«རྒྱ་བོད་དབྱིན་གསུམ་སྤྱི་ཚོགས་ཚན་རིག་གི་ཚིག་མཛོད་ཆེན་མོ»ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས།

    མཚོ་སྔོན་པོ་དྲ་བ།    2023-03-21

«རྒྱ་བོད་དབྱིན་གསུམ་སྤྱི་ཚོགས་ཚན་རིག་གི་ཚིག་མཛོད་ཆེན་མོ»ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས།

       ཉེ་ཆར། པེ་ཅིང་ཕྱི་སྐད་སློབ་ཆེན་གྱི་སློབ་གཙོ། དགེ་རྒན་ཆེན་མོ་དབྱང་ཏན་ལགས(杨丹)ཀྱིས་གཙོ་སྒྲིག་གནང་བའི«རྒྱ་བོད་དབྱིན་གསུམ་སྤྱི་ཚོགས་ཚན་རིག་གི་ཚིག་མཛོད་ཆེན་མོ»ཞེས་པ་ཚོང་དོན་པར་འདེབས་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས་འདུག ཚིག་མཛོད་ཆེན་མོ་འདི་ལ་ཚད་མཐོ་བའི་རིག་གཞུང་གི་རིན་ཐང་ལྡན་ཞིང་། སྤྱི་ཚོགས་ཚན་རིག་གི་ཁྱབ་ཁོངས་ནང་བོད་ཡིག་བརྡ་ཆད་མ་ལག་དང་རྒྱ་དབྱིན་བརྡ་ཆད་མ་ལག་ཕན་ཚུན་འབྲེལ་མཐུད་བྱས་པ་མངོན་འགྱུར་བྱུང་བར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་ཤེས་རིག་སྔར་ལས་ཕུན་སུམ་ཇེ་ཚོགས་དང་། བོད་ཀྱི་སྤྱི་ཚོགས་ཚན་རིག་སྐོར་ལ་ཞིབ་འཇུག་བྱེད་པའི་ཤེས་རིག་གི་མ་ལག་མཐུས་ཇེ་ཚང་དུ་བཏང་ཡོད། དེབ་འདི་ལྟ་བུ་ནི་དེང་རབས་བོད་ཀྱི་ཤེས་རིག་ལ་ཞིབ་འཇུག་དང་ལོ་ཙཱ་བྱེད་པའི་གཞི་རྩ་དང་ཉེར་མཁོའི་ལག་ཆ་གལ་ཆེན་ཞིག་ཏུ་འགྱུར་བར་གདོན་མི་ཟ།

«རྒྱ་བོད་དབྱིན་གསུམ་སྤྱི་ཚོགས་ཚན་རིག་གི་ཚིག་མཛོད་ཆེན་མོ»ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས།

ཚིག་མཛོད་ཀྱི་དཀར་ཆག

       ཚིག་མཛོད་ཆེན་མོ་འདི་ལ་དོ་དམ་རིག་པ་དང་མར་ཁེ་སི་རིང་ལུགས། མཚན་ཉིད་རིག་པ། ཆོས་ལུགས་རིག་པ། སྐད་བརྡ་རིག་པ། རྩོམ་རིགས། སྒྱུ་རྩལ་རིག་པ། ལོ་རྒྱུས་རིག་པ། གནའ་དཔྱད་རིག་པ། དཔལ་འབྱོར་རིག་པ། ཆབ་སྲིད་རིག་པ། ཁྲིམས་རིག་པ། དམག་དོན་རིག་པ། སྤྱི་ཚོགས་རིག་པ། མིའི་རིགས་རིག་པ་དང་རིག་གནས་རིག་པ། གསར་འགྱུར་རིག་པ། ཡིག་ཚང་རིག་པ། སློབ་གསོ་རིག་པ་སོགས་ཁྱོན་བསྡོམས་བམ་པོ21གིས་གྲུབ་ཡོད།

«རྒྱ་བོད་དབྱིན་གསུམ་སྤྱི་ཚོགས་ཚན་རིག་གི་ཚིག་མཛོད་ཆེན་མོ»ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས།

ཚིག་མཛོད་ཀྱི་པར་ངོས།


  • ལེ་ཚན་སྔོན་མ།:ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།