ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་རྒྱས་འཛོམས་གྲོས་ཚོགས་འཚོགས།

        2023-03-29

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ཞིབ་འཇུག་བྱས།

སྤྱི་ཟླ3པའི་ཚེས20ཉིན། ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་རྒྱས་འཛོམས་གྲོས་ཚོགས་འཚོགས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ཞིབ་འཇུག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་བ་རེད།

ཚོགས་འདུར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གྲུབ་འབྲས་གལ་ཆེན་དང་བླང་བྱ་གལ་ཆེན་སྟངས་འཛིན་འཕྱུགས་མེད་བྱས་ནས་དོན་དངོས་དང་ཟུང་དུ་སྦྲེལ་ཅིང་བྱ་ཐབས་ཞིབ་ཕྲ་བཟོས་ཏེ། རང་རྟོགས་ངང་བྱ་གཞག་ཁག་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ནང་བཅུག་ནས་ཇུས་འགོད་དང་སྐུལ་འདེད་གཏང་དགོས་ཤིང་། གཅིག་ནི་འཐབ་ཇུས་ཀྱི་བརྟན་ཤུགས་རྒྱུན་འཁྱོང་དགོས་པ་དང་། གཉིས་ནི་ལས་ཀའི་སྒྲུབ་ཕྱོགས་ཡང་དག་གཟུང་དགོས། གསུམ་ནི་གཙོ་གནད་འབུར་དུ་ཐོན་དགོས་ཞེས་ནན་གསུང་གནང་བ་རེད།

ཚོགས་འདུར་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བྱ་རྒྱུ་ནི་ད་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་ལེན་བསྟར་བ་ཟུང་དུ་འབྲེལ་བ་རྒྱུན་འཁྱོངས་ཏེ། སློབ་སྦྱོང་དང་བསམ་ཤེས་གཅིག་གྱུར་དང་དོན་འཁྱོལ་ལ་མཉམ་དུ་སྐུལ་འདེད་གཏང་དགོས། བྱེད་ཐབས་མང་བ་དང་རིམ་པ་བགོས་ནས་སློབ་སྦྱོང་གསོ་སྦྱོང་དང་དྲིལ་བསྒྲགས་སྒྲོག་འགྲེལ་བྱ་དགོས། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་ལག་ལེན་བྱ་སྤྱོད་ཀྱི་གཞི་སྟེགས་བརྒྱུད་དེ་ཚོགས་འདུའི་སྙིང་དོན་ལས་ཁུངས་དང་གྲོང་སྡེ། སྤྱི་ཁུལ། སློབ་གྲྭ། ཁེ་ལས། དམག་སྒར། དགོན་པ་བཅས་སུ་ཁྱབ་གདལ་གཏང་རྒྱུར་བསྐུལ་ནས། སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་ཚ་ཚ་འུར་འུར་སྤེལ་དགོས་པ་རེད། ཅི་འདྲ་བཤད་དང་ཅི་འདྲ་བསྒྲུབ། ཅི་འདྲ་བལྟ་ཞེས་པའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་ཅི་འདྲ་བསྒྲུབ་པའི་སྐོར་མངོན་གསལ་དོད་པོ་བྱས་ནས་ད་ལྟའི་དུས་མཚམས་ཀྱི་གཙོ་གནད་ལས་དོན་ཁྱོན་ཡོངས་ནས་དམ་འཛིན་ཡག་པོ་བྱེད་པ་དང་ཤུགས་ཡོད་རྒུས་དཔལ་འབྱོར་འགྲན་ཞིང་འཛུགས་སྐྲུན་བྱས་ནས་དུས་ཚིགས་དང་པོར་འགོ་ཡག་པོ་འཛུགས་པར་འགན་ལེན་བྱས་ཏེ། ལོ་འཁོར་གྱི་དམིགས་འབེན་ལས་འགན་ལེགས་སྒྲུབ་བྱ་ཆེད་རྨང་གཞི་བརྟན་པོ་འདིང་དགོས་པ་རེད།།


  • ལེ་ཚན་སྔོན་མ།:ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་མགོ་ཁྲིད་ཚོ་ཆུང་དང་ཆོས་ལུགས་ལས་དོན།
  • ལེ་ཚན་རྗེས་མ།:གསར་འགྱུར་གནད་བསྡུས།
  • དོ་སྣང་ཆེ་བའི་རྩོམ།