༄༅།།ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ཏེ་ཡུན་ནན་སློབ་ཆེན་བཙུགས་ནས་ལོ་ངོ100འཁོར་བར་རྟེན་འབྲེལ་ཞུས་པ།

    མི་དམངས་དྲ་བ།    2023-04-23

      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ཏེ་ཡུན་ནན་སློབ་ཆེན་བཙུགས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུས་པ་མ་ཟད། དགེ་སློབ་ལས་བཟོ་ཡོངས་དང་རྒྱ་ཆེའི་སློབ་གྲོགས་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུས་པ་རེད།
      ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ཏུ། ལོ་ངོ་100ཡི་རིང་ཡུན་ནན་སློབ་ཆེན་གྱིས“རིག་པའི་གནས་ཀུན་གཅིག་ཏུ་བསྡུས། གནམ་འོག་གཞུང་དྲང་བདེན་པས་སྐྱོང”བའི་སློབ་གཉེར་སྙིང་སྟོབས་རྒྱུན་འཛིན་གྱིས། མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་ཀྱི་མི་རིགས་ས་ཁུལ་ལ་རྩ་བ་ཚུགས་ནས་ཕུལ་བྱུང་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་ཡོད།
       ཞི་ཅིན་ཕིང་གིས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྒྱང་ལམ་གསར་པར་ཡུན་ནན་སློབ་ཆེན་གྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། སློབ་གཉེར་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་གཏོང་། ཏང་ལ་མི་སྣ་གསོ་སྦྱོང་དང་རྒྱལ་ཁབ་ལ་ཤེས་ལྡན་པ་གསོ་སྦྱོང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
       ཡུན་ནན་སློབ་ཆེན་1922ལོར་བཙུགས་པ་དང་1923ལོར་དངོས་སུ་སློབ་འགོ་ཚུགས་ཤིང་། འདི་ནི་རང་རྒྱལ་ནུབ་རྒྱུད་མཐའ་མཚམས་སུ་འཛུགས་སྔ་ཤོས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་སློབ་ཆེན་གྱི་གྲས་ཤིག་རེད། སློབ་གྲྭ་བཙུགས་ནས་ལོ་ངོ་བརྒྱའི་རིང་ཡུན་ནན་སློབ་ཆེན་གྱིས་སྔ་རྗེས་སུ་ཤེས་ལྡན་པ་སྣ་ཚོགས་ཁྲི་30ལྷག་ཙམ་གསོ་སྦྱོང་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་མཐའ་མཚམས་བརྟན་ལྷིང་གྲ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པ་རེད།

  • ལེ་ཚན་སྔོན་མ།:«བོད་ཀྱི་སྐད་ཡིག་གི་ཤེས་བྱ་བསྡུས་གསལ་རིག་འཕྲུལ་བུམ་བཟང»ཞེས་པའི་དཔེ་ཚོགས་པར་སྐྲུན་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།