ཞི་ཅིན་ཕིང་གིས་ཀྲུང་གོ་དང་འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་བར་མཉམ་ལས་སྤེལ་ནས་ལོ50འཁོར་བར་དྲན་གསོ་ཞུ་བ་དང་དྲིལ་བསྒྲགས་གཟའ་འཁོར་གྱི་རང་སའི་བྱེད་སྒོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

    མི་དམངས་དྲ་བ་ནས་དྲངས།    2023-05-08

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ4པའི་ཚེས26ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཟླ4པའི་ཚེས26ཉིན་ལ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་བར་མཉམ་ལས་སྤེལ་ནས་ལོ50འཁོར་བར་དྲན་གསོ་ཞུ་བ་དང་དྲིལ་བསྒྲགས་གཟའ་འཁོར་གྱི་རང་སའི་བྱེད་སྒོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།

ཞི་ཅིན་ཕིང་གིས་ལོ50ཡི་རིང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་ཤེས་བྱའི་བདག་དབང་གི་ཕྱོགས་མང་མ་ལག་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་དང་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཆེར་དང་གཏིང་ཟབ་ཏུ་བཏང་བས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་མཐོང་ཆེན་དང་། ཤེས་བྱའི་བདག་དབང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ཤུགས་ཆེན། ཤེས་བྱའི་བདག་དབང་གི་ཁྲིམས་སྐྱོང་འགན་ལེན་ལ་ཤུགས་སྣོན། ཤེས་བྱའི་བདག་དབང་དོ་དམ་གྱི་སྒྲིག་སྲོལ་འཐུས་ཚང་། ཤེས་བྱའི་བདག་དབང་གི་རྒྱུན་འཁོར་ཧྲིལ་པོར་སྲུང་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བཅས་བྱས་ཏེ་གསར་གཏོད་ཁོར་ཡུག་དང་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་བཏང་ཡོད། ཀྲུང་གོས་འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་དང་མཛའ་གྲོགས་མཉམ་ལས་སྔར་བས་ཤུགས་ཆེན་དུ་བཏང་སྟེ། གོ་ལ་ཧྲིལ་པོའི་ཤེས་བྱའི་བདག་དབང་བཅོས་སྐྱོང་མ་ལག་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ངང་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་བདེ་རྩ་དེ་བས་ལེགས་པའི་སྒོ་ནས་ཆེ་རུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

ཚེས26ཉིན། ཀྲུང་གོ་དང་འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་བར་མཉམ་ལས་བྱས་ནས་ལོ50འཁོར་བར་དྲན་གསོ་ཞུ་བ་དང་དྲིལ་བསྒྲགས་གཟའ་འཁོར་གྱི་རང་སའི་བྱེད་སྒོ་པེ་ཅིང་དུ་སྤེལ་བ་དང་། རྒྱལ་ཡོངས་ཤེས་བྱའི་བདག་དབང་དྲིལ་བསྒྲགས་གཟའ་འཁོར་བྱེད་སྒོ་སྒྲིག་འཛུགས་ཨུ་ལྷན་གྱིས་གཙོ་གཉེར་བྱས། ད་ཐེངས་ཀྱི་བྱེད་སྒོའི་གཙོ་དོན་ནི་ཤེས་བྱའི་བདག་དབང་གི་ཁྲིམས་སྐྱོང་འགན་ལེན་ལ་ཤུགས་བརྒྱབ་སྟེ་ཕྱོགས་ཡོངས་ནས་གསར་གཏོད་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཅེས་པ་དེ་རེད།།



  • ལེ་ཚན་སྔོན་མ།:ཞི་ཨན་ལ་ལོ་སྟོང་གི་གནའ་ཉམས་དོད་པའི་ཀྲུང་གོའི་གྱོན་ཆས་འགྲོ་སྟོན་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།