གོ་ལ་ཧྲིལ་པོའི་དྲ་སྦྲེལ་བཅོས་སྐྱོང་ལ་ཀྲུང་གོའི་ཇུས་གཞི་བཏོན་པ།

    ཀྲུང་གོ་བོད་སྐད་རླུང་འཕྲིན།    2023-03-20

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཚེས་16ཉིན《དུས་རབས་གསར་པའི་ཀྲུང་གོའི་དྲ་རྒྱའི་ཁྲིམས་སྐྱོང་འཛུགས་སྐྲུན》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཁྱབ་བསྒྲགས་བྱས་ནས། 1994ལོར་རང་རྒྱལ་གྱིས་ནུས་པ་ཆ་ཚང་ལྡན་པའི་སྒོ་ནས་རྒྱལ་སྤྱིའི་དྲ་སྦྲེལ་དང་སྦྲེལ་མཐུད་བྱས་པ་ནས་བཟུང་དང་། ལྷག་པར་དུ་དུས་རབས་གསར་པ་ཤར་ཚུན་གྱི་དྲ་རྒྱའི་ཁྲིམས་སྐྱོང་འདུ་ཤེས་དང་ལག་ལེན་ལ་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་བྱས་ཏེ། གོ་ལ་ཧྲིལ་པོའི་དྲ་སྦྲེལ་བཅོས་སྐྱོང་ལ་ཀྲུང་གོའི་ཇུས་གཞི་མཁོ་འདོན་དང་ཀྲུང་གོའི་བློ་གྲོས་ཕུལ་ཡོད།

རྒྱབ་ཤ་དཀར་པོའི་དེབ་ནང་། རང་རྒྱལ་གྱི་དྲ་རྒྱའི་ཁྲིམས་འཛུགས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། 1994ལོ་ནས་བཟུང་། དྲ་རྒྱའི་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་140ལྷག་ཙམ་བཟོས་ནས་བཏོན་པས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དྲ་རྒྱའི་བཅའ་ཁྲིམས་མ་ལག་གཞི་རྩའི་ཆ་ནས་གྲུབ་ཡོད་ཅེས་བསྟན་ཡོད།

དྲ་རྒྱའི་བར་མཐོངས་ཚད་ལྡན་དང་གོ་རིམ་ལྡན་པ་ཡོང་རྒྱུར་འགན་ལེན་བྱེད་པའི་ཐད་རྒྱབ་ཤ་དཀར་པོའི་དེབ་ནང་། 2019ལོ་ནས་བཟུང་། སྒུལ་བདེའི་དྲ་སྦྲེལ་གྱི་ཉེར་སྤྱོད་གོ་རིམ་ཞིབ་དཔྱད་ཚད་ལེན་ཁག་ཁྲི་32བྱས་ནས། ཁྲིམས་འགལ་སྒྲིག་འགལ་གྱི་སྒུལ་བདེའི་དྲ་སྦྲེལ་བཀོལ་སྤྱོད་གོ་རིམ་གྱི་རྣམ་གྲངས་3000ཙམ་ལ་བརྡ་ཁྱབ་བཏང་བའམ་ལས་མཚམས་འཇོག་ཏུ་བཅུག་ཡོད། རང་རྒྱལ་གྱིས་ད་དུང་ལས་སྟེགས་དཔལ་འབྱོར་ཁྱབ་ཁོངས་ཀྱི་སྒེར་སྡེམ་ལ་ངོ་རྒོལ་དང་ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་ཁྲིམས་འཛིན་བྱས་པ་དང་། “སྤྱོད་གཙང”ཞེས་པའི་ཆེད་དོན་བྱ་སྤྱོད་རབ་དང་རིམ་པ་སྤེལ་ཏེ། དྲ་རྒྱའི་དྲག་ཤུགས་འགོག་བཅོས་ལམ་སྲོལ་བཙུགས་པ་དང་འཐུས་ཚང་དུ་བཏང་ཡོད་ཅེས་བསྟན་ཡོད།

རྒྱབ་ཤ་དཀར་པོའི་དེབ་ནང་། རང་རྒྱལ་གྱིས་ཧང་ཀྲོའུ་དང་། པེ་ཅིང་། ཀོང་ཀྲོའུ་བཅས་ཀྱི་དྲ་སྦྲེལ་ཁྲིམས་ཁང་སྔ་རྗེས་སུ་བཙུགས་ནས། “དྲ་ཐོག་གྱོད་གཞི་དྲ་ཐོག་ནས་ཞིབ་གཅོད”བྱ་རྒྱུའི་འཚོལ་ཞིབ་བྱས་ཡོད། དྲ་སྦྲེལ་སྨྱན་སྦྱོར་བཀོལ་སྤྱོད་ཧུར་ཐག་བྱས་ནས་ཁྲིམས་ལུགས་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་བས་དྲ་དམངས་ཀྱི་ཁྲིམས་སྐྱོང་བྱང་ཚད་དང་ཁྲིམས་སྐྱོང་འདུ་ཤེས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་བསྟན་ཡོད།

  • ལེ་ཚན་སྔོན་མ།:ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༼ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བསྒྱུར་བཅོས་ཇུས་གཞི་༽པར་འགྲེམས་བྱས་པ།
  • ལེ་ཚན་རྗེས་མ།:ལྷ་ས་ནས་མ་དངུལ་སྤོ་སྒྱུར་ཚོགས་པའི་མི་7འཛིན་བཟུང་བྱས་འདུག
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10