ཞི་ཅིན་ཕིང་གིས་པའོ་ཏེར་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

        2023-03-16

པའོ་ཏེར་གྱིས་བལ་པོ་རྒྱལ་ཁབ་ཀྱི་སྲིད་འཛིན་གྱི་འགན་བཞེས་པར། སྤྱི་ཚེས14ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པའོ་ཏེར་ལ་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས་གནང་བ་རེད།

     ཞི་ཅིན་ཕིང་གིས། ཀྲུང་གོ་དང་བལ་པོ་ནི་རི་ཆུ་འབྲེལ་བའི་ཁྱིམ་མཚེས་རྒྱལ་ཁབ་ཡིན། སྤྱི་ལོ1955ལོར་ཕྱི་འབྲེལ་བཙུགས་ཚུན་དུ་ཀྲུང་གོ་དང་བལ་པོའི་འབྲེལ་བ་སྔ་ཕྱི་བར་གསུམ་དུ་སྐྱོན་བྲལ་དང་བརྟན་པོའི་སྒོ་ནས་གོང་འཕེལ་ཕྱིན་ཏེ། རྒྱལ་ཁབ་ཆེ་བ་དང་ཆུང་བའི་བར་ཞི་བདེ་མཉམ་གནས་དང་མཛའ་གྲོགས་རོགས་རེས་ཀྱི་མིག་དཔེ་བཏོད་ཡོད། ང་རང་ནས་ཀྲུང་གོ་དང་བལ་པོའི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་མཐོང་ཆེན་བྱེད་ཀྱིན་ཡོད། སྲིད་འཛིན་པའོ་ཏེར་དང་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་གོ་དང་བལ་པོའི་སྲོལ་རྒྱུན་མཛའ་གྲོགས་དར་སྤེལ་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཀྱི་ཡིད་ཆེས་ཟབ་དུ་གཏོང་བ། སྤུས་མཐོའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ། མི་ཆོས་རིག་གནས་སྤེལ་རེས་དང་མཉམ་ལས་རྒྱ་ཆེར་གཏོང་བ་བཅས་ཀྱིས་ཀྲུང་གོ་དང་བལ་པོའི་གོང་འཕེལ་དང་དར་རྒྱས་ལ་ཁ་ཕྱོགས་པའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟམ་མི་ཆད་པར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་ཡོད་པ་རེད།



ལོ་ཙཱ་བ། ཨོ་རྒྱན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:བྱང་ཐང་ནས་ལོ་དུང་ཕྱུར3.9ཡི་སྔོན་གྱི་ཆུ་འོག་བྲག་རྡོ་རྙེད་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།