ཞི་ཅིན་ཕིང་གིས་ལོ་ཚོགས་དེ་ལ་རྟེན་འབྲེལ་ཞུ་འཕྲིན་སྤྲིངས་གནང་འདུག།

ནོར་བུས་བསྒྱུར།        2023-03-28

    སྤྱི་ཟླ3པའི་ཚེས26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཀྱི2023ལོའི་ལོ་ཚོགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་པ་རེད།   

  ཞི་ཅིན་ཕིང་གིས་དེང་སྐབས་འཛམ་གླིང་གི་ལོ་ངོ་བརྒྱའི་རིང་ལ་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་དེ་མགྱོགས་མྱུར་ངང་འཕེལ་བཞིན་ཡོད་པ་དང་། ཆ་ཤས་གདོང་གཏུག་དང་ཟིང་ཆ་ཡང་ཡང་བྱུང་ཞིང་། འཛམ་གླིང་གི་དཔལ་འབྱོར་སླར་གསོའི་སྒུལ་ཤུགས་མི་འདང་བ་བཅས་རེད། དཔལ་འབྱོར་སླར་གསོར་བསྐུལ་བར་ངོས་འཛིན་གཅིག་མཐུན་དང་མཉམ་ལས་བྱ་དགོས། ཀྲུང་གོས་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་བཏོན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ཁྱབ་རྒྱབ་སྐྱོར་དང་དང་ལེན་ཧུར་ཐག་བྱས་ཡོད། ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་དང་། གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ། རྒྱུན་ཆད་མེད་པར་ཀྲུང་གོའི་འཕེལ་རྒྱས་གསར་པས་འཛམ་གླིང་ལ་གོ་སྐབས་གསར་པ་བསྐྲུན་ཅིང་། ཀྲུང་གོས་གོམ་པ་བརྟན་པོས་སྒྲིག་ལམ་དང་། སྒྲིག་སྲོལ་ལམ་ལུགས། དོ་དམ། ཚད་གཞི་སོགས་ཀྱི་ལམ་ལུགས་ཅན་གྱི་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཁག་དང་ཕྱོགས་སོ་སོས་ལམ་ལུགས་ཅན་གྱི་སྒོ་འབྱེད་གོ་སྐབས་མཉམ་དུ་སྤྱོད་པར་སྐུལ་འདེད་གཏང་རྒྱུ།

   ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས2023ལོའི་ལོ་ཚོགས་དེ་པེ་ཅིང་དུ་འཚོགས་ཤིང་། གཙོ་དོན་ནི་དཔལ་འབྱོར་སླར་གསོ་བ་སྟེ་གོ་སྐབས་དང་མཉམ་ལས་ཞེས་པ་དེ་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱིས་གཉེར་བ་རེད།།


  • ལེ་ཚན་སྔོན་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《དུས་རབས་གསར་པའི་ཀྲུང་གོའི་དྲྭ་རྒྱའི་ཁྲིམས་སྐྱོང་འཛུགས་སྐྱོང》གི་རྒྱབ་ཤ་དཀར་པོའི་དེབ་ཡོངས་སུ་བསྒྲགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།