ལྷ་ས་ནས་མ་དངུལ་སྤོ་སྒྱུར་ཚོགས་པའི་མི་7འཛིན་བཟུང་བྱས་འདུག

    ཀྲུང་གོ་བོད་སྐད་རླུང་འཕྲིན།    2023-03-20

ཉེ་དུས། ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས་ཁུངས་སྣེ་ལྟར་ལྷ་ས་ནས་མ་དངུལ་སྤོ་སྒྱུར་ཚོགས་པ་ཞིག་རྩ་གཏོར་དུ་བཏང་ཡོད། ཚོགས་པ་དེས་ཉེ་བའི་ཟླ་བ་གསུམ་རིང་ཁྲིམས་འགལ་ངང་གཉེར་བའི་དངུལ་ཁང་གི་བྱང་བུ་དང་ཁ་པར་བྱང་བུ་སོགས་ལ་བརྟེན་ནས་ཉེས་གསོག་ཚོགས་པར་མ་དངུལ་སྤོ་སྒྱུར་བྱེད་རོགས་བྱས་པའི་ནག་ཉེས་བསགས་པ་དང་གྱོད་འབྲེལ་དངུལ་གྲངས་སྒོར་བྱེ་བ་གསུམ་ཡས་མས་ཟིན་ཡོད།

 

གྱོད་གཞིའི་བརྒྱུད་རིམ།

     སྤྱི་ལོ་2023ལོའི་ཟླ་2པར། བོད་ལྗོངས་དངུལ་ཁང་གི་ས་ཚིགས་ག་གེ་མོའི་ལས་དོན་མི་སྣས་དངུལ་གྲངས་ཕོན་ཆེན་ཞིག་ལེན་པའི་ལས་སྒོ་གཉེར་བའི་སྐབས་སུ་དངུལ་ཁང་བྱང་བུ་དེའི་རྩིས་ཁྲར་སྐྱོན་ཡོད་པ་ཤེས་རྟོགས་བྱུང་། ཁུངས་སྣེའི་ཐེར་འདོན་འབྱོར་རྗེས། ཉེན་རྟོག་པས་འཕྲལ་དུ་དངུལ་ཁང་གི་བྱང་བུ་དེར་བརྟག་དཔྱད་བྱེད་འགོ་ཚུགས་པ་དང་། གྱོད་འབྲེལ་མི་སྣར་ཡང་དེ་ཉིན་མཚན་མོ་འདྲི་རྩད་བྱས། དུས་མཚུངས། གྱོད་འབྲེལ་གྱི་དངུལ་ཁང་བྱང་བུ་གཞན་དག་ཚང་མའི་མ་དངུལ་ལ་དབྱེ་ཞིབ་དང་གྱོད་གཞི་ཟླ་བསྒྲིལ་བཏང་ཡོད།

     མཚན་མོ་དེ་རང་ལ་འདྲི་རྩད་བྱས་པ་བརྒྱུད། ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་ཉེན་རྟོག་པས་དོགས་ཡོད་མི་སྣའི་ས་ནས་ཁུངས་སྣེ་གལ་ཆེན་གཞན་ཞིག་ཤེས་རྟོགས་ཐུབ། འདི་ནི་ཁོང་ཚོའི་རིམ་པ་གོང་མའི་མི་ཐན་ཆེ་གེ་མོ་ཞེས་པ་དེ་རེད། སྤྱི་ལོ་2023ལོའི་ཟླ་2ཚེས་20ཉིན། རྡུང་རྡེག་ཚོ་ཆུང་གི་ཉེན་རྟོག་པས་མཚོ་སྔོན་དུ་སོང་ནས་ཐན་ཆེ་གེ་མོ་འཛིན་བཟུང་བྱས། ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་རིམ་པ་གསུམ་པའི་ཉེན་རྟོག་དཔོན་ལི་ཡོན་ཤིན་གྱིས། སྤྱི་བདེ་ཚན་པས་མྱུལ་ཞིབ་བྱས་པ་བརྒྱུད། ཉེས་གསོག་ཚོགས་པ་དེས་སྤྱི་ལོ་2022ལོའི་ཟླ་11པ་ནས་བཟུང་རྟོག་བཟོའི་གྲངས་འཛིན་དངུལ་ལོར་བེད་སྤྱད་དེ་མངའ་ཁོངས་ཕྱིའི་ཉེས་གསོག་ཚོགས་པར་མ་དངུལ་སྤོ་སྒྱུར་བྱེད་རོགས་བྱས་ཡོད། ཁོང་ཚོའི་ལས་བགོས་ཁ་གསལ་ཞིང་། ཉེས་གསོག་དོགས་ཡོད་མི་སྣ་ཐན་ཆེ་གེ་མོས་གཙོ་བོ་བྱས་ཏེ་ས་གནས་དེ་གའི་མི་སྣ་དཀོན་ཆེ་གེ་མོ་དང་ཚེ་ཆེ་གེ་མོ་སོགས་ཀྱིས་ཁྲིམས་འགལ་གྱི་མཉེན་ཆས་ལ་བརྟེན་ནས་མ་དངུལ་སྤོ་སྒྱུར་བྱེད་ཀྱི་ཡོད། མ་དངུལ་སྤོ་སྒྱུར་བྱས་རྗེས། ཚོགས་པའི་འགོ་གཙོ་ནས་གཙོས་པའི་འོག་གི་ཁྲིམས་འགལ་ངང་དངུལ་ལེན་མཁན་སོགས་ཚང་མར་བསྡུར་གྲངས་མི་འདྲ་བའི་ཁྲིམས་འགལ་གྱི་ཐོབ་ཆ་རེ་ཡོད་པ་རེད།

     མིག་སྔར། ཐན་ཆེ་གེ་མོ་དང་། དཀོན་ཆེ་གེ་མོ། ཚེ་ཆེ་གེ་མོ། པད་ཆེ་གེ་མོ། ཝང་ཆེ་གེ་མོ་སོགས་མི་བདུན་ལ་གློག་འཕྲིན་དྲ་རྒྱའི་ཉེས་གསོག་ལ་རོགས་རམ་བྱས་པའི་ཉེས་མིང་ཐོག་ནས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཟིན་ཡོད།ལྷ་ས་ནས་མ་དངུལ་སྤོ་སྒྱུར་ཚོགས་པའི་མི་7འཛིན་བཟུང་བྱས་འདུག

     ཉེན་རྟོག་པས་ཤ་ཚའི་དྲན་སྐུལ་ཞུས་དོན།  རྒྱ་ཆེའི་མང་ཚོགས་རྣམས་ནས་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་འདུ་ཤེས་མཐོར་གཏོང་གིས་ཁེ་ཕན་ཏོག་ཙམ་ལ་བལྟས་ནས་དངུལ་ཁང་གི་བྱང་བུ་དང་ཁ་པར་བྱང་བུ་སོགས་གཞན་ལ་གཡར་བ་དང་བཙོངས་པ། བོགས་མར་གཏོང་བ་སོགས་གནང་མི་རུང་། གལ་སྲིད་གཞན་གྱིས་ཁྱེད་རང་གི་བྱང་བུ་དེ་རིགས་སྤྱད་ནས་ཉེས་པ་བསགས་པ་ཡིན་ན་ཁྱེད་རང་མི་སྒེར་གྱི་ཡིད་རྟོན་ལ་ཤུགས་རྐྱེན་ཐེབས་རྒྱུ་མ་ཟད་ད་དུང་གློག་འཕྲིན་དྲ་རྒྱའི་ཉེས་གསོག་ལ་རོགས་རམ་བྱས་པའི་མིང་ཐོག་ནས་ཁྱེད་རང་གི་བཅའ་ཁྲིམས་འགན་འཁྲི་ཡང་འདའ་འདེད་གཏོང་གི་རེད།

     ཤེས་རྟོགས་བྱུང་བར། གྱོད་གཞི་དེ་ནི་སྤྱི་ལོ་2022ལོའི་ཟླ་12ཚེས་1ཉིན༼གློག་འཕྲིན་དྲ་རྒྱའི་ཁ་བསླུས་ངོ་རྒོལ་བཅའ་ཁྲིམས༽ཡོངས་བསྒྲགས་བྱས་ཚུན་ལྷ་སའི་ཁ་བསླུས་ངོ་རྒོལ་ལྟེ་གནས་ནས་རྡུང་རྡེག་བཏང་བའི་ས་ཆ་དེ་རང་གི་ཚོགས་པས་མ་དངུལ་སྤོ་སྒྱུར་བྱས་པའི་གྱོད་གཞི་ཐོག་མ་དེ་ཡིན་པ་རེད།

  • ལེ་ཚན་སྔོན་མ།:གོ་ལ་ཧྲིལ་པོའི་དྲ་སྦྲེལ་བཅོས་སྐྱོང་ལ་ཀྲུང་གོའི་ཇུས་གཞི་བཏོན་པ།
  • ལེ་ཚན་རྗེས་མ།:ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10