སྡེ་རོང་རྫོང་ཝ་ཁའི་འབྲི་ཆུའི་ཟམ་ཆེན་ལས་གཞི་ལ་ཆོག་མཆན་ཐོབ།

བདེ་ཆེན་གྱིས་བསྒྱུར།        2023-03-17

            ཉེ་ཆར། གསར་འགོད་པས་དཀར་མཛེས་ཁུལ་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྡེ་རོང་རྫོང་ཝ་ཁའི་འབྲི་ཆུའི་ཟམ་ཆེན་ལས་གཞི་ལ་སི་ཁྲོན་ཞིང་ཆེན་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན་དང་ཡུན་ནན་ཞིང་ཆེན་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན་གྱིས་མཉམ་འབྲེལ་ཐོག་ཆོག་མཆན་ཐོབ་པ་དང་།ལས་གཞི་ལ་ཚོད་རྩིས་བྱས་ན་མ་དངུལ་སྒོར་ཁྲི9787.43ཙམ་གཏང་རྒྱུ་རེད།

     ཝ་ཁའི་འབྲི་ཆུ་ཟམ་ཆེན་ནི་རྒྱལ་སྲུང་གཞུང་ལམ215དང་རྒྱལ་སྲུང་གཞུང་ལམ214འབྲེལ་མཐུད་བྱེད་སའི་ལྷུ་ཚིགས་གལ་ཆེན་ཞིག་རེད། རྒྱལ་སྲུང་གཞུང་ལམ215རི་བོ་རྟ་རྔོག་ནས་ཉིང་ཨེར་གཞུང་ལམ་བར་སི་ཁྲོན་དང་ཡུན་ནན་ཞིང་ཆེན་གཉིས་བརྒྱུད་དགོས་པ་དང་།དེ་ནི་རང་རྒྱལ་གྱི་ལྷོ་ནུབ་སྐམ་ས་ས་ཁུལ་གྱི་འབྲི་ཆུའི་དཔལ་འབྱོར་དར་ཁུལ་གྱི་གཞུང་ལམ་གལ་ཆེན་ཞིག་ཡིན་པ་རེད། 

     ལས་གཞི་དེའི་ལམ་ཐིག་ནི་སྡེ་རོང་རྫོང་ཝ་ཁ་གྲོང་རྡལ་འབྲི་ཆུའི་ཁུག་གི་ཟམ་ཆེན་གྱི་གཡོན་ངོགས་ཟམ་ཁ་ནས་འགོ་ཚུགས་པ་དང་། རྒྱལ་སྲུང་གཞུང་ལམ215དང་སྦྲེལ་ཏེ་ཟམ་པ་བཙུགས་ནས་འབྲི་ཆུ་བརྒལ་དགོས། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་བདེ་ཆེན་རྫོང་སྤམ་རྩེ་རགས་གྲོང་རྡལ་འབྲི་ཆུའི་ཁུག་གི་ཟམ་ཆེན་གྱི་གཡས་ངོགས་ཀྱི་ཟམ་ཁའི་གཞུང་ལམ་ནས་རྒྱལ་སྲུང་གཞུང་ལམ214དང་སྦྲེལ་ཡོད། ལམ་ཐིག་གི་སྤྱིའི་རིང་ཚད་སྨི212ཡོད་པ་དང་།དེའི་ནང་ཟམ་པའི་རིང་ཚད་སྨི205ཡོད་པ་རེད།ལམ་ཐིག་ཧྲིལ་པོར་རིམ་པ་གཉིས་པའི་གཞུང་ལམ་གྱི་ཚད་གཞི་སྤྱད་དེ་བསྐྲུན་པས། ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ40དང་།ཟམ་པའི་ཞེང་ཚད་སྨི20ཡོད། ཟམ་ཁོག་ནི་ཐེག་ནུས་ཅན་གྱི་གཞུ་ལམ་ཡིན་ཞིང་།ཟམ་པའི་རིང་ཚད་སྨི59ཙམ་ཟིན་པ། ཟམ་པའི་ཐེག་ཚད་གཞུང་ལམ་རིམ་པ་དང་པོ་ལྟར་ཇུས་འགོད་བྱས་པ་དང་།ཆུ་ལོག་འབྱུང་ཚད1/100ལྟར་ཇུས་འགོད་བྱས་ཡོད། 

     ལས་གཞི་བསྐྲུན་ཚར་རྗེས་དཀར་མཛེས་ཁུལ་སྡེ་རོང་རྫོང་དང་ཡུན་ནན་ཞིང་ཆེན་བདེ་ཆེན་རྫོང་གི་འབྲི་ཆུའི་ངོགས་གཉིས་ཀྱི་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་གཏང་བ་དང་ཆབས་ཅིག། ཞིང་ཆེན་གཉིས་ཀྱི་འགྲིམ་འགྲུལ་དྲ་བའི་མ་ལག་ལེགས་སུ་གཏང་རྒྱུ་དང་།བགྲོད་ལམ་གྱི་འགན་ལེན་ནུས་པ་ཆེ་རུ་གཏང་རྒྱུ། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་དོ་སྙོམས་མཐུན་སྦྱོར་འཕེལ་རྒྱས་འགྲོ་བར་བསྐུལ་རྒྱུ་དང་། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་མྱུར་བ་དང་ས་ཁུལ་གྱི་དབུལ་ཕྱུག་ཧེ་བག་ཆུང་དུ་གཏང་བ་བཅས་ལ་ཕན་ཐོགས་ཡོད་པ་རེད།།

 


  • ལེ་ཚན་སྔོན་མ།:རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཧྥུང་ཧྭ་ཀུའེ་ཡིས་འདི་འདྲ་གསུངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།