ཁུལ་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་ཁྲེན་ཚའེ་ཝུན་གྱིས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དམངས་སྲིད་ཞབས་ཞུ་ལེགས་སུ་གཏོང་བར་དམིགས་ཏེ། འདི་ལོར་དམངས་སྲིད་དམངས་འཚོའི་མ་དངུལ་སྒོར་དུང་ཕྱུར6.8གཏང་རྒྱུ་ཡིན་ཞེས་བཤད།

བདེ་སྐྱིད་ཀྱིས་བསྒྱུར།        2023-03-22

ཁུལ་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་ཁྲེན་ཚའེ་ཝུན་གྱིས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དམངས་སྲིད་ཞབས་ཞུ་ལེགས་སུ་གཏོང་བར་དམིགས་ཏེ། འདི་ལོར་དམངས་སྲིད་དམངས་འཚོའི་མ་དངུལ་སྒ

ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སེང་ནང་དམངས་སྲིད་ཀྱི་ལས་དོན་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་དང་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འཕྲད་པའི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་རེད། ལོ་གསར་པའི་ནང་། རང་ཁུལ་དམངས་སྲིད་སྡེ་ཚན་གྱིས་ཇི་ལྟར་བྱས་ནས་ཁྱོན་ཡོངས་ལ་གཞི་ཚུགས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ཇི་བཞིན་དུ་དོན་ལ་འཁྱོལ་ཐུབ་ཅིང་། དུས་རབས་གསར་པའི་དམངས་སྲིད་ལས་དོན་སྤེལ་ཡུལ་དང་ནང་དོན་སོགས་ལ་འགྱུར་ལྡོག་གསར་པ་འབྱུང་ཚུལ་དང་དུས་བབ་གསར་པ་ལ་ངོས་འཛིན་གསལ་པོ་བྱས་ཏེ། དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་གསར་དུ་དཀར་མཛེས་ཁུལ་གྱི་དམངས་སྲིད་བྱ་གཞག་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་རྒྱུགས་ལན་ཡག་པོ་ཞིག་འབུལ་དགོས་སམ། ད་ཆ་འདི་ག་ཚགས་པར་ཁང་གི་གསར་འགོད་པས་ཁུལ་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་ཁྲེན་ཚའེ་ཝུན་ལ་ཆེད་དོན་བཅར་འདྲི་ཞུས་པ་རེད།

ཁྲེན་ཚའེ་ཝུན་གྱིས2023ལོར་ཁུལ་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཁུལ་ཨུའི་སྤྱིའི་ལས་ཀའི་བཀོད་སྒྲིག་ལ་དམ་པོར་དམིགས་ནས་བློ་དཀར་སེམས་དཀར་དང་མཐུན་སྒྲིལ་འབད་འཐབ། བློ་གྲོས་སློབ་སྦྱོང་། གཞུང་དྲང་སྤྱོད་གཙང་བཅས་ཀྱི་དམངས་སྲིད་འཛུགས་པར་དམིགས་ཏེ། སྤྱི་འདོམས་སྐུལ་འདེད་དང་འགག་གནད་སྒྲོལ་བར་རྒྱུན་འཁྱོངས་བྱས་ནས་ཁུལ་ཡོངས་ཀྱི་གཙོ་གནད་ལས་དོན་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།

གཅིག་ནི་མཉམ་དུ་ཕྱུག་འབྱོར་ཡོང་བར་དམིགས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་མཐིལ་ཚད་ཡག་པོ་བསྲུང་དགོས། གཉིས་ནི་གཙོ་གནད་ལས་གཞིར་དམིགས་ནས་དམངས་སྲིད་ཀྱི་རྨང་གཞིའི་ཆ་རྐྱེན་མུ་མཐུད་དེ་ལེགས་སུ་གཏང་དགོས། གསུམ་ནི་མི་འབོར་ན་རྒས་ཅན་གྱི་འཐབ་ཇུས་ལ་དམིགས་ཏེ་རྒན་གསོ་བུ་བཅོལ་ཞབས་ཞུའི་རྣམ་པ་གསར་པ་བསྐྲུན་དགོས། བཞི་ནི་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་པར་དམིགས་ཏེ་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་དུ་སྐུལ་འདེད་གཏང་དགོས། ལྔ་ནི་ལྕགས་ཟམ་རྫོང་གི་ས་འགུལ་གནོད་འཚེ་བྱུང་རྗེས་བསྐྱར་སྐྲུན་ལ་དམིགས་ནས་དགེ་སྒྲུབ་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་གཏང་དགོས།།



  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་གིས་འགྲིམ་འགྲུལ་ཉེན་མེད་ལས་དོན་ཧུར་ཐག་བསྒྲུབས།
  • ལེ་ཚན་རྗེས་མ།:གཞིས་ཁང་གསར་པར་བསྡད། འཚོ་བ་གསར་པར་རོལ།
  • དོ་སྣང་ཆེ་བའི་རྩོམ།