ཁུལ་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་ལིའུ་ཞུའེ་ལིན་གྱིས་ཁྲིམས་སྐྱོང་ཆུ་ཚད་མཐོན་པོའི་ཞབས་ཞུས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་འགན་ལེན་བྱ་དགོས་ཞེས་བཤད།

བདེ་སྐྱིད་ཀྱིས་བསྒྱུར།        2023-04-03

ཁུལ་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་ལིའུ་ཞུའེ་ལིན་གྱིས་ཁྲིམས་སྐྱོང་ཆུ་ཚད་མཐོན་པོའི་ཞབས་ཞུས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་འགན་ལེན་བྱ་དགོས་ཞེས་བཤད།

ཏང་གི་ཚོགས་ཆེན་ཉི་ཤུ་པར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་ཤིང་། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་ཏེ་དུས་རབས་གསར་པའི་དཀར་མཛེས་ཁུལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་པར་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་རེད། རང་ཁུལ་གྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱིས་ཇི་ལྟར་བྱས་ནས་འགན་ནུས་སྒྲུབ་རིང་དཔལ་འབྱོར་དང་། སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་གཙིགས་སུ་འཛིན་པའི་འདུ་ཤེས་ལག་ལེན་བསྟར་རྒྱུ་ཡིན་ནམ། སླད་ཕྱིན་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་ཞིང་ཆེན་ཏང་ཨུའི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་ཇི་ལྟར་བྱས་ཏེ་དཀར་མཛེས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་གཏོང་ཆེད་ཁྲིམས་འཛིན་གྱི་འགན་འཁྲི་དང་བྱས་རྗེས་དེ་བས་ཆེ་བ་མངོན་དགོས་སམ། ད་ཆ་འདི་ག་ཚགས་པར་ཁང་གི་གསར་འགོད་པས་ཁུལ་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་ལིའུ་ཞུའེ་ལིན་ལ་ཆེད་དོན་བཅར་འདྲི་ཞུས་པ་རེད།

ལིའུ་ཞུའེ་ལིན་གྱིས2023ལོར་ཁུལ་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱིས་ཞིང་ཆེན་ཏང་ཨུའི་འཐབ་ཇུས་བཀོད་སྒྲིག་དང་ཁུལ་ཨུའི་སྤྱིའི་ལས་ཀའི་བཀོད་སྒྲིག་ལ་དམིགས་ནས་དཔལ་འབྱོར་དང་འཛུགས་སྐྲུན། འཕེལ་རྒྱས་བཅས་དམ་དུ་བཟུང་སྟེ་འཆམ་མཐུན་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་གཙོ་བོར་ཕྱོགས་ནས་ཁྲིམས་སྐྱོང་གིས་རྩ་བ་བརྟན་དུ་གཏོང་བ་དང་། སྔོན་དཔག་བརྟན་པོར་བྱེད་པ། ཕུགས་ལ་ཕན་པ་བཅས་ཀྱི་འགན་ལེན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཁྲིམས་སྐྱོང་གི་འགན་ལེན་ནུས་པ་དང་། སྐུལ་འདེད་ནུས་པ། ཞབས་ཞུའི་ནུས་པ། ཤུགས་རྐྱེན་ཐེབས་ཤུགས་བཅས་ཆེ་རུ་ཏན་ཏིག་གཏང་རྒྱུ་ཡིན་པ་དང་། ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་དཀར་མཛེས་ཁུལ་དང་ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་འཛུགས་པར་བརྟེན་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་འགན་ལེན་བྱས་ཏེ་མཐུན་སྒྲིལ་དང་ཕྱུག་འབྱོར། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱ་ཆེད་སྲ་ཞིང་བརྟན་པའི་ཁྲིམས་སྐྱོང་གི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

གཅིག་ནས་གཅིག་གྱུར་འཆར་འགོད་བྱས་ཏེ་ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་དཀར་མཛེས་ཁུལ་མགྱོགས་སུ་བསྐྲུན་དགོས་པ་དང་། གཉིས་ནས་དཀའ་གནད་ལས་བསྒྲལ་ནས་ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་སྲིད་གཞུང་མགྱོགས་སུ་བསྐྲུན་དགོས། གསུམ་ནས་བརྟན་བརླིང་ལ་འགན་ལེན་བྱས་ཏེ་ཆུ་ཚད་དེ་བས་མཐོ་བའི་བདེ་འཇགས་ཀྱི་དཀར་མཛེས་ཁུལ་མགྱོགས་སུ་བསྐྲུན་དགོས། བཞི་ནས་འགན་སྲུང་ལ་མཐོང་ཆེན་བྱས་ཏེ་ཆུ་ཚད་སྔར་ལས་མཐོ་བའི་ཁྲིམས་སྐྱོང་ཞབས་ཞུའི་མ་ལག་མགྱོགས་སུ་བསྐྲུན་དགོས་པ་བཅས་སོ།། 


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ནགས་རྩྭ་མེ་ཟོན་ཉེན་སྟོན་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:སྟོབས་ཤུགས་གཅིག་བསྒྲིལ་གྱིས་རི་སྔོ་ཆུ་དྭངས་སྲུང་ཞིང་སྐྱོང་།
  • དོ་སྣང་ཆེ་བའི་རྩོམ།