མཐའ་མེད་ཀྱི་རེ་འདུན།

འཕུར་སྐྱོད།        2023-03-24

གསེར་མདོག་སྐྲ་ལོ་ཡི་ལོ་རབས།།

དངུལ་དཀར་པར་མ་ཡི་འཛུམ་ཆུང་།།

ཡུན་བྲིས་ཚིག་རྒྱན་གྱི་འདུན་མ།།

བརྗོད་མེད་སྙིང་ཁོང་གི་ལམ་ཡིག།

ངས་ནི་ཅི་དྲན་རང་མ་མཆིས།།

དྭངས་གསལ་ཆུ་ངོགས་ཀྱི་ཟླ་རིས།།

ཚེ་ཆུ་རྒས་པ་ཡི་གཉེར་རིས།།

ཐ་སྙད་བཞི་བརྒྱད་ཀྱི་ལས་དབང་།།

གླུ་ཡི་སེམས་དཀྱིལ་དུ་བབས་སོ།།

ད་ཡང་ཉི་མ་ཡང་ཤར་རོ།།

ངོ་གདོང་གས་པ་ཡི་གད་མོ།།

མིག་ཁུང་རབ་རིབ་ཏུ་ཤོར་བྱུང་།།

ཕ་ཡུལ་བོར་བ་ཡི་འཇའ་ཚོན།།

ཇ་དམ་དྲོན་མོ་ཡི་ཕྱི་ཐག།

འུ་གཉིས་ནམ་མཁའ་རུ་འཁོར་རོ།།

ཡིད་འོང་མཛེས་སྡུག་གི་མྱ་ངན།།

ཁྱོད་ཀྱིས་ང་རང་ལ་ཕུལ་བཞག།

འདྲིས་འདྲིས་རྨི་ལམ་གྱི་ཕུགས་བསམ།།

ད་ནི་རང་མལ་དུ་མ་འཁོར།།

ཅིས་ཀྱང་བདག་མིག་དེ་ཞ་ཐལ།།

སྒེའུ་ཁུང་ངུ་བ་ཡི་སྔངས་པས།།

སྒལ་ཚིགས་ཞེ་བརྒྱད་དག་འདྲུད་ཀྱིན།།

ཡང་བསྐྱར་ཁ་བྲལ་གྱི་གདུང་བ།།

བསམ་པའི་སྐུད་སྣེ་རུ་ཐོར་བས།།

ཕལ་བའི་གངས་རི་འདིས་ཅི་བྱ།།



  • ལེ་ཚན་སྔོན་མ།:ཡིད་གཅོང་ཡི་གེ།
  • ལེ་ཚན་རྗེས་མ།:བྱིན་རླབས་མ་བོར་བའི་སྒྲ་ལྡན་ལྷ་མོ།