དཔའ་བོའི་ཞུམ་མེད་མཛད་རྗེས་རྗེས་དྲན་བྱེད།། སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དར་སྤེལ་གཏོང་།།

ལྷ་འཛོམས་ཀྱིས་བསྒྱུར།        2023-04-06

    དཔའ་བོའི་ཞུམ་མེད་མཛད་རྗེས་རྗེས་དྲན་བྱེད།། སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དར་སྤེལ་གཏོང་།།

    དཔྱིད་ཟླ་བཞི་བར་སྔོན་གཤེགས་དཔའ་བོ་ལ་མཆོད་འབུལ་བྱེད། ཡང་དུ་ལོ་གཅིག་གི་དུར་མཆོད་དུས་ཚིགས་སུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་གཏིང་ཟབ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲན་གསོའི་ལས་ཀར་བསྔགས་བརྗོད་བྱ་རྒྱུའི་སྐོར་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཟབ་མོ་དང་།གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན། སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དར་སྤེལ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་བཅས་བྱས་ནས་དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་ལས་དོན་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་ཆེན་པོ་གོང་བུར་འགྲིལ་ཐུབ་ཆེད། སྤྱི་ཟླ4པའི་ཚེས3ཉིན་ལ་དཀར་མཛེས་ཁུལ་དམག་ཞབས་ཐིམས་པའི་དམག་དོན་ཅུས་ཀྱིས་དར་མདོ་གྲོང་ཁྱེར་གྱི་དམག་ཞབས་ཐིམས་པའི་དམག་དོན་ཅུས་དང་མཉམ་འབྲེལ་ཐོག་དར་མདོ་གྲོང་ཁྱེར་གྱི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ2023ལོའི་དུར་མཆོད་དུས་ཚིགས་སུ་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་ཏང་ཚོགས་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། དར་མདོ་གྲོང་ཁྱེར་གྱི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་གི་ཐང་ཆེན་གྱི་དབུས་སུ་དཀར་མཛེས་ཁུལ་དམག་ཞབས་ཐིམས་པའི་དམག་དོན་ཅུས་དང་དེ་བཞིན་དར་མདོ་གྲོང་ཁྱེར་དམག་ཞབས་ཐིམས་པའི་དམག་དོན་ཅུས་ཀྱི་ལས་བྱེད་ལས་བཟོ་ཡོངས་དང་། གྲོང་ཁྱེར་མི་དམངས་དྲག་ཆས་པུའུ་ཡི་དཔོན་དམག། ནགས་ཚལ་མེ་ཟོན་རོགས་སྐྱོབ་རུ་མི། གཞོན་ནུ་དང་བླངས་པ། དམག་ཞབས་ནས་ཐིམས་པའི་དམག་མི། སྔོན་གཤེགས་དཔའ་བོའི་ནང་མི།མང་ཚོགས་ཀྱི་འཐུས་མི་བཅས་ཁྱོན་མི70ལྷག་ཙམ་དུར་མཆོད་ནང་ཞུགས་ཡོད།། 

  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ཅུས་ཧུའེ་འོད་ཤུགས་གློག་ཁང་བསྐྲུན་ནས་སྤྱོད་འགོ་ཚུགས།
  • ལེ་ཚན་རྗེས་མ།:ལི་ཡུན་ཙེས་རང་ཁུལ་དུ་ནགས་རྩྭ་མེ་ཟོན་ཉེན་སྟོན་ལས་ཀར་ལྟ་སྐུལ་ཞིབ་བཤེར་གནང་།
  • དོ་སྣང་ཆེ་བའི་རྩོམ།