ཁྲིམས་འགལ་གྱི་བྱེད་སྤྱོད་འདི་དག་མཐོང་ཚེ། ཚང་མས་ཐེར་འདོན་གནང་དང་།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2023-04-07

ཉེ་ཆར། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས《2023ལོའི་དམངས་འཚོའི་ཁྱབ་ཁོངས་ཀྱི་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་པའི“ལྕགས་ཀྱི་ཁུ་ཚུར”བྱ་སྤྱོད་ཀྱི་ཁྲིམས་འགལ་གྱོད་གཞིའི་ཁུངས་སྣེ་བསྡུ་རུབ་སྐོར་གྱི་བརྡ་ཁྱབ》བཀྲམ་ནས། དམངས་འཚོའི་ཁྱབ་ཁོངས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་གྱི་བྱེད་སྤྱོད་རིགས་10ཡི་ཁུངས་སྣེ་ཡོངས་བསྒྲགས་ངང་བསྡུ་རུབ་བྱེད་རྒྱུ་གཤམ་གསལ་ཏེ།

● ཟས་རིགས་ནང་ཁྲིམས་དང་མི་མཐུན་པའི་སྒོ་ནས་ཁྲག་མངར་ཉུང་དུ་གཏོང་བ་དང་། ཁྲག་ཤེད་གཅོག་པ་། ཁྲག་ཚིལ་ཉུང་དུ་གཏོང་བའི་དངོས་རྫས་བསྲེས་པ།
● རྫུན་ལྷད་ཞན་གསུམ་གྱི་རྫས་ལུད།
● བྲིན་རྫུ་འུད་བསྒྲགས་སོགས་ཀྱི་བརྡ་ཁྱབ་རྫུན་མ།
● “ལྷ་རྗེ”དང“སྨན་མཆོག”སོགས་ཀྱི་ཁྲིམས་འགལ་བརྡ་ཁྱབ་རྫུན་མ།
● སྤུས་ཚད་ཞན་པའི་འབར་རླངས་ཀྱི་ཐབ་ཆས་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་པ།
● ཁྲིམས་འགལ་ངང་ཁྲོ་ཐབ་ཆུང་ངུ་བཟོ་བ་དང་སྤྱོད་པ་དང་། ཐོ་བཀོད་མེད་པའི་གློག་སྐས་བེད་སྤྱོད་བྱེད་པ།
● དྲང་གཞག་མིན་པའི་དོན་ཚན་ལ་བརྟེན་ནས་འཛད་སྤྱོད་པའི་ཁེ་དབང་ལ་བཙན་གནོད་གཏོང་བ།
● གྲགས་ཅན་ཚོང་རྟགས་རྫུན་བཟོ་དང་། གྲགས་ཅན་མི་སྣར་བརྟེན་ནས་ཁེ་བཟང་རག་ཐབས་བྱེད་པའི་བྱ་སྤྱོད།
● དམིགས་བསལ་མཚོན་རྟགས་དང་། “ས་གོ་ལའི་སྣེ་གསུམ་པའི”ས་ཁོངས་ཀྱི་ཚོང་རྟགས། ས་ཁམས་མཚོན་རྟགས། ཀྲུང་གོའི་གྲགས་ཅན་ཚོང་རྟགས་བཅས་ལ་བཙན་གནོད་གཏོང་བ།
● རྫུན་མ་ངོ་མར་བརྫུས་པ་དང་། སྤུས་ཞན་སྤུས་ལེགས་ལ་བརྫུས་པ། “ལག་ཁྱེར་གསུམ་མེད་པ”བཅས་ཀྱི་ཚགས་ཤའི་བཟོས་རྫས་ཕྱིར་ཚོང་བྱེད་པ།

རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སྤྱི་ཚོགས་ལས་རིགས་ཁག་ལ་འབོད་སྐུལ་བྱས་དོན།

གལ་ཏེ་གོང་གསལ་གྱི་ཁྲིམས་འགལ་གྱོད་གཞིའི་འབྲེལ་ཡོད་ཁུངས་སྣེ་ཤེས་རྟོགས་བྱུང་ཚེ། 12315ཡི་ཐད་སྦྲེལ་ཁ་པར་བརྒྱབ་ནས་ཐེར་འདོན་བྱེད་ཆོག་ལ། ས་གནས(གྲོང་ཁྱེར)དང་རྫོང(ཆུས)ཁག་གི་ཁྲོམ་ར་ལྟ་འདོམས་ཅུས་སུ་ཐད་ཀར་ཡོང་ནས་ཐེར་འདོན་བྱས་ན་ཆོག

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གི་གསུང་བཤད་འདིར་ལན་ཆ་བཟང་པོ་བྱུང་འདུག
  • ལེ་ཚན་རྗེས་མ།:ཀྲུང་གུང་ཀྲུང་དབྱང་ཐའེ་ཝན་བྱ་དོན་གཞུང་ལས་ཁང་གི་མགྲིན་ཚབ་པས་ཚའེ་ཡིང་ཝུན་གྱིས་རྒྱལ་མཚམས་སྒྲོལ་ནས་ཨ་རིར་བསྐྱོད་པའི་ཐད་གསལ་བསྒྲགས་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།