དཀར་མཛེས་རྫོང་གིས་འགྲིམ་འགྲུལ་ཉེན་མེད་ལས་དོན་ཧུར་ཐག་བསྒྲུབས།

བློ་བཟང་དོན་འགྲུབ་ཀྱིས་བྲིས་ཤིང་པར་བླངས།        2023-03-21

   དཀར་མཛེས་རྫོང་གིས་འགྲིམ་འགྲུལ་ཉེན་མེད་ལས་དོན་ཧུར་ཐག་བསྒྲུབས།

  ཉེ་ཆར། དཀར་མཛེས་རྫོང་ལ་ཁ་བ་ཆེན་པོ་བབས་ནས་རྒྱལ་ཁབ་དང་ཞིང་ཆེན་མ་ལམ་གྱི་ལམ་ངོས་རློན་འདྲེད་ཤོར་བ་དང་གངས་འཁྱགས་ཀྱིས་འགྲིམ་འགྲུལ་ཉེན་མེད་ཡོང་བར་མི་མངོན་པའི་རྐྱེན་ངན་བཟོ་སྲིད་པས། དཀར་མཛེས་རྫོང་གཞུང་ལམ་ཡན་ལག་ཅུས་ཀྱིས་དེ་མ་ཐག་མང་ཚོགས་ཉེན་མེད་ངང་འགྲོ་སྐྱོད་ཐུབ་པ་ལ་དམིགས་ནས། གངས་འཁྱགས་གནམ་གཤིས་ཀྱི་འཚུབ་བསྟུན་སྔོན་ཇུས་མགྱོགས་མྱུར་ལག་བསྟར་བྱས་ཏེ་ཉེན་སེལ་མི་སྣ་དང་འཕྲུལ་ཆས་མངགས་ནས་གངས་གཤོང་བའི་ལས་དོན་སྤེལ་བ་རེད།

དཀར་མཛེས་རྫོང་གིས་འགྲིམ་འགྲུལ་ཉེན་མེད་ལས་དོན་ཧུར་ཐག་བསྒྲུབས།

    དཀར་མཛེས་རྫོང་གཞུང་ལམ་ཡན་ལག་ཅུས་ཀྱིས་ལས་དོན་ཚོ་ཆུང་གསུམ་བཙུགས་ཏེG317དངG227དང་། དེ་བཞིནS455དངS455ཡི་ལམ་ཐིག་དང་འབྲེལ་བའི་མངའ་ཁོངས་གཞུང་ལམ་ཉེན་མེད་ཀྱི་མི་མངོན་པའི་རྐྱེན་ངན་ཚགས་བཤེར་བཅོས་སྒྲིག་ལས་དོན་སྤེལ། རི་རྩེ་དང་། གུག་ཀྱོག། ལམ་གཟར། ཕུག་ལམ་ཁ་སོགས་གངས་ཆགས་སའི་ལམ་ངོས་ཁག་ལ་འཕྲུལ་ཆས་སྤྱད་དེ་གངས་བཤངས་པ་དང་། འདྲེད་འགོག་བྱེ་མ་འདིང་བ། དེ་བཞིན་བཟོ་ལས་ཀྱི་ཁ་བ་ཞུ་རྫས་གཏོར་བ་སོགས་ཀྱི་ཐབས་སྤྱད་དེ་འགྲོ་ལམ་ཉེན་མེད་འགན་ལེན་ལས་དོན་སྒྲུབ་པ་དང་ཆབས་ཅིག་འགྲོ་འོང་རླངས་འཁོར་ལ་ཡང་རོགས་སྐྱོབ་བྱས་པ་རེད།

དཀར་མཛེས་རྫོང་གིས་འགྲིམ་འགྲུལ་ཉེན་མེད་ལས་དོན་ཧུར་ཐག་བསྒྲུབས།

    ད་སྔའི་བར། བསྡོམས་པས་མི16དང་། ཉེན་སེལ་རླངས་འཁོར་ཚན་པ་གཉིས། སྐོར་ཞིབ་རླངས་འཁོར་ཚན་པ་གཅིག། དབོར་འདྲེན་བྱེད་མཁན་ཚན་པ་གཅིག་བཅས་མངགས་ནས་བཟོ་ལས་གངས་ཞུ་སྨན་རྫས་ཏུན1.2གཏོར་བ་དང་། འདྲེད་འགོག་བྱེ་མ་སྨི་ངོས་གྲུ40ལྷག་བཏིང་ཡོད་ཅིང་། གངས་ལམ་ཁྲོད་དུ་ཐར་དཀའ་བའི་རླངས་འཁོར20ལྷག་ལ་རོགས་རམ་བྱས་ཡོད།

    ཕྱིན་ཆད་དཀར་མཛེས་རྫོང་གཞུང་ལམ་ཡན་ལག་ཅུས་ཀྱིས་བཀོད་སྒྲིག་ཞིབ་ཚགས་དང་ལས་དོན་ཧུར་ཐག་བསྒྲུབས་ནས་རང་བྱུང་གནོད་འཚེ་འགོག་ཟོན་དང་འཚུབ་བསྟུན་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་གཏང་ཞིང་། ཆ་འཕྲིན་ཅན་འཛུགས་པར་ཤུགས་བསྣན་པ་དང་། གནམ་གཤིས་ངན་པའི་སྐབས་ཀྱི་འགྲོ་ལམ་ཇེ་བདེར་བཏང་ནས་མི་དམངས་མང་ཚོགས་འགྲོ་འོང་ཉེན་མེད་ཡོང་བར་འབད་རྒྱུ་རེད།། 


  • ལེ་ཚན་སྔོན་མ།:ཤར་རྒྱལ་མོ་རོང་དུ་དུས་ཆེན་ཁྱད་པར་ཅན་འདི་འདྲ་ཞིག་ཚེས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།