ཞི་ཅིན་ཕིང་གིས་མུའུ་ཧན་མོ་ཏེ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་།

ཨོ་རྒྱན་གྱིས་བསྒྱུར།        2023-03-30

     སྤྱི་ཟླ3པའི་ཚེས28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་དབུ་བཞུགས་བློན་ཆེན་མུའུ་ཧན་མོ་ཏེ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།

     ཞི་ཅིན་ཕིང་གིས་རྒྱལ་པོ་ས་ལེ་མན་ལ་སྨོན་འདུན་བཟང་པོ་དང་སྨྱུང་སྲུང་ཟླ་བར་འཚམས་འདྲི་ཞུ་ལུགས་མུའུ་ཧན་མོ་ཏེ་མཆོག་ནས་བརྒྱུད་ཞུ་གནང་རོགས་ཞེས་གསུངས་པ་དང་། ཞི་ཅིན་ཕིང་གིས། མིག་སྔར། ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་འབྲེལ་བ་ལོ་རྒྱུས་ཀྱི་དུས་མཚམས་ཡག་ཤོས་སུ་སླེབས་ཡོད། ན་ནིང་ལོ་མཇུག་ཏུ། ང་རང་ནས་སོ་ཏི་ཨ་རབ་ལ་ལེགས་འགྲུབ་ལྡན་པའི་ངང་རྒྱལ་དོན་འཚམས་འདྲི་ཞུས་པ་དང་། ང་ཚོས་ལི་ཡ་ཏེར་ལེགས་འགྲུབ་ལྡན་པའི་སྒོ་ནས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དབུ་ཚོགས་སྐབས་དང་པོདང་། ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་དབུ་ཚོགས་གཉེར་ནས། ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་དང་། ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་དབར་གྱི་འབྲེལ་བ་དང་། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་དབར་གྱི་འབྲེལ་བ་བཅས་ལ་སྐུལ་འདེད་བཏང་ཞིང་། དབུས་ཤར་ས་ཁུལ་གྱི་དུས་བབ་ལ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་ཡོད། ཀྲུང་གོའི་ཕྱོགས་ནས་སོ་ཏི་ཨ་རབ་ཕྱོགས་དང་མཉམ་དུསྐོར་གསུམ་དབུ་ཚོགསཀྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་མུ་མཐུད་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། དངོས་གཉེར་མཉམ་ལས་དང་མི་ཆོས་རིག་གནས་ཀྱི་སྤེལ་རེས་རྒྱ་ཆེར་གཏོང་བ། ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་གོང་འཕེལ་སྔར་ལས་ཆེ་བ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། དུས་རབས་གསར་པར་ཁ་ཕྱོགས་པའི་ཀྲུང་གོ་དང་ཨ་རབ་ཀྱི་ལས་དབང་གཅིག་མཐུན་མ་ལག་ཧུར་ཐག་གཏོད་པ་བཅས་བྱས་ནས། དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་གོང་འཕེལ་བཅས་ཀྱི་ཆེད་དུ་ལེགས་སྐྱེས་སྔར་བས་མང་བ་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། ཉེ་ཆར། ཀྲུང་གོ་དང་སོ་ཏི་ཨ་རབ། དབྱི་རན་བཅས་ཀྱི་ཐུན་མོང་འབད་བརྩོན་འོག། སོ་ཏི་ཨ་རབ་དང་དབྱི་རན་གྱི་པེ་ཅིང་གླེང་མོལ་ལེགས་འགྲུབ་ལྡན་པའི་ངང་བྱས་པར་མ་ཟད་དེར་གྲུབ་འབྲས་ཆེན་པོ་ཐོབ་ནས། སོ་ཏི་ཨ་རབ་དང་དབྱི་རན་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལེགས་སུ་གཏོང་རྒྱུར་ཕན་ཐོགས་ཆེན་པོ་བྱུང་བ་དང་། ས་ཁུལ་དང་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་དང་། ས་ཁུལ་གྱི་ཛ་དྲག་དུས་བབ་ཞི་ལྷོད་དུ་གཏོང་རྒྱུར་དཔེ་སྟོན་གྱི་ནུས་པ་གལ་ཆེན་ཐོན་ཡོད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གདེང་འཇོག་བཟང་པོ་རྒྱ་ཁྱབ་ངང་ཐོབ་ཡོད། ཉེ་དུས། ས་ཁུལ་དང་རྒྱལ་ཁབ་དབར་གྱི་འབྲེལ་བ་ཞི་ལྷོད་དུ་འགྲོ་ཚུལ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། དེའི་ཐོག་ནས་གྲོས་མོལ་བྱས་པ་བརྒྱུད་འགལ་ཟླ་དང་ཕྱོགས་འགལ་ཐག་གཅོད་བྱ་རྒྱུ་དེ་དམངས་སེམས་དང་མཐུན་པ་དང་། དུས་རབས་ཀྱི་རླབས་རྒྱུན་དང་རྒྱལ་ཁབ་ཁག་གི་ཁེ་ཕན་དང་མཐུན་ཡོད་པ་གང་ལེགས་མངོན་ཡོད། སོ་ཏི་ཨ་རབ་དང་དབྱི་རན་ཕྱོགས་གཉིས་པོས་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་གྲོགས་སྙིང་སྟོབས་རྒྱུན་འཁྱོངས་བྱེད་པ་དང་། པེ་ཅིང་གླེང་མོལ་གྲུབ་འབྲས་ཀྱི་རྨང་གཞིའི་ཐོག་འབྲེལ་བ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོའི་ཕྱོགས་ཀྱིས་སོ་ཏི་ཨ་རབ་དང་དབྱི་རན་གྱི་གླེང་མོལ་གྱི་རྗེས་མཐུད་འཕེལ་རིམ་ལ་མུ་མཐུད་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་བསྟན་འདུག།
     མུའུ་ཧན་མོ་ཏེས་རྒྱལ་པོ་ས་ལེ་མན་ནས་ཞི་ཅིན་ཕིང་ལ་འཚམས་འདྲི་གནང་ལུགས་བརྒྱུད་ཞུ་གནང་བ་དང་། ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་མུ་མཐུད་ནས་བདམས་ཐོན་བྱུང་བར་སླར་ཡང་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་ཡོད། མུའུ་ཧན་མོ་ཏེ་ཡིས། སོ་ཏི་ཨ་རབ་ཀྱིས་ཀྲུང་གོའི་ཕྱོགས་ནས་སོ་ཏི་ཨ་རབ་དང་དབྱི་རན་གྱི་འབྲེལ་བ་ལེགས་སུ་གཏང་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེའི་ཐོག་ནས་ཀྲུང་གོའི་འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོའི་ནུས་པ་གང་ལེགས་མངོན་ཡོད། ས་ཁུལ་དང་རྒྱལ་སྤྱིའི་བྱ་དོན་ཁྲོད་ཀྲུང་གོས་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད་པས། སོ་ཏི་ཨ་རབ་ནས་དེའི་ཐད་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད། ཀྲུང་གོ་ནི་སོ་ཏི་ཨ་རབ་ཀྱི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན། སོ་ཏི་ཨ་རབ་ཀྱིས་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏང་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད་ལ་ཀྲུང་གོའི་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་མདུན་ལྗོངས་གསར་པ་གཏོད་འདོད་ཡོད་ཅེས་གསུངས་འདུག།


  • ལེ་ཚན་སྔོན་མ།:《ཞི་ཅིན་ཕིང་གི་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་སྐོར་གྱི་རྣམ་བཤད་གཅེས་བཏུས》
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།