ལི་ཡུན་ཙེས་རང་ཁུལ་དུ་ནགས་རྩྭ་མེ་ཟོན་ཉེན་སྟོན་ལས་ཀར་ལྟ་སྐུལ་ཞིབ་བཤེར་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2023-04-06

སྤྱི་ཟླ3པའི་ཚེས29ཉིན་ནས་ཚེས31བར། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཞིང་དཔོན་གཞོན་པ་ལི་ཡུན་ཙེས་ལས་སྒྲུབ་ཚོ་ཆུང་ཁྲིད་ནས་རང་ཁུལ་དུ་ནགས་རྩྭ་མེ་ཟོན་ཉེན་སྟོན་ལས་ཀར་ལྟ་སྐུལ་ཞིབ་བཤེར་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནགས་རྩྭ་མེ་ཟོན་ཉེན་སྟོན་ལས་དོན་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཤུགས་ཆེན་བྱེད་པ་དང་། རྒྱལ་ཡོངས་ཀྱི་ནགས་རྩྭ་མེ་ཟོན་ཉེན་སྟོན་ལས་དོན་བརྙན་འཕྲིན་ཁ་པར་ཚོགས་འདུའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། མི་དམངས་དང་ཚེ་སྲོག་གཙིགས་སུ་འཛིན་པའི་འདུ་ཤེས་བརྟན་པོ་བཅངས་ནས་ཚད་གཞི་མཐོན་པོ་དང་བླང་བྱ་ནན་པོ་བཏོན་ནས་ནགས་རྩྭ་མེ་ཟོན་ཉེན་སྟོན་ལས་དོན་ཁག་ཡག་པོ་བསྒྲུབས་ནས་འགནལེན་ཏན་ཏིག་གཉིས་མཐའ་གཅིག་ཏུ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

ལི་ཡུན་ཙེས་ད་སྔར་ཞིང་ཆེན་ཡོངས་ཀྱི་ནགས་རྩྭ་མེ་ཟོན་གྱི་ཆེས་གལ་ཆེ་བའི་དུས་སྐབས་སུ་སླེབས་ཡོད། དཀར་མཛེས་ཁུལ་གྱི་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་དོགས་ཟོན་ཆེན་པོ་དང་སྔོན་འགོག་གཙོར་བཟུང་རྒྱུན་འཁྱོངས་ཏེ་འབྱུང་རྩ་ནས་འགོག་ཟོན་བྱ་རྒྱུར་ཤུགས་རྒྱག་པ་དང་། སྐོར་ཞིབ་སྐོར་གཡེང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དོ་དམ་ཚོད་འཛིན་ནན་པོ་བྱས་ཏེ། མེ་ཁུངས་རི་ཁུལ་དུ་མི་ཁུར་པ་དང་མི་སྣ་རྗེས་འདེད་ཐུབ་པའི་འགན་ལེན་བྱ་དགོས། མེ་ཟོན་དྲིལ་བསྒྲགས་སློབ་གསོར་ཤུགས་བསྣན་ནས་དམངས་ཡོངས་ཀྱི་མེ་ཟོན་འདུ་ཤེས་ཇེ་དྲག་ཏུ་ཧུར་ཐག་གཏང་དགོས་པ་དང་། མཉམ་འགོག་མཉམ་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་མིས་བཟོས་རྒྱུ་རྐྱེན་ལས་མེ་སྐྱོན་འབྱུང་བར་སྔོན་འགོག་མཐའ་གཅིག་ཏུ་བྱ་དགོས། མེ་ཟོན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་བརྒྱབ་ནས་མང་ཚོགས་དང་མེ་ཟོན་མི་སྣའི་ཉེན་མེད་ཡོང་བར་འགན་ལེན་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།



  • ལེ་ཚན་སྔོན་མ།:དཔའ་བོའི་ཞུམ་མེད་མཛད་རྗེས་རྗེས་དྲན་བྱེད།། སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དར་སྤེལ་གཏོང་།།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།