དཀར་མཛེས་རྫོང་གིས་གཟུགས་མེད་རིག་གནས་ཤུལ་བཞག་འགྲེམ་སྟོན་བྱེད་སྒོ་སྤེལ།

པདྨ་རྒྱལ་མཚན་གྱིས་བྲིས་ཤིང་པར་བླངས།        2023-03-27

དཀར་མཛེས་རྫོང་གིས་གཟུགས་མེད་རིག་གནས་ཤུལ་བཞག་འགྲེམ་སྟོན་བྱེད་སྒོ་སྤེལ།

   སྤྱི་ཟླ3པའི་ཚེས21ཉིན། དཀར་མཛེས་རྫོང་གཟུགས་མེད་རིག་གནས་ཤུལ་བཞག་འགྲེམ་སྟོན་སྐབས་དང་པོའི་མཛད་སྒོ་རྫོང་གྲོང་ནོར་བུ་གླིང་ཐང་ཆེན་དུ་སྤེལ། མཛད་སྒོ་དེ་དཀར་མཛེས་རྫོང་ཨུ་དང་། དཀར་མཛེས་རྫོང་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་བྱེད་ཅིང་དཀར་མཛེས་རྫོང་ཨུའི་དྲིལ་སྒྲོག་པུའུ་དང་དཀར་མཛེས་རྫོང་རིག་གནས་ཡུལ་སྐོར་ཅུས་གཉིས་ཀྱིས་སྒྲུབ་འགན་ཁུར་ཏེ། དཀར་མཛེས་ནོར་བུའི་གླིང་གི་སྲོལ་རྒྱུན་རིག་གནས་ཁྱད་འཕགས་དག་བརྒྱུད་འཛིན་དང་དར་སྤེལ་བྱ་ཆེད། དཀར་མཛེས་རྫོང་གི་སྲོལ་རྒྱུན་ལྷ་རིས་དང་མགར་བཟོ། སྲེག་བྲིས། ཚེམ་བཟོ། ཤིང་རྐོས། སྤོས་སྦྱོར། དམངས་ཁྲོད་རྩོམ་རིག་སོགས་བརྒྱུད་འཛིན་པ30ལ་རྫོང་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་པའི་མིང་རྟགས་དང་ལག་ཁྱེར་སྤྲད་པ་རེད། ད་སྔའི་བར་སྲོལ་རྒྱུན་རི་མོའི་བརྒྱུད་འཛིན་པ་མི30དང་། སྲོལ་རྒྱུན་ལག་རྩལ་བརྒྱུད་འཛིན་པ15དང་། དམངས་ཁྲོད་གླུ་གར་སྒྱུ་རྩལ་སྐོར་གྱི་བརྒྱུད་འཛིན་པ10ཡོད། དེ་མིན་སྲོལ་རྒྱུན་ལུས་རྩལ་གྱི་སྐོར་ལས་མདོ་བ་རྟའི་རིག་གནས་སྐོར་གྱི་བརྒྱུད་འཛིན་པ། དམངས་ཁྲོད་སྲེག་རིས་བརྒྱུད་འཛིན་པ། དམངས་ཁྲོད་གཡག་འཆམ་སྐོར་གྱི་བརྒྱུད་འཛིན་པ། རྡུལ་ཚོན་སྐོར་གྱི་རྒྱུད་འཛིན་པ། མར་རྒྱན་སྐོར་གྱི་བརྒྱུད་འཛིན་པ། དམངས་ཁྲོད་ཞལ་ཟས་གཡོ་སྦྱོར་སྐོར་གྱི་བརྒྱུད་འཛིན་པ། དམངས་ཁྲོད་རྩོམ་རིག་བརྒྱུད་འཛིན་པ་སོགས་ཡོད་ལ། ད་དུང་ཕན་བདེ་ཐང་ག་གླིང་སོགས་ལས་སྒྲུབ་ཁང་དགུ་ལ་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་རྟེན་གཞི་བཙུགས་ཡོད། རྫོང་ཨུ་དང་རྫོང་སྲིད་གཞུང་། རྫོང་སྲིད་གྲོས། རྫོང་བཟོ་ཚོང་ཚོགས་པ། རྫོང་སྤྱི་བདེ་ཅུས་སོགས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱི་མགོ་ཁྲིད་མཛད་སྒོར་ཞུགས། བྱེད་སྒོའི་ཁྲོད་དུ་དཀར་མཛེས་རྫོང་གླུ་གར་ཚོགས་པས་ལྷ་མོའི་ཟློས་གར་ལས་བཀྲ་ཤིས་པ་སོགས་བྲོ་གར་གྱི་སྐོར་དང་། དམངས་ཁྲོད་གཡག་འཆམ་བརྒྱུད་འཛིན་པ། དམངས་གླུ་རྒྱུད་འཛིན་པ། དཀར་མཛེས་རྡོག་བྲོ་བརྒྱུད་འཛིན་པ་སོགས་ཀྱིས་འཁྲབ་སྟོན་གྱ་ནོམ་པ་བྱས། རྫོང་དང་ཁུལ། ཞིང་ཆེན། རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་པ་འགའ་རེས་གཏམ་བཤད་སྤེལ་ཡོད།། 

  • ལེ་ཚན་སྔོན་མ།: བརྒྱད་ཟིལ་རྫོང་གིས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་སྤེལ་ནས་ཞིང་པའི་ཡོང་འབབ་འཕར་བར་ རོགས་རམ་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།