ལེ་ཧྥེང་སྙིང་སྟོབས་བསྐལ་བརྒྱ་བར་དུ་དར།། དཔེ་བཟང་ཉི་འོད་འཕྲོས་ནས་རྒྱལ་ཁམས་དྲོ།།

སྐལ་ཐུབ་ཀྱིས་བསྒྱུར་ནས་ཞུས།        2023-03-24

ལེ་ཧྥེང་སྙིང་སྟོབས་བསྐལ་བརྒྱ་བར་དུ་དར།། དཔེ་བཟང་ཉི་འོད་འཕྲོས་ནས་རྒྱལ་ཁམས་དྲོ།།
དམག་ཁོངས་ནས་འཐེན་པའི་དམག་མི་རྒན་གྲས་ཀྱིས་ཕྲུ་གུ་ཚོར་ལེ་ཧྥེང་སྙིང་སྟོབས་འཆད་བཞིན་པའི་ཚུལ།

སྤྱི་ལོ1963ལོའི་ཟླ་བ3པའི་ཚེས5ཉིན། མི་དམངས་ཉིན་རེའི་ཚགས་པར་གྱི་པར་ངོས་དང་པོར་ཀྲུའུ་ཞི་མའོ་ཙེ་ཏུང་གིས་བློ་མཐུན་ལེ་ཧྥེང་ལ་སློབ་སྦྱོང་བྱེད་ཅེས་པའི་ཕྱག་བྲིས་གནང་ཡོད། དེ་ནས་རྒྱལ་ཡོངས་གོང་འོག་ཚང་མས་ཚ་ཚ་འུར་འུར་ངང་བློ་མཐུན་ལེ་ཧྥེང་གི་སྔོན་ཐོན་བྱས་རྗེས་སྦྱོང་ཞིང་། ལེ་ཧྥེང་གི་གཏམ་རྒྱུད་ལ་ཉན་པ་དང་ལེ་ཧྥེང་གི་གླུ་དབྱངས་ལེན་པ་ནི་མི་རབས་ཚང་མ་འཚར་ལོངས་འབྱུང་བའི་ཁྲོད་ཀྱི་སྦྱང་བྱ་གཙོ་བོར་གྱུར།

དུས་ཚོད་རིམ་གྱིས་འདས་ཤིང་དུས་རབས་འཕོ་འགྱུར་ཕྱིན། ལོ60རིང་ལ་བློ་མཐུན་ལེ་ཧྥེང་གི་སྙིང་སྟོབས་སྦྱོང་བའི་བྱེད་སྒོ་རྒྱལ་ཡོངས་སུ་རྒྱུན་སྲིང་ཤུགས་ཆེན་སྤེལ་བ་དང་། ཁྱིམ་ཚང་ཀུན་གྱིས་ལེ་ཧྥེང་ཞེས་པའི་མིང་མི་གོ་མཁན་མེད་ལ་ལེ་ཧྥེང་གི་བྱས་རྗེས་ཀྱིས་སེམས་འགུལ་མི་ཐེབས་མཁན་ཡང་ཧ་ལམ་མེད། ལོ་ཟླའི་ཆུ་རྒྱུན་རིང་མོའི་ཁྲོད་དུ་ལེ་ཧྥེང་གི་སྙིང་སྟོབས་མ་ཉམས་གསོན་པོར་འབར་ཞིང་མི་རབས་ནས་མི་རབས་ཀྱི་ཀྲུང་ཧྭའི་བུ་རྒྱུད་ཚོའི་སེམས་ཀྱི་ཞིང་ས་བསྐྱངས་དང་སྐྱོང་བཞིན་མཆིས་སོ།།

ལེ་ཧྥེང་སྙིང་སྟོབས་བསྐལ་བརྒྱ་བར་དུ་དར།། དཔེ་བཟང་ཉི་འོད་འཕྲོས་ནས་རྒྱལ་ཁམས་དྲོ།།
མེ་ཟོན་པས་ནགས་རྩྭའི་མེ་ཟོན་ཤེས་བྱ་སྒྲོག་བཞིན་པའི་ཚུལ།

དམག་མི་ཚོས་ལེ་ཧྥེང་སྙིང་སྟོབས་དར་སྤེལ་བཏང་།

ལེ་ཧྥེང་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་དང་དམག་ཁོངས་ནས་འཐེན་པའི་དམག་མིའི་དང་བླངས་ཞབས་ཞུའི་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་པའི་ཆེད། ཁུལ་དམག་ཁོངས་ནས་འཐེན་པའི་དམག་མིའི་ལས་དོན་ཅུས་ཀྱིས་རྫོང་དང་གྲོང་ཁྱེར་ཁག་གི་དམག་མི་རྒས་གྲས་དང་བླངས་པ་བསྡུས་ནས་ཁུལ་ཡོངས་ཀྱི་ལེ་ཧྥེང་སྙིང་སྟོབས་སྦྱོང་བའི་དམངས་ལ་ཞབས་ཞུའི་ཉིན་མོ་ཞེས་པའི་གཙོ་དོན་བྱེད་སྒོར་ཞུགས་སུ་བཅུག། དམག་མི་རྒས་གྲས་དང་བླངས་པ་ཚོ་སྤྱི་ཁུལ་དང་སློབ་གྲྭ། རྒན་གསོ་ལས་ཁུངས་སོགས་སུ་ཕྱིན་ནས་མི་དམངས་མང་ཚོགས་ལ་ཞབས་འདེགས་གང་ཐུབ་ཐུབ་ཞུས་ནས། དམག་ཁོངས་ནས་འཐེན་ཀྱང་བློ་སྟོབས་མི་ཉམས། དམག་ཁོངས་ནས་བྲལ་ཡང་རང་གཤིས་མི་འགྱུར་ཞེས་པའི་དེང་རབས་དམག་མིའི་བརྗིད་ཉམས་རྔམ་པ་རེད།

དམག་མི་རྒས་གྲས་སྟོབས་རྒྱལ་ད་ལོ་ལོ84ལ་སོན་པ་དང་བྱམས་དགའ་ལོ74ལ་སོན་ཡོད། ཁོང་གཉིས་ནི་དཀར་མཛེས་རྫོང་དམག་ཁོངས་ནས་འཐེན་པའི་དམག་མིའི་ལས་དོན་ཅུས་ཀྱི་སྒྲོག་འགྲེལ་ཚོ་ཆུང་གི་ཁོངས་མི་ཡིན་ཞིང་། ད་ཆ་དཀར་མཛེས་རྫོང་ཆ་ཚང་སློབ་ཆུང་གསུམ་པར་ལེ་ཧྥེང་གི་ལོ་རྒྱུས་དང་སྙིང་སྟོབས་སྒྲོག་འགྲེལ་དུ་ཕེབས། ལེ་ཧྥེང་དང་དུས་མཉམ་དུ་འཚར་ལོངས་བྱུང་བའི་རྒས་པོ་སྟོབས་རྒྱལ་ལ་ལེ་ཧྥེང་གི་སྙིང་སྟོབས་ཀྱི་དོན་སྙིང་ཅི་འདྲ་ཡིན་པའི་སྐོར་ལ་མྱོང་ཚོར་ཟབ་མོ་ཡོད་ཅིང་། སྒྲོག་འགྲེལ་བྱ་ཡུལ་དུ་ཁོང་ལུས་རྒས་ཀྱང་ཡར་ལངས་ནས་སློབ་མ་ཚོར་ལེ་ཧྥེང་གི་མི་ཚེ་དཀྱུས་མ་ཡིན་ཡང་རླབས་ཆེ་བ་ཡིན་ཚུལ་ངོ་སྤྲད་གང་བདེར་གནང་། ཁོང་གིས་ལེ་ཧྥེང་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་གཏང་ན་ན་ཆུང་གཞོན་ནུ་ཚོས་མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་ཐུབ་པར་ཕན་ཐོགས་ཆེན་པོ་ཡོད། བྱིས་པ་ཚོས་ལེ་ཧྥེང་གི་བྱས་རྗེས་ངོ་མཚར་ཅན་གྱི་ཁྲོད་དུ་ཧུར་སྐྱོད་ཀྱི་སྟོབས་ཤུགས་སྡུད་ཐུབ་པ་དང་། བསམ་པ་བཟང་པོ་དང་བློ་སྤོབས་བརྟན་པོར་བཅངས་ཏེ་དུས་རབས་གསར་པའི་ན་ཆུང་བཟང་པོ་ཞིག་བྱེད་ཐུབ་རྒྱུ་རེད་ཅེས་བཤད་པ་རེད།

རྒས་པོ་བྱམས་དགའ་ཡིས་སྒྲོག་འགྲེལ་གནང་བའི་སྐབས་སུ་རང་ཉིད་དམག་ནང་ཞུགས་པའི་ལོ་རྒྱུས་བཤད་པ་དང་། སློབ་མ་ཚོར་བློ་མཐུན་ལེ་ཧྥེང་ལྟར་ཆུང་དུས་ནས་མི་ཚེའི་ལྟ་བ་དང་འཇིག་རྟེན་ལྟ་བ། རིན་ཐང་ལྟ་བ་བཅས་ཡང་དག་པ་བཅང་དགོས་པ་དང་། མེས་རྒྱལ་ལ་མཁོ་བའི་འཇོན་ཐང་ཅན་ཞིག་བྱ་དགོས་པའི་སློབ་གསོ་སྤྲད་པ་རེད།

རོང་བྲག་རྫོང་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་དམག་ཁོངས་ནས་འཐེན་པའི་དམག་མི་རྒས་གྲས་ཚོས་གད་བདར་ལ་བྱེད་སྒང་ཡིན། ཁོང་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་སར་ཡོང་མཁན་ཚོར་ཁོར་ཡུག་གཙང་ཞིང་བརྗིད་པ་ཞིག་བསྐྲུན་ནས་ལག་ལེན་ཁྲོད་དུ་ལེ་ཧྥེང་དང་དང་བླངས་པའི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་བཏང་དང་གཏོང་བཞིན་མཆིས།

ལེ་ཧྥེང་སྙིང་སྟོབས་བསྐལ་བརྒྱ་བར་དུ་དར།། དཔེ་བཟང་ཉི་འོད་འཕྲོས་ནས་རྒྱལ་ཁམས་དྲོ།།
དཀར་མཛེས་རྫོང་སློབ་འབྲིང་གི་སློབ་མས་སྒྲོག་བྱང་དུ་རང་མིང་འགོད་བཞིན་པའི་ཚུལ།

དང་བླངས་པ་ཚོས་ལེ་ཧྥེང་སྙིང་སྟོབས་ལག་ལེན་དུ་བསྟར།

ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་དྲན་རྟེན་ཉིན་མོ་དང་ཀྲུང་གོ་ན་གཞོན་དང་བླངས་པའི་ཞབས་འདེགས་ཉིན་མོ་ཐེངས24པ་འཆར་བའི་སྐབས་སུ། གུང་གཞོན་ཚོགས་པ་དཀར་མཛེས་ཁུལ་ཨུས་ཁུལ་ན་གཞོན་དང་བླངས་པའི་མཐུན་ཚོགས་དང་མཉམ་འབྲེལ་བྱས་ཏེ། གུང་གཞོན་ཚོགས་པ་རྫོང་དང་གྲོང་ཨུ་བསྡུས་ཏེ། རང་ཁུལ་གྱི་དང་བླངས་པ་དང་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་རྒྱ་ཆེན་བསྐུལ་ནས་ལེ་ཧྥེང་སྙིང་སྟོབས་སྦྱོང་བའི་དང་བླངས་ཞབས་ཞུ་རབ་དང་རིམ་པ་སྤེལ་ཏེ། བློས་འབུལ་དང་མཛའ་མཐུན། རོགས་རེས། ཡར་ཐོན་བཅས་ཀྱི་དང་བླངས་ཞབས་ཞུའི་སྙིང་སྟོབས་ཁྱབ་སྒྲོག་སྔར་བས་ལྷག་པར་བྱས།

དཀར་མཛེས་རྫོང་མི་རིགས་སློབ་འབྲིང་དུ་ལེ་ཧྥེང་སྙིང་སྟོབས་དར་སྤེལ་དང་ཧུར་བརྩོན་གྲོན་ཆུང་རྒྱུན་སྐྱོང་བའི་ལེ་ཧྥེང་སྦྱོང་བའི་དང་བླངས་ཞབས་ཞུའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་དུ། གུང་གཞོན་ཚོགས་མི་ཚོས་ལེ་ཧྥེང་གི་ངལ་རྩོལ་དང་འབད་འཐབ། བློས་འབུལ། གསར་གཏོད། ཧུར་བརྩོན་གྲོན་ཆུང་བཅས་ཀྱི་སྙིང་སྟོབས་ལག་ལེན་བསྟར་ཁས་བླངས་པའི་རང་མིང་འགོད་སར་སོ་སོའི་མིང་བཀོད་པ་དང་། ཁོ་ཚོས་ལེ་ཧྥེང་གི་བྱས་རྗེས་སྔོན་ཐོན་སྦྱངས་པའི་ཁྲོད་དུ་སྙིང་སྟོབས་དེ་ཚོ་ཤོག་བུ་སྣུམ་ཟོས་སུ་སོང་ཡོད་ཅིང་། ཁ་མིག་ཡར་ལྟོས་དང་དཔའ་བོར་དད་གུས། གདོང་ལེན་པ་བརྩོན་ལེན་གྱི་ཁྱད་ཆོས་མངོན་པའི་ན་གཞོན་དཔུང་སྡེ་ཡང་རིམ་བཞིན་སྟོབས་ཆེར་ཕྱིན།

འདབ་པ་རྫོང་རྒན་གསོ་ཁང་དུ་ལེ་ཧྥེང་གི་མིག་དཔེ་བཟང་པོ་སྦྱོང་ཞེས་པ་དང་། གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད། མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་ཞེས་པ་སོགས་གསར་བརྗེའི་གླུ་དབྱངས་ཁྲོད་དུ་ན་གཞོན་དང་བླངས་པ་ཚོས་རྒན་རྒོན་ལ་སེམས་ཁུར་གཅེས་སྐྱོང་བྱེད་པའི་དང་བླངས་ཞབས་ཞུ་སྤེལ་བཞིན་ཡོད། དང་བླངས་པ་ཚོས་རྒན་རྒོན་ཚོའི་འཚོ་བ་དང་ལུས་པོ་བདེ་ཐང་གི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱེད་ཅིང་ཐ་ན་སྨན་འཐུང་སྟངས་ཡན་ཆད་ཀྱང་ངང་རྒྱུད་རིང་མོས་སློབ་པ་རེད། དགུང་ཟས་ཀྱི་དུས་སུ་དང་བླངས་པ་ཚོས་ཁག་བགོས་ནས་བཟོས་པའི་ཟས་སྣ་ཞིམ་པོ་དག་ཁྱེར་ཡོང་ནས་རྒན་རྒོན་ཚོ་དང་མཉམ་དུ་ལོངས་སུ་སྤྱད་པ་རེད།

རོང་བྲག་རྫོང་ན་གཞོན་དང་བླངས་པས་དཔའ་དབང་ཡུལ་ཤོག་སློབ་ཆུང་གི་ལུས་རྩལ་ཐང་དུ་ལེ་ཧྥེང་སྦྱོང་ཞིང་སྲོལ་གསར་འཛུགས་ཞེས་པའི་དང་བླངས་ཞབས་ཞུ་བྱེད་སྒོ་སྤེལ་བ་དང་། དང་བླངས་པ་ཚོས་ནམ་རྒྱུན་འཚོ་བ་དང་ཟུང་དུ་སྦྲེལ་ནས་ལེ་ཧྥེང་སྙིང་སྟོབས་ཀྱི་དོན་སྙིང་སློབ་མ་ཚོར་བཤད་པ་དང་། འབྲེལ་ཡོད་ཤེས་བྱ་འགྲན་བསྡུར་བྱས། ཁོ་ཚོས་དགེ་སློབ་ཡོངས་ལ་རང་སའི་བྱ་བ་ཆུང་ཆུང་སྒྲུབ་པ་ནས་འགོ་བཙུགས་ཤིང་བརྩེ་སེམས་དང་བློས་འབུལ་ཆེ་བའི་ཐོག་ནས་དུས་རབས་གསར་པའི་ལེ་ཧྥེང་སྙིང་སྟོབས་དར་སྤེལ་མཁན་དང་ལག་ལེན་པ། སྣེ་ཁྲིད་པ། ཁྱབ་གདལ་པ་བཅས་བྱེད་གང་ཐུབ་བྱ་དགོས་པའི་འབོད་སྐུལ་བྱས་པ་རེད།

ལེ་ཧྥེང་སྙིང་སྟོབས་བསྐལ་བརྒྱ་བར་དུ་དར།། དཔེ་བཟང་ཉི་འོད་འཕྲོས་ནས་རྒྱལ་ཁམས་དྲོ།།
དང་བླངས་པ་ཚོས་ལས་ཀ་སྒྲུབ་བཞིན་པའི་ཚུལ།

མེ་ཟོན་པ་ཚོས་ལེ་ཧྥེང་སྙིང་སྟོབས་རྒྱུན་འཛིན་བྱས།

ཚོར་བཤད་པ་དང་། འབྲེལ་ཡོད་ཤེས་བྱ་འགྲན་བསྡུར་བྱས། ཁོ་ཚོས་དགེ་སློབ་ཡོངས་ལ་རང་སའི་བྱ་བ་ཆུང་ཆུང་སྒྲུབ་པ་ནས་འགོ་བཙུགས་ཤིང་བརྩེ་སེམས་དང་བློས་འབུལ་ཆེ་བའི་ཐོག་ནས་དུས་རབས་གསར་པའི་ལེ་ཧྥེང་སྙིང་སྟོབས་དར་སྤེལ་མཁན་དང་ལག་ལེན་པ། སྣེ་ཁྲིད་པ། ཁྱབ་གདལ་པ་བཅས་བྱེད་གང་ཐུབ་བྱ་དགོས་པའི་འབོད་སྐུལ་བྱས་པ་རེད།

སྤྱི་ཟླ3པའི་ཚེས5ཉིན་ནི་ལེ་ཧྥེང་སྦྱོང་བའི་དྲན་རྟེན་ཉིན་མོ་ཡིན། ཁུལ་ནགས་ཚལ་མེ་ཟོན་ཡན་ལག་རུ་ཁག་གིས་ལེ་ཧྥེང་སྙིང་སྟོབས་རྒྱུན་འཛིན་དང་དུས་རབས་ཀྱི་དར་སྲོལ་གསར་པ་སྤེལ་བའི་གཙོ་དོན་ལག་ལེན་བྱེད་སྒོ་སྤེལ་བ་རེད།

རུ་མི་ངག་དབང་ནོར་བཟང་གིས་དུས་རབས་གསར་པའི་ནགས་ཚལ་མེ་ཟོན་དཔུང་སྡེའི་ཁོངས་མི་ཞིག་ཡིན་པའི་ཆ་ནས། ང་ཚོས་དུས་ནམ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་འདོམས་སྐུལ་ཚིག་གལ་ཆེན་གྱི་དགོངས་དོན་སེམས་ལ་ངེས་དགོས་ཤིང་། ལེ་ཧྥེང་སྙིང་སྟོབས་དར་དུ་སྤེལ་བར་རང་གི་ཉེ་འགྲམ་གྱི་བྱ་བ་ཆུང་ངུ་ནས་འགོ་བཙུགས་ཏེ་བསྒྲུབ་དགོས། བྱ་སྤྱོད་དངོས་ཀྱི་ཐོག་ནས་དུས་རབས་གསར་པའི་མེ་ཟོན་པའི་ཕུགས་ཀྱི་བསམ་འདུན་དང་འགན་འཁྲི་ལ་འགྲེལ་བཤད་ཡག་པོ་ཞིག་བརྒྱག་དགོས་ཞེས་བགྲོ་གླེང་ཁྲོད་དུ་གཏམ་བཤད་དེ་ལྟར་བྱས་པ་རེད།

དེ་དང་མཉམ་དུ་རུ་མི་ཚོས་རྒན་གསོ་ཁང་དུ་འཚམས་འདྲི་དང་། ནགས་ཚལ་མེ་ཟོན་ཚན་རིག་ཤེས་བྱ་དྲིལ་བསྒྲགས། མི་རེས་ཉིན་རེར་སྒོར་མོ་གཅིག་ཞལ་འདེབས་ཕུལ་ནས་སློབ་སྐྱོར་རོགས་རམ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ལེ་ཧྥེང་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་བསམ་སྤྱོད་བཟང་པོ་དང་བླངས་པའི་ཞབས་ཞུའི་ཁྲོད་དུ་ལག་ལེན་དངོས་སུ་བསྟར་བ་རེད།

འདས་པའི་ལོ་གཅིག་གི་ནང་ལ། ང་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་ ཁྲོད་དུ་འབྲས་བུ་གཡུར་ཟ་ཐོབ་ཡོད། ང་ཚོས་མང་ཚོགས་ལ་དོན་དངོས་སྒྲུབ་པའི་ལག་ལེན་དུས་ནམ་ཡང་རྒྱུན་ཆད་མེད། དེ་ནི་ལེ་ཧྥེང་གི་སྙིང་སྟོབས་རྒྱུན་འཛིན་རང་བྱེད་པ་ཡིན་ལ་ཅི་ཞིག་ལ་བརྩེ་བ་ཆེན་མོ་ཞེས་པར་འགྲེལ་བཤད་ཀྱང་ཡང་དག་པ་ཞིག་བརྒྱབ་ཡོད། དཔའ་བོ་རྒས་གྲས་དང་ཏང་མི་རྒས་གྲས་འདི་དག་གིས་མེས་རྒྱལ་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ཆེད་དུ་རང་གི་ལང་ཚོ་དང་ཟུངས་ཁྲག་བློས་ཕུལ་ཡོད། ཁོང་ཚོའི་ལུས་སུ་ཡོད་པའི་སྙིང་སྟོབས་དང་ང་ཚོའི་དཔུང་སྡེའི་སྙིང་སྟོབས་ནི་ལེ་ཧྥེང་གི་སྙིང་སྟོབས་དང་གཅིག་རྒྱུན་གཅིག་འཛིན་ཡིན་པ་རེད་ཅེས་ཡན་ལག་རུ་ཁག་དེའི་ཆབ་སྲིད་ཁང་གི་ཧྲུན་ཅེ་གོ་ཡིས་མེ་ཟོན་སྒར་སར་ཏང་མི་ཁྱིམ་ཚང་ལ་དཀའ་ངལ་ཡོད་མཁན་ཚོར་འཚམས་འདྲི་བྱེད་དུས་དེ་ལྟར་བཤད་པ་རེད།།



  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་གིས་གཟུགས་མེད་རིག་གནས་ཤུལ་བཞག་སྐོར་གྱི་བྱེད་སྒོ་འདི་འདྲ་ཞིག་སྤེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།