དཀར་མཛེས་རྫོང་གིས་གད་སྙིགས་གཙང་འཕྱག་ལས་དོན་ཧུར་ཐག་སྤེལ།

བློ་བཟང་དོན་འགྲུབ་དང་བསོད་ནམས་སྐྱིད་ཀྱིས།        2023-03-30


དཀར་མཛེས་རྫོང་གིས་གད་སྙིགས་གཙང་འཕྱག་ལས་དོན་ཧུར་ཐག་སྤེལ།

   ཉེ་ཆར། དཀར་མཛེས་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཅུས་ཀྱིས་སྣེ་ཁྲིད་དེ་རྫོང་ཁོངས་ཡོངས་སུ་ས་གཞི་དྭངས་ཤིང་གཙང་མར་བཟོ་ཞེས་པའི་གཙོ་དོན་བཅོས་སྐྱོང་ལས་ཀ་རྒྱུན་མཐུད་དེ་ཤུགས་ཆེན་སྤེལ་བ་རེད།

དཀར་མཛེས་རྫོང་གིས་གད་སྙིགས་གཙང་འཕྱག་ལས་དོན་ཧུར་ཐག་སྤེལ།
དཀར་མཛེས་རྫོང་གིས་གད་སྙིགས་གཙང་འཕྱག་ལས་དོན་ཧུར་ཐག་སྤེལ།

    རྫོང་སྲིད་གཞུང་གི་ལས་བགོས་མགོ་ཁྲིད་དང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཅུས་ཀྱི་མགོ་ཁྲིད་གཙོ་བོས་ཁོར་ཡུག་འཕྲོད་བསྟེན་དཔུང་ཁག་ལ་མཛུབ་ཁྲིད་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁོར་ཡུག་འཕྲོད་བསྟེན་ཞིབ་ཚགས་ཅན་གྱི་དོ་དམ་ཆུ་ཚད་དང་གཙང་སྦྲའི་ཆུ་ཚད་མཐོ་རུ་གཏང་དགོས་པའི་བླང་བྱ་བཏོན། ཡུལ་ཁུལ་ཁག་གི་འགན་ཁུར་བས་ཡུལ་དངོས་སུ་ཁོར་ཡུག་འཕྲོད་བསྟེན་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ཏེ་གནད་དོན་དུས་ཐོག་ཏུ་ཐག་བཅད་པ་རེད།

དཀར་མཛེས་རྫོང་གིས་གད་སྙིགས་གཙང་འཕྱག་ལས་དོན་ཧུར་ཐག་སྤེལ།

   ཐེངས་འདིའི་གད་སྙིགས་གཙང་འཕྱག་ཁྲོད་དུ་མ་ཁེབས་ས་མེད་པ་དང་གད་སྙིགས་མི་ལུས་པའི་རྩ་དོན་ལྟར་ཉིན་འགའ་ལ་མི450ཡིས་གཞུང་ལམ་གཡས་གཡོན་དང་། ཁྲོམ་གཞུང་། གཞིས་ཁུལ། ཆུ་ལམ། རྐ་ལམ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་མཚམས་སོགས་སུ་ཡོད་པའི་འཚོ་བའི་གད་སྙིགས་ཏུན180ལྷག་གཙང་མ་འཕྱགས་ཡོད།

དཀར་མཛེས་རྫོང་གིས་གད་སྙིགས་གཙང་འཕྱག་ལས་དོན་ཧུར་ཐག་སྤེལ།

     དཀར་མཛེས་རྫོང་གིས་གྲོང་ཁྱེར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་ཆེད།  གཅིག་ནས་ཁྲིམས་འཛིན་མི་སྣས་རྫོང་ཡོངས་སུ་སྒོ་མདུན་གྱི་གཙང་སྦྲ་ལྔ་ཞེས་པའི་འགན་འཁྲི་དོན་ལ་འཁྱོལ་ཚུལ་ལྟ་སྐུལ་ཞིབ་བཤེར་བྱས་ཤིང་། གཉིས་ནས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཅུས་ཀྱིས་ལས་རེས་ལྟ་སྐུལ་མི་སྣ་མངགས་ནས་ཚོང་གཉེར་མི་སྣས་ཚོང་ཁང་ཕྱི་ལ་ཚོང་ཟོག་བཤམ་པ་གཏན་འགོག་བྱས། གསུམ་ནས་མཚན་མོའི་སྐོར་ཞིབ་དོ་དམ་ལ་ཤུགས་བརྒྱབ་ནས་འཕྲོད་བསྟེན་གཙང་སྦྲའི་སྒྲིག་འགལ་བྱ་སྤྱོད་མཐའ་གཅིག་ཏུ་བཀག། བཞི་ནས་ཨར་ལས་བྱ་ཡུལ་གྱི་ཐལ་རྡུལ་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་པ་རེད། དེ་དང་ཆབས་ཅིག་འགྲེམ་བརྡ་ཆུང་ངུ་གཙང་བཤེར་རུ་ཁག་བཙུགས་ཏེ་གྲོང་ཁུལ་གྱི་གྱང་དང་། གློག་ཀ་སོགས་སུ་སྦྱར་བའི་འགྲེམ་བརྡ་ཆུང་ངུ150ལྷག་གཙང་མར་བཟོས་པ་རེད།།

  • ལེ་ཚན་སྔོན་མ།:སྡེ་རོང་རྫོང་གི་ཆེས་མཛེས་པའི་བུ་མོ་བདམས་ཐོན་བྱུང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།