མི་དམངས་དྲ་བ། 2023-05-11
  བཟོ་ལས་དང་ཆ་འཕྲིན་ཅན་པུའི་གཞུང་ཕྱོགས་དྲ་ཚིགས་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། ཉེ་ཆར། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་རེ་ཞུ་ལྟར། ཀྲུང་གོའི་སྤོ་འགུལ་གྱིས་དེའི་4.9GHzགི་ཆ་ཤས་5Gཟློས་ཕྱོད་ཐོན་ཁུངས་རྒྱལ་ནང་གི་འབྲེལ་ཡོད་ཞིང་ཆེན་དུ་5Gས་སྟོང་འཕྲིན་གཏོང་(5G-ATG)ཡི་ལག་རྩལ་ཚོད་ལྟ་སྤེལ་བར་མཆན་བཀོད་བཀའ་ལན་གནང་། 
     ངོ་སྤྲོད་བྱས་པར་གཞིགས་ན། 5G-ATGཡིས་5Gསྤྱི་དམངས་ཀྱི་སྤོ་འགུལ་འཕྲིན་གཏོང་ལག་རྩལ་ལ་གཞིགས་ནས། གནམ་གྲུའི་མཁའ་ལམ་བརྒྱུད་དེ་དེ་མཚུངས་ཀྱི་རྒྱལ་སྤྱི་དང་རྒྱལ་ནང་གི་སྒྲིག་སྲོལ་དང་བསྟུན་པའི་དམིགས་བསལ་ས་ཚུགས་དང་དེ་བཞིན་རླབས་ཆུན་དབྱིབས་ཀྱི་གནམ་སྐུད་སྒྲིག་འགོད་བྱས་ཤིང་། ས་ངོས་དང་གནམ་གྲུའི་བར་གནམ་སའི་འཕྲིན་གཏོང་སྦྲེལ་ལམ་བཙུགས་ནས། འགྲུལ་པས་གནམ་གྲུའི་ནང་གི་སྐུད་མེད་དྲ་རྒྱ་སྦྲེལ་ནས་དྲ་རྒྱར་ཞུགས་ཐུབ་པ་བྱ་རྒྱུ་རེད། 5G-ATGནི་མཁའ་འགྲུལ་དྲ་སྦྲེལ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བའི་ལག་རྩལ་ཐབས་ལམ་གལ་ཆེན་གྱི་གྲས་ཤིག་ཡིན་ལ། 5Gསོགས་ལག་རྩལ་གསར་པ་མཁའ་འགྲུལ་དྲ་སྦྲེལ་ཁྱབ་ཁོངས་སུ་བཀོལ་སྤྱོད་གསར་པ་དང་ལས་རྣམ་གསར་པ་ཞིག་ཀྱང་རེད།
     བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་བཤད་དོན། ད་ཐེངས་ཀྲུང་གོའི་སྤོ་འགུལ་ལ་5G-ATGཚོད་ལྟ་བྱ་རྒྱུར་ཆོག་མཆན་སྤྲད་པ་དེས། 5Gདྲ་རྒྱ་ཁྱབ་པའི་བར་མཐོངས་ཀྱི་ཁྱབ་ཁྱོན་སྔར་ལས་ཆེ་རུ་དང་། 5Gལས་རིགས་ཀྱི་བཀོལ་སྤྱོད་རྣམ་པ་རྒྱ་ཆེར་བཏང་ནས། མཁའ་འགྲུལ་ཡུལ་སྐོར་པའི་ཉིན་རེར་ཆེ་རུ་འགྲོ་བའི་མཁའ་ཐོག་གི་དྲ་རྒྱར་ཞུགས་པའི་དགོས་མཁོ་སྔར་ལས་སྐོང་རྒྱུ་རེད།
 དོ་སྣང་ཆེ་བའི་རྩོམ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10
 ཁོང་ཚོ་ནི་ཇོ་མོ་གླང་མའི་འདབས་སུ་རྩ་བ་ཚུགས་ཤིང་མྱུ་
 ཁོང་ཚོ་ནི་ཇོ་མོ་གླང་མའི་འདབས་སུ་རྩ་བ་ཚུགས་ཤིང་མྱུ་ གནམ་གྲུའི་ནང་དུ་ཡང་ཁ་པར་5Gབཀོལ་ཐུབ་བམ།
 གནམ་གྲུའི་ནང་དུ་ཡང་ཁ་པར་5Gབཀོལ་ཐུབ་བམ། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོག
 ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོག ང་ནི་ཁེར་རྐྱང་ཞིག་ཏུ་གྱུར།
 ང་ནི་ཁེར་རྐྱང་ཞིག་ཏུ་གྱུར། སྐྱོ་བའི་ཤུགས་རིང་།
 སྐྱོ་བའི་ཤུགས་རིང་། སྡེ་དགེ་རྫོང་གིས་ལྔ་གཅིག་དུས་ཆེན་རིང་རིག་གནས་ཡུལ་ས
 སྡེ་དགེ་རྫོང་གིས་ལྔ་གཅིག་དུས་ཆེན་རིང་རིག་གནས་ཡུལ་ས “ལྔ་གཅིག”གུང་གསེང་རིང་དཀར་མཛེས་རྫོང་གི་གནའ་རྫས་ཁྲོ
 “ལྔ་གཅིག”གུང་གསེང་རིང་དཀར་མཛེས་རྫོང་གི་གནའ་རྫས་ཁྲོ མཛའ་གཞས་གྲོང་དུ་དབྱིན་ཧྭ་མེ་ཏོག་བཞད་ནས་ཐག་རིང་འགྲུ
 མཛའ་གཞས་གྲོང་དུ་དབྱིན་ཧྭ་མེ་ཏོག་བཞད་ནས་ཐག་རིང་འགྲུ ཁུལ་ཨུའི་གྲོང་ཡུལ་གཞི་རིམ་བཅོས་སྐྱོང་ཨུ་ལྷན་གྱིས་ཚ
 ཁུལ་ཨུའི་གྲོང་ཡུལ་གཞི་རིམ་བཅོས་སྐྱོང་ཨུ་ལྷན་གྱིས་ཚ གོ་ལ་ཧྲིལ་པོའི་རིམས་འགོག་ལ་དུས་མཚམས་རང་བཞིན་གྱི་གྲ
 གོ་ལ་ཧྲིལ་པོའི་རིམས་འགོག་ལ་དུས་མཚམས་རང་བཞིན་གྱི་གྲ