རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་དྲུག་པའི་གསལ་བརྡ།

        2023-03-21

རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་དྲུག་པའི་གསལ་བརྡ།

རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་དྲུག་པ་སྤེལ་བའི་གསལ་བརྡ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནངམི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཇེ་ཆེར་གཏོང་བའི་ཕུལ་བྱུང་བརྩམས་ཆོས་སྔར་ལས་མང་བ་འདོན་པ་དང་། ཀུན་སྤྱོད་དང་སྒྱུ་རྩལ་གཉིས་བཟང་གི་རྩོམ་རིག་སྒྱུ་རྩལ་པ་དང་གཞི་ཁྱོན་ཆེ་བའི་རིག་གནས་རིག་རྩལ་ཤེས་ལྡན་མི་སྣའི་དཔུང་སྡེ་གསོ་སྐྱོང་དང་སྐྱེད་སྲིང་བྱེད་དགོསཞེས་གསུངས་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། བོད་འབྲེལ་ས་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར། རིག་གནས། སྐྱེ་ཁམས་ལ་སོགས་པའི་འཕེལ་རྒྱས་དང་འགྱུར་ལྡོག་མངོན་པར་མཚོན་པ། དེ་མིན་བོད་ཀྱི་སྒྲུང་ཐུང་གསར་རྩོམ་གྱི་རྩོམ་པ་པོའི་དཔུང་སྡེ་གསོ་སྐྱོང་དང་རྩོམ་པ་པོ་གསར་པ་སྐྱེད་སྲིང་བྱེད་པ། བོད་ཀྱི་རྩོམ་རིག་ལས་དོན་གོང་དུ་སྤེལ་བ། སྒྲུང་ཐུང་གསར་རྩོམ་ལ་མོས་པའི་རྩོམ་མཁན་ཀུན་ལ་འདྲ་མཉམ་གྱི་སྟེགས་བུ་ཞིག་བསྐྲུན་པ་བཅས་ལ་དམིགས་ནས། མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས། ཞིན་ཧེ་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་འབྲེལ་སྒོས2023ལོ་ནས་བཟུང་ལོ་གཉིས་རེའི་ནང་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་ཐེངས་གཅིག་རེ་སྤེལ་རྒྱུ་ཡིན། འགྲན་སྡུར་འདིའི་ནང་དུ་ཞུགས་མཁན་ཀུན་གྱིས་ངེས་དགོས་པའི་དོན་ཚན་ཁག་གཤམ་གསལ་ཏེ།

གཅིག།

རྒྱལ་ཡོངས་ཀྱི་བོད་ཡིག་གི་ལམ་ནས་གསར་རྩོམ་བྱེད་བཞིན་པའི་རྩོམ་མཁན་ཡོངས་ཞུགས་ཆོག།

   གཉིས།

རྗོད་བྱེད་ཀྱི་ཚིག་འབྲེལ་ཆགས་ཤིང་ཡིག་ནོར་མེད་པ། བསམ་བློའི་ཟབ་རྒྱ་ཡངས་ཤིང་སྒྱུ་རྩལ་གྱིས་ཕྱུག་པ། མི་གཤིས་མངོན་པར་དོད་པ་བཅས་ཡིན་དགོས་ལ། བརྗོད་བྱར་ཚད་བཀག་མེད་ཅིང་། ཡིག་འབྲུ4500(ཧི་གཟུགས་ལྟར)ཚུན་ཡིན་དགོས།

   གསུམ

གཞན་གྱི་རྩོམ་རྐུ་བཤུ་གཏན་ནས་བྱ་མི་ཆོག་ལ། གཞུང་སྒེར་གཉིས་ཀྱི་ཚགས་དེབ་དང་དྲ་བར་བཀོད་ཟིན་པ(གལ་ཏེ་འདི་ག་ཚགས་པར་དུ་བཀོད་ཀྱང་ཚགས་དེབ་གཞན་དུ་སྤེལ་ཟིན་པ་ཤེས་ཚེ་འགྲན་སྡུར་ནང་མི་ཚུད།)སྤེལ་རྒྱུ་མིན།

   བཞི།

2023ལོའི་ཟླ3པའི་ཚེས1ཉིན་ནས་དངོས་སུ་སྤེལ་རྒྱུ་དང་། 2024ལོའི6པའི་ཚེས30ཉིན་སྤེལ་མཚམས་འཇོག་རྒྱུ། དེའི་རིང་དུ་འབྱོར་བའི་འགྲན་ཞུགས་རྩོམ་ཡིག་རྣམས་ལས་རྩེ་གྲ་དག《མཚོ་སྔོན་བོད་ཡིག་གསར་འགྱུར》སྟེང་དུ་སྔ་གཞུག་ལྟར་སྤེལ་རྒྱུ་ཡིན།

   ལྔ།

2024ལོའི་ཟླ7པར། ཆེད་མཁས་པ་གདན་འདྲེན་ཞུས་ནས་དཔྱད་འདེམ་གཟབ་ནན་བྱ་རྒྱུ་ཡིན། བྱ་དགའི་རིམ་པ་ལ། ཨང་དང་པོ་གཅིག་སྟེ་བྱ་དགའི་དངུལ་སྒོར10000(ཁྲལ་འདུ)ཡིན། ཨང་གཉིས་པ་གཉིས་ཏེ་སྒོར8000(ཁྲལ་འདུ)ཡིན། ཨང་གསུམ་པ་གསུམ་སྟེ་སྒོར6000(ཁྲལ་འདུ)ཡིན།

   དྲུག

འགྲན་ཞུགས་རྩོམ་ཡིག་རྣམས་འདིར་བཀོད་པའི་གློག་རྡུལ་ཡིག་ཟམzhaxicairang5633@163.comནང་དུ་བསྐུར་རྒྱུ(རྩོམ་སྒྲིག་པའི་སྐད་འཕྲིན་དུ་བསྐུར་ན་དང་ལེན་བྱེད་རྒྱུ་མིན)དང་། རྩོམ་ཡིག་གི་མགོར་ངེས་པར་དུའགྲན་ཞུགས་བརྩམས་ཆོསཞེས་བྲི་དགོས་པར་མ་ཟད། རྩོམ་པ་པོའི་འབྲེལ་གཏུག་ས་གནས་དང་རུས་མིང་། ཁ་པར་ཨང་གྲངས། དངུལ་བྱང་ཨང་གྲངས་བཅས་བོད་རྒྱ་སྦྲགས་མས་གསལ་པོར་བཀོད་དེ་བསྐུར་དགོས་པ་ཐུགས་འཇགས་འཚལ།

 

འབྲེལ་གཏུག་པ། བཀྲ་ཤིས་ཚེ་རིང་།

ཁ་པར། 0971-8457657 18380154042


མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་། 

མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས། 

ཞིན་ཧེ་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས།

2023ལོའི་ཟླ2པའི་ཚེས24ཉིན།



ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:«རྒྱ་བོད་དབྱིན་གསུམ་སྤྱི་ཚོགས་ཚན་རིག་གི་ཚིག་མཛོད་ཆེན་མོ»ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།