གསར་འགྱུར་གནད་བསྡུས།

        2023-03-29

༄༅།། ཁུལ་ཁུལ་སྲིད་གཞུང་ཏང་ཚན་ཁག་གི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས2023ལོའི་སློབ་སྦྱོང་རྒྱས་འཛོམས་གྲོས་ཚོགས་འཚོགས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོའི་ལས་དོན་གལ་ཆེན་ལ་གྲོས་ཞིབ་བྱས་པ་རེད།།

༄༅།། སྤྱི་ཟླ3པའི་ཚེས20ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་དང་ཏང་ཚན་ཁག་གི་ཧྲུའུ་ཅི་ཧྥུང་ཧྥ་ཀུའེ་ཡིས་ཁུལ་སྲིད་གཞུང་ཏང་ཚན་ཁག་གི2023ལོའི(རྒྱས་འཛོམས)གྲོས་ཚོགས་ཐེངས་གཉིས་པ་གཙོ་སྐྱོང་གནང་ཞིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས། རྒྱལ་སྲིད་སྤྱི་ཁྱབ་ཁང་སྐབས་གསར་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བཅས་དང《ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་ཆེས་ཆེར་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གི་ལས་ཀའི་ཇུས་གཞི》སོགས་ཀྱི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ནས་བྱ་ཐབས་ཞིབ་འཇུག་བྱས་པ་རེད།།

༄༅།། སྤྱི་ཟླ3པའི་ཚེས21ཉིན་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི། ཏང་ཚན་ཁག་གི་ཧྲུའུ་ཅི་ལེ་ཅན་ཕིང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་སོགས་ལ་ཕེབས་ནས་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་ཀྱི་དེང་རབས་ཅན་གྱི་ཞིང་ལས་ཐོན་ལས་འཛུགས་སྐྲུན་དང་སློབ་གྲྭ་ཁག་གི་བཟའ་བཅའ་ཉེན་མེད་འགན་འཁྲི་ལམ་ལུགས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཁྲིད་སྟོན་གནང་བ་རེད།།


  • ལེ་ཚན་སྔོན་མ།:ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་རྒྱས་འཛོམས་གྲོས་ཚོགས་འཚོགས།
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་གི་ཨང་ཀིའི་དཔལ་འབྱོར་གྱིས་འཕེལ་རྒྱས་ སྤུས་ཚད་མཐོན་པོ་ཡོང་བར་ནུས་པ་བསྩལ།
  • དོ་སྣང་ཆེ་བའི་རྩོམ།