ཀྲའོ་ལེ་ཅིས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་གནང་བ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན།    2023-03-16

སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་དང་པོ་སྤྱི་ཚེས་14ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་སྐོང་ཚོགས་བྱས་ཡོད། གྲོས་ཚོགས་ཐོག གྲོས་ཚོགས་མཇུག་སྒྲིལ་རྗེས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་སྐོང་འཚོགས་བྱ་རྒྱུའི་གཏན་འཁེལ་བྱས་ཡོད། ཨུ་ཡོན་ཀྲང་ཀྲའོ་ལེ་ཅིས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་ཡོད།

གྲོས་ཚོགས་ཐོག་ཞིབ་འཇུག་གནང་ནས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཆེད་དོན་ཨུ་ཡོན་ལྷན་ཁང་ལ་འབྲེལ་བ་བྱེད་པའི་ལས་བགོས་གཏན་འཁེལ་བྱས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་ལིའུ་ཆི་ཡིས་ཁག་སོ་སོར་གནང་བའི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་འཆར་ཟིན་དང་ཉིན་རེའི་བཀོད་སྒྲིག་བསམ་འཆར་སྐོར་གྱི་སྙན་ཞུ་དང་། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་གཞོན་པ་བསྐོ་བཞག་བྱ་དོན་གི་འབྲེལ་ཡོད་གནས་ཚུལ་སྐོར་གྱི་སྙན་ཞུ། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེསང་དང་པོའི་ཐོག་བསྐོ་བཞག་བྱེད་རྩིས་ཡོད་པའི་མི་སྣས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་འབྲེལ་ཡོད་བཀོད་སྒྲིག་སྐོར་གྱི་སྙན་ཞུ་བཅས་གསན་གནང་ཡོད་པ་རེད།

ཨུ་ཡོན་ཀྲང་གི་གྲོས་ཚོགས་ཀྱིས་གྲོས་འགོ་བཏོན་པའི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་ནི། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་གཞོན་པ་བསྐོ་གཞག་བྱ་རྒྱུ་དེ་རེད།
ཀྲའོ་ལེ་ཅིས། ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་གྲུབ་ཆའི་མི་སྣས་ངེས་པར་དུ་ཏང་ལ་བློ་དཀར་སེམས་དཀར་དང་། མི་དམངས་ལ་བློ་དཀར་སེམས་དཀར། རྩ་ཁྲིམས་དང་བཅའ་ཁྲིམས་ལ་བློ་དཀར་སེམས་དཀར་བཅས་བྱེད་དགོས་པ་དང་། རང་ཉིད་ཀྱི་འགན་འཁྲི་བརྟན་སྲུང་དང་། ལྷག་བསམ་དག་པའི་ལེགས་སྐྱེས་ཕུལ་ནས། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་དང་། འཐུས་ཚང་ཡག་པོ། འཁོར་རྒྱུག་ཡག་པོ་བཅས་བྱེད་པ་དང་། མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་སྤུས་ཚད་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ཞེས་གསུངས་ཡོད།

  • ལེ་ཚན་སྔོན་མ།:རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྩ་ཁྲིམས་དམ་འཇོག་གི་མཛད་སྒོ་སྤེལ་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10