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་གཞི་ཁྱོན་ལོ་13བསྟུད་མར་འཛམ་གླིང་གི་ཨང་དང་པོར་གནས་པ།

    མི་དམངས་ཉིན་རེའི་ཚགས་པར།    2023-05-17

   འདི་ག་ཚགས་པར་ཁང་དུ་ཧྲང་ཧའེ་ནས་གློག་འཕྲིན་འབྱོར་གསལ། ཚེས་14ཉིན། རྒྱལ་ཁབ་ཀྱི“ཀྲུང་གོའི་སྤུས་རྟགས་ཉིན་མོའི”བྱེད་སྒོའི་གྲས་ཤིག་ཡིན་པའི་ཀྲུང་གོའི་བཟོ་སྐྲུན་སྤུས་རྟགས་འཕེལ་རྒྱས་གླེང་སྟེགས་སྐབས་དང་པོ་དང་ཀྲུང་གོའི་སྤུས་རྟགས་དཔལ་འབྱོར(ཧྲང་ཧའེ)གླེང་སྟེགས་སྐབས་དགུ་པ་ཧྲང་ཧའེ་རུ་གཉེར་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 2022ལོའི་རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་གཞི་ཁྱོན་དེ་ལོ་13བསྟུད་མར་འཛམ་གླིང་གི་ཨང་དང་པོར་གནས་པ་དང་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་65དག་2022ལོའི་འཛམ་གླིང་གི་ཁེ་ལས་རབ་གྲས་500ཡི་མིང་ཐོའི་ནང་ཚུད་ཡོད་པ་རེད།

“ཀྲུང་གོའི་བཟོ་སྐྲུན”གྱི་སྤུས་རྟགས་གཏོད་རྒྱུ་དེ་བཟོ་ལས་དང་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་ལག་རྩལ་དང་། སྤུས་ཚད། ཤེས་བྱའི་བདག་དབང་། གཉེར་སྐྱོང་དོ་དམ་བཅས་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བའི་ཐད་འཕེལ་རྒྱས་ཕྱིན་ནས་ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་དང་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་དུ་གཏོང་བ་སོགས་ཐད་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པ་རེད།


  • ལེ་ཚན་སྔོན་མ།:ཁ་བསླུས་རྒྱག་སྟངས་འདིར་དོགས་ཟོན་གནང་དགོས།
  • ལེ་ཚན་རྗེས་མ།:ཟླ་5ཚེས་15ཉིན་ནས་བཟུང་འགག་སྒོའི་མྱུར་སྒྲོལ་ལས་སྒོ་ཕྱོགས་ཡོངས་ནས་སླར་གསོ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།