རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྩ་ཁྲིམས་དམ་འཇོག་གི་མཛད་སྒོ་སྤེལ་བ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན།    2023-03-16

སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་ཚེས་14ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཚེན་མོར་རྩ་ཁྲིམས་དམ་འཇོག་གི་མཛད་སྒོ་གཉེར་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅིས་མཛད་སྒོ་གཙོ་སྐྱོང་གནང་བ་མ་ཟད་དམ་བཅའ་འཇོག་པར་ལྟ་སྐུལ་གནང་ཡོད།

སྔ་དྲོའི་ཆུ་ཚོད་11ཐོག ཀྲའོ་ལེ་ཅིས་རྩ་ཁྲིམས་དམ་འཇོག་གི་མཛད་སྒོ་
སྒོ་ཚུགས་པའི་ཁྱབ་བསྒྲགས་གནང་ཡོད། ཚང་མ་ཡར་བཞེངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་ཡོད།
འཇུག་སྒྲིལ་མ་ཐག་པའི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་དང་པོའི་ཐོག་བསྐོ་བཞག་བྱས་པའི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་གཞོན་པས་རྩ་ཁྲིམས་དང་འབྲེལ་ཡོད་ཁྲིམས་ལུགས་གྱི་གཏན་འབེབས་གཞིར་བཟུང་རྩ་ཁྲིམས་ཀྱི་དམ་བཅའ་བཞག་ཡོད།
དམ་བཅའ་བཞག་ཚར་རྗེས། ཀྲའོ་ལེ་ཅིས། ཚང་མས་དམ་བཅའ་ཡིད་ལ་བརྟན་པོར་ངེས་ནས་རྩ་ཁྲིམས་ལ་བློ་དཀར་སེམས་དཀར་དང་རྩ་ཁྲིམས་ལ་བརྩི་སྲུང་། རྩ་ཁྲིམས་སྲུང་སྐྱོང་བཅས་བྱས་ནས་རྩ་ཁྲིམས་ལག་བསྟར་ལ་ཤུགས་སྣོན་རྒྱག་པ་དང་རྩ་ཁྲིམས་ཀྱི་འགན་འཁྲི་ལག་བསྟར་བྱེད་དགོས་པའི་ཐུགས་རེ་གནང་ཡོད།

  • ལེ་ཚན་སྔོན་མ།:རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཆེད་དུ་ནུས་པ་འདོན་པ་དང་གཟི་བརྗིད་བརྩོན་ལེན་བྱེད་པ།
  • ལེ་ཚན་རྗེས་མ།:ཀྲའོ་ལེ་ཅིས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་གནང་བ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10