སྡེ་དགེ་རྫོང་གི་ལྗོངས་ཁུལ་གཉིས་ཀྱི་སྒོ་ཕྱེ་འདུག།

བདེ་ཆེན་གྱིས་བསྒྱུར།        2023-03-28

སྡེ་དགེ་རྫོང་གི་ལྗོངས་ཁུལ་གཉིས་ཀྱི་སྒོ་ཕྱེ་འདུག།

    སྡེ་དགེ་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ནུས་དང་འགྲན་རྩོད་ནུས་པ་ཆེ་རུ་གཏང་ཆེད་དང་། རྫོང་ཡོངས་ཀྱི་ཡུལ་སྡེ་དར་རྒྱས་དང་རིག་གནས་བརྒྱུད་འཛིན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏང་སྟེ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་ཡུལ་སྡེ་དར་རྒྱས་དང་འབྲེལ་མཐུན་ནུས་ལྡན་མངོན་འགྱུར་བྱ་ཆེད། ཉེ་ཆར། སྡེ་དགེ་རྫོང་ཨ་ཕྱུག་གྲོང་རྡལ་གྱི“གེ་སར་རིག་གནས་ཐོན་ལས་གླིང་ཁུལ”དང“འཁོར་ལོ་མདོ་ཡུལ་ཤོག་གི་རི་སྐྱེས་མེ་ཏོག་སྤྲོ་གསེང་གླིང”ལྗོངས་ཁུལ་གཉིས་གཅིག་སྡུད་ཐོག་གླིང་ཁུལ་སྒོ་ཕྱེ་བའི་བྱེད་སྒོ་སྤེལ་བ་རེད། ལྗོངས་ཁུལ་དེ་གཉིས་དངོས་སུ་སྒོ་ཕྱེ་བས་རྫོང་དེའི་རིག་གནས་དང་ཡུལ་སྐོར་གྱི་ཐོན་ལས་རྣམ་པ་གསར་པ་ཞིག་གི་ཚད་དུ་སླེབས་པ་མཚོན་པ་དང་། རྫོང་ཡོངས་ཀྱི་ཡུལ་སྐོར་གྱི་རྣམ་པ་ལེགས་སུ་བཏང་ནས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་མགྱོགས་སུ་ཕྱིན་རྒྱུ་རེད།

སྡེ་དགེ་རྫོང་གི་ལྗོངས་ཁུལ་གཉིས་ཀྱི་སྒོ་ཕྱེ་འདུག།

    ཉེ་བའི་ལོ་ཤས་རིང་། སྡེ་གེ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཡུལ་སྐོར་དར་སྤེལ་དེ་རྫོང་ཡོངས་ཀྱི་འཕེལ་རྒྱས་འཐབ་ཇུས་ཀྱི་ཚད་མཐོ་ཤོས་སུ་འཇོག་ནས་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་དང་། ཐོན་ཁུངས་བསྡུ་སྒྲིལ་དང་ཐོན་ལས་འཕེལ་རྒྱས་ལ་ཤུགས་བསྣན་པ། སྤུས་ལེགས་ལྗོངས་ཁུལ་རིམ་བཞིན་འཐུས་ཚང་དུ་བཏང་ནས་ཡུལ་སྐོར་གྱི་ཚ་རླབས་རྒྱུན་ཆད་མེད་པར་མཐོ་རུ་གཏང་སྟེ། རྫོང་ཡོངས་ཀྱི་ཡུལ་སྐོར་བ་སྣེ་ལེན་ཞུ་ཚད་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་ལྡབ་འཕར་བྱུང་ཡོད། ལྗོངས་ཁུལ་གཉིས་ནི་སྡེ་དགེ་རྫོང་གིས་རྫོང་ཨུའི“1558”ཀྱི་སྤྱིའི་ལས་ཀའི་རྣམ་པར་དམ་པོར་དམིགས་ཏེ། ཀའོ་ཞིན་རོགས་སྐྲུན་སྟོབས་ཤུགས་དང་འབྲེལ་མཐུད་མ་དངུལ་གྱི་རྒྱབ་སྐྱོར་འོག།   རྫོང་ཁོངས་ཀྱི་རིག་གནས་ཐོན་ཁུངས་སྤུས་ལེགས་བེད་སྤྱོད་གང་ལེགས་བྱས་ནས་བདེ་བླག་ངང་བསྐྲུན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཨ་ཕྱུག་གེ་སར་རིག་གནས་ཐོན་ལས་གླིང་ཁུལ་དུ་ཨ་ཕྱུག་གེ་སར་འགྲེམས་སྟོན་ཁང་དང་གེ་སར་དྲན་གསོ་ཁང་བཅས་འདུས་ཡོད། གླིང་ཁུལ་ནང་གི་རང་བྱུང་ཁམས་ཆེན་མོའི་བཟོ་བཀོད་ཕུལ་བྱུང་དང་ས་གཤིས་ཀྱི་ནུས་པ་ལས་བསྐྱར་སྐྲུན་གྱི་གྲངས་འབོར་མང་བ། རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་སྐྱེ་ཁམས་མཛེས་ལྗོངས། རྩྭ་ཐང་རིག་གནས། རུ་བ་སྐྱས་སྤོའི་རིག་གནས་མཛེས་ལྗོངས་བཅས་བསྐྲུན་པ་དང་། རིག་གནས་ཞིབ་འཇུག་དང་སྐྱེ་ཁམས་ལྟ་སྐོར། སྤྲོ་གསེང་རོལ་རྩེད་སོགས་ཀྱི་ཕྱོགས་བསྡུས་རིན་ཐང་འདུས་ཡོད།རི་སྐྱེས་མེ་ཏོག་སྤྲོ་གསེང་གླིང་ལྗོངས་ཁུལ་དུ་སྤྲོ་གསེང་གཞིས་ཀ1དང་སྤྲོ་གསེང་སྒར་ས1།ཤྭ་བ་མཆུ་དཀར་གསོ་སྤེལ་རྟེན་གཞི1བཅས་ཡོད་པ་རེད།། 



  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་གིས་གཟུགས་མེད་རིག་གནས་ཤུལ་བཞག་འགྲེམ་སྟོན་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།