ནམ་ཟླ་འཁྱག་པོའི་ཁྲོད་དུ་བསྐྱལ་བའི་བརྩེ་བ་དྲོན་མོ།

ནོར་བུས་བསྒྱུར།        2023-03-23

   ནམ་ཟླ་འཁྱག་པོའི་ཁྲོད་དུ་བསྐྱལ་བའི་བརྩེ་བ་དྲོན་མོ།

   སྤྱི་ཟླ3པའི་ཟླ་དཀྱིལ་དུ། ཧང་ཀྲོའུ་གྲོང་ཁྱེར་ལིན་ཕིང་ཆུས་ནས་རོགས་སྐྱོར་མངགས་པའི་སེར་ཤུལ་རྫོང་ལས་དོན་ཡན་ལག་རུ་ཁག་གིས་སེར་ཤུལ་རྫོང་འཕེལ་སྒྱུར་ཅུས་དང་། རྫོང་འཕྲོད་བསྟེན་བདེ་ཐང་ཅུས། རྫོང་དམངས་སྲིད་ཅུས་སོགས་སྡེ་ཚན་ཁག་དང་མཉམ་དུ་ལས་དོན་ཚོ་ཆུང་བཙུགས་ནས་སྔ་རྗེས་སུ་སེར་ཤུལ་རྫོང་གི་གྲོང་སྡེ7དང་། སྨན་ཁང3 རྒན་གསོ་ཁང1བཅས་ལ་ལིན་ཕིང་ཆུས་ཀྱི་སྐབས་གཉིས་པའི“དགུན་དྲོ་བྱ་སྤྱོད”ཁྲོད་ཀྱི་གཅེས་སེམས་ཁེ་ལས་དང་། ཚོང་ཚོགས། སྤྱི་ཚོགས་ཚན་ཁག་བཅས་ཀྱིས་ཞལ་འདེབས་བརྒྱབ་པའི་དམངས་འཚོའི་རོགས་སྐྱོར་རྣམ་གྲངས13གྱི་མ་དངུལ་ཁྱོན་སྒོར་ཁྲི40.75སྤྲད་པ་རེད།

ནམ་ཟླ་འཁྱག་པོའི་ཁྲོད་དུ་བསྐྱལ་བའི་བརྩེ་བ་དྲོན་མོ།

   རོགས་སྐྱོར་རྣམ་གྲངས་དེ་དག་ནང་གྲོང་མིར་ཁྲོན་པ་བཟོ་བ་དང་། དུད་ཚང་བར་འགྲོ་སའི་ལམ་བསྐྲུན་པ། ཉི་ནུས་ལམ་སྒྲོན་གཟུགས་པ། ཡུལ་ཤོག་དང་གྲོང་རྡལ་གྱི་རྒན་གསོ་ཁང་ལ་ཆེད་སྤྱོད་གློག་སྒུལ་ཉལ་ཁྲི་བཀོད་སྒྲིག་བྱ་བ། སྨན་ཁང་དང་འཕྲོད་བསྟེན་ཁང་ལ་ནད་བརྟག་འཕྲུལ་ཆས་ཉོ་སྒྲུབ་བྱ་བ་བཅས་ཚུད་ཡོད། རོགས་སྐྱོར་རྣམ་གྲངས་ཚང་མ་རོགས་སྐྱོར་བྱ་ཡུལ་གྱི་དགོས་མཁོ་དངོས་ལ་གཞིགས་ནས་བཟོས་པ་ཡིན་པས་ས་གནས་དེ་གའི་མང་ཚོགས་ཀྱི་འཚོ་བ་ལེགས་སུ་གཏོང་བ་དང་སྨན་བཅོས་འགན་ལེན་ཆུ་ཚད་མཐོ་རུ་གཏོང་བ་ལ་གནད་སྨིན་ནུས་ལྡན་གྱི་རྒྱབ་སྐྱོར་དང་རོགས་རམ་གནང་ཡོད།

   སེར་ཤུལ་རྫོང་དབོན་པོ་གྲོང་རྡལ་གྱི་འགོ་པ་ཚེ་རིང་ཉི་མས་ལིན་ཕིང་ཆུས་ཀྱི་དགུན་དྲོ་བྱ་སྤྱོད་ལ་བརྟེན་ནས་གཅེས་སེམས་ཁེ་ལས་སྐུལ་སློང་བྱས་ཏེ་རང་རེའི་གྲོང་རྡལ་ཆོས་བཟང་གྲོང་སྡེར་ཁྲོན་པ་བསྐྲུན་པར་མ་དངུལ་ཞལ་འདེབས་བརྒྱབ་ཡོད། དེས་ཆོས་བཟང་གྲོང་སྡེའི་གྲོང་མི་ལ་འཐུང་ཆུའི་དཀའ་ངལ་སེལ་རོགས་གནང་ཡོད་ཟེར། སེར་ཤུལ་རྫོང་མི་དམངས་སྨན་ཁང་གི་འགོ་པ་དབྱང་ཀོང་མིང་གིས་གཅེས་སེམས་ཁེ་ལས་ཀྱིས་ངེད་སྨན་ཁང་ལ་ནད་བརྟག་ཡོ་བྱད་ཞལ་འདེབས་གནང་ནས་བྱིས་ནད་ཚན་ཁག་གི་སྒྲིག་ཆས་དང་མྱུར་སྐྱོབ་སྒྲིག་ཆས་དཀོན་པའི་གནད་དོན་ཞི་ལྷོད་དུ་བཏང་ཡོད། ངེད་སྨན་ཁང་གིས་སྨན་བཅོས་སྒྲིག་ཆས་དེ་དག་བེད་སྤྱོད་ཡག་པོ་བྱས་ནས་སེར་ཤུལ་རྫོང་གི་མང་ཚོགས་ཀྱི་བདེ་ཐང་ལ་འགན་ལེན་སྔར་བས་ནུས་ལྡན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།


  • ལེ་ཚན་སྔོན་མ།:དར་མདོ་གྲོང་ཁྱེར་ཅུ་དཀྱིལ་ཡུལ་ཤོག་གོག་པ་གྲོང་སྡེས་ར་གྲོད་ཤ་མོ་རྨོས་ནས་ཡོང་འབབ་འཕར་ཐབས་བྱས།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་གིས་གཟུགས་མེད་རིག་གནས་ཤུལ་བཞག་སྐོར་གྱི་བྱེད་སྒོ་འདི་འདྲ་ཞིག་སྤེལ།
  • དོ་སྣང་ཆེ་བའི་རྩོམ།