སྐབས་༢༠པའི་ཀྲུང་དབྱང་གི་རེས་སྐོར་དང་པོའི་སྐོར་ཞིབ་བཅའ་སྡོད་ལས་དོན་ལེགས་སྒྲུབ་བྱུང་བ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2023-04-11

ཏང་ཀྲུང་དབྱང་གི་སྐོར་ཞིབ་ལས་དོན་སྐོར་གྱི་གཅིག་འགྱུར་འཆར་འགོད་གཞིར་བཟུང་། སྤྱི་ཟླ་༤ཚེས་༨ཉིན་བར། སྐབས་༢༠པའི་ཀྲུང་དབྱང་གི་རེས་སྐོར་དང་པོའི་སྐོར་ཞིབ་ཀྱི་སྐོར་ཞིབ་ཚོ་ཆུང་༡༥སྐོར་ཞིབ་བཅའ་སྡོད་ཀྱི་ལས་དོན་ལེགས་བསྒྲུབས་བྱུང་ཡོད།
ཀྲུང་དབྱང་གི་རེས་སྐོར་དང་པོའི་སྐོར་ཞིབ་ལ་རྒྱུན་ལྡན་སྐོར་ཞིབ་དང་། ཕྱིར་བལྟས་སློག་པ་ཞེས་པ་དང་སྒུལ་སྐྱོད་སྐོར་ཞིབ་བཅས་བར་བཅུག་བཀོད་སྒྲིག་བྱས་ཡོད་པ་དང་། སྐོར་ཞིབ་བྱ་ཡུལ་ནང་ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས་༣༠དང་། དངུལ་རྩའི་ལས་ཁུངས་༥དེ་བཞིན་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུད་བཅས་ཚུད་ཡོད་པ་རེད། གསར་འགོད་པར་སྐོར་སྐྱོད་བཅའ་སྡོད་ཀྱི་སྐུལ་སློང་ཚོགས་འདུའི་ཡུལ་དངོས་ནས་ཤེས་རྟོགས་བྱུང་བར། ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས་ལ་རྒྱུན་གཏན་སྐོར་སྐྱོད་བྱ་རྒྱུ་དང་། ཏང་ཙུའུ་ནས་ཏང་གིས་གཞུང་ཁོངས་ཁེ་ལས་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་པོ་བྱེད་པའི་གཙོ་གཟུགས་འགན་འཁྲི་སོགས་ཀྱི་གནས་ཚུལ་ལག་བསྟར་ཐད་ལ་དོ་ཁུར་བྱེད་རྒྱུ་དང་། འགན་བཞེས་པ་དང་འགན་འཁུར་བའི་ཁྲོད་ཀྱི་ཆབ་སྲིད་ཧེ་བག་ཤེས་རྟོགས་གཏིང་ཟབ་ཐུབ་པ་བྱས་ཐོག སྤུས་ཚད་མཐོ་བའི་གོང་འཕེལ་ལ་འགོག་རྐྱེན་བཟོ་བའི་འགལ་ཟླ་གཙོ་བོ་དང་། འབུར་ཐོན་གནད་དོན་འཚོལ་ཞིབ་ཧུར་ཐག་བྱ་རྒྱུ་ཡིན་པ་རེད། དངུལ་རྩའི་ལས་ཁུངས་ལ་ཕྱིར་བལྟས་སློག་པའི་སྐོར་ཞིབ་བྱེད་པའི་ནང་། རེས་སྐོར་གོང་མའི་སྐོར་ཞིབ་བསྒྱུར་བཅོས་བླང་བྱའི་ནང་གི་དོན་དངོས་བྱ་སྤྱོད་དང་ཕན་འབྲས་ལ་གཙོ་གནད་ཐོག་ཤེས་རྟོགས་དང་ལག་བསྟར་བྱས་ནས། ཏང་ཨུད་ཀྱིས་སྐོར་ཞིབ་བསྒྱུར་བཅོས་ཀྱི་གཙོ་གཟུགས་འགན་འཁྲི་ལག་བསྟར་བྱེད་མིན་དང་། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྩ་འཛུགས་སྡེ་ཁག་བཅས་ཀྱིས་བསྒྱུར་བཅོས་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་གནས་ཚུལ་ལ་བརྟག་དཔྱད་བྱེད་པ། དངུལ་རྩའི་ལས་ཁུངས་ཀྱིས་སྐོར་ཞིབ་བསྒྱུར་བཅོས་དང་ཏང་ཀྲུང་དབྱང་གིས་དངུལ་རྩའི་བསྒྱུར་བཅོས་ཀྱི་བཀོད་སྒྲིག་བླང་བྱ་དང་ཟུང་སྦྲེལ་བྱེད་པའི་ཐད་ལྟ་སྐུལ་བྱས་ནས་དངུལ་རྩའི་ཁྱབ་ཁོངས་སུ་གནས་པའི་འབུར་ཐོན་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུད་ལ་འགུལ་སྐྱོད་སྐོར་ཞིབ་སྤེལ་ནས་ཏང་གི་འགོ་ཁྲིད་ཀྱི་འགན་ནུས་འགན་འཁྲི་ལག་བསྟར་བྱ་རྒྱུར་དོ་ཁུར་དང་། ལུས་རྩལ་གྱིས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཛུགས་སྐྲུན་གྱི་བཀོད་ཇུས་བཀོད་སྒྲིག་གི་གནས་ཚུལ་གལ་ཆེན་ལག་བསྟར་བྱེད་དགོས་པ། ལུས་རྩལ་ཁྱབ་ཁོངས་ཀྱི་རུལ་སུང་གནད་དོན་དང་གཏིང་ཟབ་པའི་བང་རིམ་ནང་གི་ལམ་ལུགས་སྒྲིག་གཞིའི་གནད་དོན་འཚོལ་ཞིབ་གཏིང་ཟབ་བྱེད་པ་དང་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལུས་རྩལ་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུར་འགན་ལེན་ནུས་ལྡན་བྱེད་དགོས།
ཀྲུང་དབྱང་སྐོར་ཞིབ་ཚོ་ཆུང་ཁག་གི་ཙུང་ཀྲང་གིས། ཀྲུང་དབྱང་སྐོར་ཞིབ་ཚོ་ཆུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། དར་ཆ་གསལ་སྟོན་སྒོ་ནས་སྲུང་སྐྱོང་གཉིས་ཐུབ་པ་བྱེད་པ་དེ་རྩ་བའི་ལས་འགན་དུ་རྩིས་བ། ཏང་གི་ཚོགས་ཆེན་༢༠པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་གནས་ཚུལ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་རྩིས་ཐོག ཟིལ་གནོན་ནུས་པ་སྔར་ལས་ཤུགས་ཆེར་གཏོང་བ་དང་། རྩ་ལག་མཉམ་བཅོས་སྔར་བའི་མངོན་གསལ་དོད་པའི་ཐོག་འཇོག་རྒྱུ། དབང་ཆ་དང་འགན་འཁྲི་གཉིས་ཀར་ལྟ་སྐུལ་ནན་པོ་བྱེད་པ། འགན་འཁུར་མི་སྣ་གཙོ་བོ་དང་འགོ་ཁྲིད་ཚོ་ཆུང་ལ་ལྟ་སྐུལ་ནན་པོ་བྱེད་པ། མང་ཚོགས་ཀྱིས་ལན་ཆ་ཤུགས་ཆེན་བྱེད་པའི་འབུར་ཐོན་གནད་དོན་ལ་ལྟ་སྐུལ་ནན་པོ་བྱེད་པ། སྐོར་ཞིབ་བསྒྱུར་བཅོས་དང་ཕན་འབྲས་བེད་སྤྱོད་ལ་ལྟ་སྐུལ་ནན་པོ་བྱེད་པ། ཆབ་སྲིད་སྐོར་ཞིབ་ཀྱི་རལ་གྲི་རྣོན་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ཐུབ་མིན་ཐད་སྐུལ་འདེད་གཏོང་རྒྱུར་ལྟ་སྐུལ་བྱེད་དགོས་ཞེས་སྟོན་ཡོད།

སྐོར་ཞིབ་བྱས་ཟིན་པའི་ཏང་རྩ་འཛུགས་ཀྱི་འགན་འཁུར་མི་སྣ་གཙོ་བོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་སྐོར་ཞིབ་ལས་དོན་གྱི་བཀོད་སྒྲིག་བླང་བྱ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཐོག རང་ངོས་གསར་བརྗེ་བྱེད་ཕོད་པའི་སྙིང་སྟོབས་ཐོག་ནས་ཏང་ཀྲུང་དབྱང་གིས་སྤྲད་པའི་སྐོར་ཞིབ་ལས་འགན་ལེགས་སྒྲུབ་མཐའ་གཅིག་ཏུ་བྱ་རྒྱུ་དང་། ལག་ལེན་ངོ་མའི་ཐོག་ནས་གཏན་འཁེལ་གཉིས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། སྲུང་སྐྱོབ་གཉིས་ཐུབ་པ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐོར་ཞིབ་བྱེད་རིང་། ཀྲུང་དབྱང་སྐོར་ཞིབ་ཚོ་ཆུང་ཁག་གིས་ཆེད་མངགས་ཀྱི་ལས་རེས་ཁ་པར་དང་སྦྲག་སྲིད་ཡིག་སྒམ་བཟོས་ནས། གཙོ་བོ་སྐོར་ཞིབ་བྱེད་པའི་ལས་ཁུངས་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་དང་དེ་བཞིན་ཁོངས་མི། འོག་རིམ་གྱི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚོ་ཆུང་གི་འགན་འཁུར་བ་གཙོ་བོ་དང་གལ་ཆེན་ལས་གནས་ཐོག་གི་འགོ་ཁྲིད་ལས་བྱེད་པའི་གནད་དོན་ལ་ལན་ཆ་བྱེད་པའི་འཕྲིན་ཡིག་དང་ཁ་པར། ཡུལ་དངོས་སུ་ཕེབས་ནས་གནས་ཚུལ་ཐེར་འདོན་བྱེད་པ་བཅས་བདག་སྤྲོད་བྱ་རྒྱུ། དེའི་ནང་གི་གཙོ་གནད་ནི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། དྭངས་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་ལས་འགལ་བ་དང་དེ་བཞིན་སྐོར་ཞིབ་བྱེད་པའི་ལེགས་སྒྲིག་བྱེད་དུ་བཅུག་པ་སོགས་ཀྱི་གནད་དོན་ལན་ཆ་བྱེད་ཆོག་པ་བཅས་ཡིན།

  • ལེ་ཚན་སྔོན་མ།:པེ་ཅིང་རྒྱལ་སྤྱིའི་འཛད་སྤྱོད་ལྟེ་གནས་གྲོང་ཁྱེར་ལ་འགྱུར་བཞིན་ཡོད།
  • ལེ་ཚན་རྗེས་མ།:ཡུའེ་ཀང་ཨའོ་ཁུག་པ་ཆེན་པོའི་ཁུལ་གྱི་འཛུགས་སྐྲུན་ལ་སྤུས་མཐོའི་སྐུལ་འདེད་གཏོང་བ་དང་། ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་མངོན་གསལ་དོད་པོ་ཕྱིན་པ།
  • དོ་སྣང་ཆེ་བའི་རྩོམ།