ནགས་ཚལ་རྩྭ་ཐང་གི་མེ་ཟོན་ཉེན་སྟོན་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ།

        2023-03-30

སྤྱི་ཟླ3པའི་ཚེས30ཉིན་གྱི་སྔ་དྲོར། ཁུལ་ཡོངས་ཀྱི་ནགས་ཚལ་རྩྭ་ཐང་མེ་ཟོན་ཉེན་སྟོན་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་དར་མདོ་མཛའ་གཞས་ཐང་ཆེན་དུ་སྤེལ་བ་རེད།


ནགས་ཚལ་རྩྭ་ཐང་གི་མེ་ཟོན་ཉེན་སྟོན་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ།


     ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། ཁུལ་མི་དམངས་འཐུས་ཚོགས། ཁུལ་ནགས་ཚལ་མེ་ཟོན་རུ་ཁག། མེ་ཟོན་རོགས་སྐྱོབ་རུ་ཁག། དར་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་དང་ནགས་ཚལ་རྩྭ་ཐང་ཅུས་སོགས་ལས་ཁུངས་ཆེ་གྲས་ཀྱི་མགོ་ཁྲིད་དང་ལས་སྒྲུབ་མི་སྣ་བྱེད་སྒོར་ཞུགས་པ་རེད།


ནགས་ཚལ་རྩྭ་ཐང་གི་མེ་ཟོན་ཉེན་སྟོན་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ།


     བྱེད་སྒོའི་ཡུལ་དངོས་སུ་ཁུལ་ནགས་ཚལ་མེ་ཟོན་རུ་ཁག་དང་མེ་ཟོན་རོགས་སྐྱོབ་རུ་ཁག་གིས་གོ་མཚོན་འགྲེམ་སྟོན་དང་འགྲེལ་བརྗོད་བྱས་པ་དང་། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་མེ་ཟོན་བརྙན་ལམགསར་བརྗེའི་ཉེན་ཟོན་ས་ཐིགདངདམག་འཁྲུག་གི་མེ་ལྕེའི་རིགསཞེས་པ་བཤམས་སྟོན་བྱས་ཤིང་། ཁུལ་ནགས་ཚལ་རྩྭ་ཐང་ཅུས་ཀྱིས་ནགས་ཚལ་རྩྭ་ཐང་མེ་འགོག་པརངས་གྲོས་འགོ་འདོན། ངས་དམ་བཅའ་བྱེདཅེས་པའི་མིང་རྟགས་འགོད་སར་འགན་ཁུར་ཞིང་། མིང་རྟགས་འགོད་སའི་གྱང་ངོས་སུ། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཧྥུང་ཧྥ་ཀུའེ་རྣམ་གཉིས་ཀྱིས་གཙོ་བོར་བྱས་པའི་བྱེད་སྒོར་ཞུགས་མཁན་ཡོངས་ཀྱིས་མིང་རྟགས་བཀོད་པ་རེད། ད་དུང་བྱེད་སྒོ་རུ་དྲིལ་བསྒྲགས་ལག་དེབ་སྤྲོད་པ་དང་ནགས་ཚལ་མེ་གསོད་སྒྲིག་ཆས་འགྲེམ་སྟོན་ལ་ལྟ་སྐོར་བྱས་པ་དང་། དར་མདོ་མཛའ་གཞས་དབྱངས་རྟའི་བརྒྱུད་འཛིན་པས་གླུ་ངག་གི་མཆོད་པ་ཕུལ་སོགས་རྣམ་པ་ཕུན་སུམ་ཚོགས་པོ་སྤེལ་ཡོད་པ་རེད།


ནགས་ཚལ་རྩྭ་ཐང་གི་མེ་ཟོན་ཉེན་སྟོན་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ།

མཛའ་གཞས་དབྱངས་རྟའི་བརྒྱུད་འཛིན་པས་གླུ་ལེན་བཞིན་པའི་ཚུལ།


གསར་འགོད་པ། ཨོ་རྒྱན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་གིས་གད་སྙིགས་གཙང་འཕྱག་ལས་དོན་ཧུར་ཐག་སྤེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།