ལི་ཆང་གིས་ཁེ་ཐེ་ཏི་ཝའི་ཙུང་ལི་དང་ཐུག་འཕྲད་གནང་བ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2023-03-31

སྤྱི་ཚེས29ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཧའེ་ནན་པོ་ཨའོ་རུ་ཁེ་ཐེ་ཏི་ཝའི་ཙུང་ལི་ཨ་ཞི་དང་ཐུག་འཕྲད་གནང་ཡོད་པ་རེད།

ལི་ཆང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཝ་ཐ་ལའེ་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་ཁེའི་འབྲེལ་བ་ཁྱོན་ཡོངས་ནས་གོང་འཕེལ་མྱུར་པོ་བྱུང་ཡོད། ང་ཚོས་རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ40འཁོར་བ་དེ་འགོ་འཛུགས་ས་གསར་པར་རྩིས་ཏེ་ཕྱོགས་གཉིས་འབྲེལ་བ་ཟམ་མི་ཆད་པར་སྐས་རིམ་གསར་པ་ཞིག་གི་ཐོག་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་ཡོད།

ལི་ཆང་གིས། ཀྲུང་གོའི་ཕྱོགས་ནས་ཁེ་ཐེ་ཏི་ཝས་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་མཐའ་གཅིག་ཏུ་བྱེད་པར་བསྔགས་བརྗོད་ཞུ་རྒྱུ་ཡིན་ལ། ཁེ་ཐེ་ཏི་ཝ་དང་ལྷན་དུ་གོང་འཕེལ་འཆར་འགོད་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། ཞིང་ལས་དང་། རྨང་གཞིའི་འཛུགས་སྐྲུན། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཁོ་ཐེ་ཏི་ཝ་འབྲུ་རིགས་རང་ཁ་རང་གསོ་སྔ་ཙམ་ཐུབ་པ་དང་། བཟོ་ལས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་རམ་འདེགས་བྱེད་པ། ཁོ་ཐེ་ཏི་ཝའི་ཕྱོགས་ལ་ཤེས་ལྡན་མི་སྣ་སྔར་ལས་མང་བ་གསོ་སྐྱོང་བྱ་རོགས་བྱེད་པ། ཁེ་ཐེ་ཏེ་ཝ་ཕྱོགས་ཀྱིས་འཇིགས་སྐུལ་ལ་ངོ་རྒོལ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་བཅས་བྱ་འདོད་ཅེས་བསྟན་འདུག

ཨ་ཞི་ཡིས་ཀྲུང་གོས་ཏོག་གསར་རིམས་ནད་ལ་ཁ་གཏད་གཅོག་པའི་ཐད་རྒྱལ་ཁ་ཆེན་པོ་ཐོབ་པར་རྟེན་འབྲེལ་ཞུས་ཡོད་པ་རེད། ཁོང་གིས། ཁོ་ཐེ་ཏི་ཝས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུ་རྒྱུ་ཡིན་ལ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་ནང་ཧུར་ཐག་ཞུགས་པ། ཀྲུང་གོའི་ཕྱོགས་དང་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༤༠འཁོར་བར་གོ་སྐབས་སུ་བཟུང་ནས་མ་འཇོག་དང་། ཞིང་ལས། སློབ་གསོ་གསོ་སྦྱོང་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ལ། ཁེ་ཐེ་ཏི་ཝའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གང་མགྱོགས་ཡོང་རྒྱུར་རོགས་རམ་བྱེད་རྒྱུའི་རེ་བ་ཡོད་ཅེས་བསྟན་འདུག

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་དང་གྲོས་མོལ་གནང་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།