ལས་གནས་བརྟན་པོར་བསྲུངས་ནས་ཟོལ་མེད་ལྷག་བསམ་བཅངས།

རྟ་མགྲིན་རྡོ་རྗེས་བསྒྱུར།        2023-03-31

དཀར་མཛེས་རྫོང་སྤྱི་བདེ་ཅུས་ཤར་ཕྱོགས་མངགས་གཏོང་ཁང་གི་རམ་འདེགས་ཉེན་རྟོག་པ་ཡེ་ཤེས་རྡོ་རྗེའི་གནས་ཚུལ་ཟུར་བཀོད།


དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་དུས་སུ་ཡེ་ཤེས་རྡོ་རྗེས་སྔར་བཞིན་མཚོ་འཕགས་སྨི3980ཡོད་པའི་ཤར་ཕྱོགས་སྤྱི་བདེ་མངག་གཏོང་ཁང་དུ་ལས་རེས་བྱེད་བཞིན་ཡོད། འདི་ནི་ཁོང་གིས་ལོ་སར་སྐབས་སུ་ལས་གནས་བསྲུངས་བའི་ལོ་ངོ12པ་དེ་རེད། ལོ་ན་ཆུང་བ་ཚོ་དང་ཡུལ་གཞན་གྱི་ལས་གྲོགས་ཚོ་ཁྱིམ་དུ་ལོག་ནས་ཁྱིམ་མི་དང་མཉམ་དུ་འདུ་འཛོམས་ཐུབ་ན་ང་ལ་སྣང་དག་མེད། ངའི་ཁྱིམ་ནི་ཤར་ཕྱོགས་སྡེ་ཆེན་གྲོང་ཚོ་གཉིས་པར་ཡིན་ཞིང་མངག་གཏོང་ཁང་དང་བར་ཐག་སྤྱི་ལེ10ཙམ་ལས་མེད་པས་འགྲོ་འོང་ཧ་ཅང་སྟབས་བདེ་པོ་འདུག། ནམ་རྒྱུན་ལོ་སར་འཆར་ལ་ཉེ་སྐབས། ངས་རང་འགུལ་ངང་མངག་གཏོང་ཁང་གི་མགོ་ཁྲིད་ལ་ལས་རེས་བྱེད་ཆོག་པའི་རེ་བ་བཏོན་ཡོད། ལམ་འགོ་ལ་སྒང་ནི་དེ་སྔོན་དམར་དམག་བརྒྱུད་མྱོང་བའི་ས་ཆ་ཡིན་པས་འགྲོ་སྐྱོད་རླངས་འཁོར་གཅིག་ལས་མེད་ཀྱང་དེའི་ཉེན་མེད་ལ་འགན་ལེན་བྱ་དགོས་ཞེས་ཡེ་ཤེས་རྡོ་རྗེས་གྱང་ངོས་སུ་བྲིས་ཡོད་པའི་ཁུལ་ཡོངས་ཀྱི་བློ་དཀར་གཞུང་དྲང་གི་དམ་བཅའི་ཚིག་ལ་བལྟ་བཞིན་དུ་དེ་ལྟར་བཤད།

ལས་གནས་བརྟན་པོར་བསྲུངས་ནས་ཟོལ་མེད་ལྷག་བསམ་བཅངས།

ཡེ་ཤེས་རྡོ་རྗེས་ལས་རོགས་དང་མཉམ་དུ་ཡུལ་སྐོར་བར་ཆུ་སྐྱེལ་བཞིན་པའི་ཚུལ།


སྤྱི་བདེའི་བྱ་གཞག་ལ་བཅངས་པའི་དགའ་ཞེན་མཚོ་ལས་ཟབ།

ཁོ་དང་ཉེ་བར་བཅར་སྐབས། ངོ་གདོང་ནག་པོ་དེར་གཉེར་མས་ཁེངས་ཤིང་མིག་མདངས་བརྟན་ཞིང་སྐྱེ་སྟོབས་ཀྱི་དཔལ་འབར་བས་དགའ་གུས་ཀྱི་སེམས་པ་ཤུགས་ཀྱིས་སྐྱེས། ཁོའི་མིང་ལ་ཡེ་ཤེས་རྡོ་རྗེ་ཟེར་ཞིང་དཀར་མཛེས་རྫོང་སྤྱི་བདེ་ཅུས་ཤར་ཕྱོགས་མངག་གཏོང་ཁང་གི་རམ་འདེགས་ཉེན་རྟོག་པ་ཞིག་རེད། སྔ་རྗེས་སུ་འདན་མ་མངག་གཏོང་ཁང་དང་། ལྷོ་པ་མངག་གཏོང་ཁང་། ཤར་ཕྱོགས་མངག་གཏོང་ཁང་བཅས་སུ་ལས་ཀ་སྒྲུབ་ཀྱིན་ཡོད། བདེ་སྲུང་བ་ནས་རམ་འདེགས་ཉེན་རྟོག་པའི་བར་ལས་གནས་བསྒྱུར་བའི་བར་དུ་ཁོས་ནན་ནན་ཏན་ཏན་དང་དཀའ་ངལ་ཁྱད་བསད། རང་དཔེ་གཞན་སྟོན་བཅས་ཀྱི་སྒོ་ནས་བྱས་རྗེས་འབུལ་བའི་སྙིང་སྟོབས་སྔ་ཕྱི་བར་གསུམ་དུ་བརྟན་པོར་བསྲུངས། ཁོ་ནི་ཚང་མའི་སེམས་ནང་གི་གདོང་མཆོང་བྱེད་མཁན་དང་རྒྱབ་ཕྱོགས་བརྟན་སྲུང་བྱེད་མཁན་གྱི་གཅེན་པོ་དེ་ཡིན་པ་དང་། ཉམས་ལེན་འབད་སྒྲུབ་ཀྱིས་ན་གཞོན་དམངས་རོགས་ཉེན་རྟོག་པའི་སྣེ་ཁྲིད་དེ་ཤར་ཕྱོགས་མངགས་གཏོང་ཁང་གི་གྱང་ངོས་སུ་བྲིས་ཡོད་པའི་གསོ་རླུང་དཀོན་ཡང་ལྷག་བསམ་གྱིས་ཕྱུག་ཅེས་པའི་དམ་བཅའ་བསྲུངས་དང་སྲུང་བཞིན་ཡོད།

མངག་གཏོང་ཁང་ནང་གི་ལས་དོན་པ་རྒན་པ་ཡིན་པའི་ཆ་ནས་ཁོས་ནམ་རྒྱུན་མངག་གཏོང་ཁང་ནང་གི་ལས་དོན་དང་འཚོ་བར་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་པས་རང་ཉིད་ཀྱི་ཁྱིམ་ལ་ལྟ་ལྟོག་བྱེད་པའི་ཁོམ་ལོང་དེ་འདྲ་མེད། ཁོར་གཞན་ལ་བཤད་པའི་སྐད་ཆའི་སྒྱུ་རྩལ་དེ་འདྲ་མེད་ཀྱང་རང་དཔེ་གཞན་སྟོན་གྱི་སྒོ་ནས་མངག་གཏོང་ཁང་ནང་དུ་ཡོང་བའི་ན་གཞོན་ཚོར་ཤུགས་རྐྱེན་ཟབ་མོ་ཐེབས་ནས་ཤར་ཕྱོགས་མངག་གཏོང་ཁང་གི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་བཞིན་ཡོད།

ལས་གནས་བརྟན་པོར་བསྲུངས་ནས་ཟོལ་མེད་ལྷག་བསམ་བཅངས།

ཡེ་ཤེས་རྡོ་རྗེས་རླངས་འཁོར་ལ་འདྲེད་འགོག་ལྕགས་ཐག་འགེལ་བཞིན་པའི་ཚུལ།


ཡེ་ཤེས་རྡོ་རྗེས་ངའི་ཨ་ཕ་སྔོན་ཆད་གྲོང་ཚོའི་ལས་བྱེད་པ་བྱས་མྱོང་ཡོད་ལ་ཁོང་ནི་མིང་དོན་མཚུངས་པའི་ཏང་མི་རྒན་གྲས་ཤིག་ཡིན། ཁོང་གིས་རྟག་ཏུ་ང་ཚོར་གུང་ཁྲན་ཏང་གི་རྗེས་སུ་འབྲང་འགྲོ་པའི་སློབ་གསོ་རྒྱག་གི་ཡོད། ང་ཡང་ཁོང་གི་ཤུགས་རྐྱེན་འོག་ཆུང་དུས་ནས་ཏང་ལ་དགའ་ཞེན་ཆེན་པོ་ཡོད་ཅེས་བཤད། ད་ལོ་ལོ60ལ་སོན་པ་དང་ཏང་ལོ25ཡོད་པའི་ཡེ་ཤེས་རྡོ་རྗེ་ནི་དཀར་མཛེས་རྫོང་སྤྱི་བདེ་ཅུས་ཀྱི་ཉེན་རྟོག་ལས་དོན་གྱི་རམ་འདེགས་མི་སྣ་རབས་དང་པོའི་གྲས་རེད། ལོ་ཆུང་སྐབས་སུ་ཁོ་ནི་ཟོང་འཁོར་གྱི་ཁ་ལོ་བ་ཞིག་ཡིན། སྐབས་དེའི་རླངས་འཁོར་གྱི་ཁ་ལོ་བ་ནི་མི་ཀུན་གྱི་ཡིད་སྨོན་བྱེད་ཡུལ་ཡིན་པར་མ་ཟད་ཁོ་རང་ཉིད་ལ་རླངས་འཁོར་ཆེན་པོ་ཞིག་ཀྱང་ཡོད། སྟབས་ལེགས་པ་ཞིག་ལ་ཁོ་ཤར་ཕྱོགས་ཡུལ་ཤོག་གི་བདེ་སྲུང་བར་འོས་སྦྱོར་བྱས། སྐབས་དེ་དུས་ལོ30ལ་སླེབས་པའི་ཡེ་ཤེས་རྡོ་རྗེ་ལས་གནས་འདེམས་པའི་ཐེ་ཚོམ་གྱི་གནས་སུ་གྱར། ཕྱོགས་གཅིག་ནི་མི་ཚང་མ་བློ་ཡིད་ཚིམས་ལ་ཡོང་འབབ་ཧ་ཅང་མོད་པའི་ལས་རིགས་ཤིག་དང་། ཕྱོགས་གཞན་ནི་ཡོང་འབབ་ཉུང་ཡང་སློབ་མཚམས་བཞག་རྐྱེན་མངོན་དུ་མ་འགྱུར་བའི་སྤྱི་བདེ་པའི་ཕུགས་འདུན་དེ་རེད། མནོ་བསམ་ཡང་ཡང་བཏང་ཡང་སྤྱི་བདེའི་བྱ་གཞག་ལ་བཅངས་པའི་དགའ་ཞེན་དེ་དོར་མ་ཐུབ་པར་མཐར་ཁོས་བློ་ཐག་ཆོད་པོས་སྤྱི་བདེའི་དཔུང་ཁག་ནང་ཞུགས་པ་རེད། དེའི་རྗེས་སུ་ཁོ་རང་དཀར་མཛེས་རྫོང་སྤྱི་བདེ་ཅུས་ཀྱི་རམ་འདེགས་ཉེན་རྟོག་པ་ཁག་དང་པོར་གྱུར་པར་མ་ཟད། གཟི་བརྗིད་ལྡན་པའི་ལས་རིགས་དེའི་ནང་ལོ20ལྷག་ཙམ་རིང་མུ་མཐུད་དེ་འབད་བརྩོན་བྱས།

2009ལོར་ཤར་ཕྱོགས་མངག་གཏོང་ཁང་སྐྲུན་འགོ་ཚུགས་པའི་སྐབས་སུ། མངག་གཏོང་ཁང་དེ་རྒྱལ་སྲུང་གཞུང་ལམ317གྱི་འགྲམ་དུ་ཁེར་རྐྱང་དུ་ཆགས་པ་དང་། གྲོང་ཚོ་དང་ཁ་ཐག་རིང་བར་མ་ཟད་གློག་དང་ཆུ། དྲ་བའི་བརྡ་རྟགས་བཅས་མེད་ཀྱང་ཡེ་ཤེས་རྡོ་རྗེས་དཀའ་ངལ་ལ་མ་འཛེམས་པར་མངག་གཏོང་ཁང་གི་མགོ་ཁྲིད་ལ་རམ་འདེགས་བྱས་ནས་ལས་དོན་ལེགས་པོར་བསྒྲུབས་ཡོད།

སྐབས་དེའི་ལམ་འགོ་ལ་སྒང་ནི་ཁུལ་ཡོངས་ཀྱི་བདེ་འཇགས་གནད་དོན་རྙོག་འཛིང་ཆེ་བའི་ལམ་དུམ་གྱི་གྲས་ཤིག་ཡིན་ཞིང་། དེ་གནས་སའི་ཤར་ཕྱོགས་ཡུལ་ཤོག་ཡང་འགལ་བ་དང་རྩོད་གཞིའི་མི་མངོན་པའི་རྐྱེན་ངན་མངོན་གསལ་དོད་ཤོས་ཀྱི་ས་ཁུལ་ཞིག་རེད། མངག་གཏོང་ཁང་མ་བསྐྲུན་གོང་ལོ་ལྟར་ཞིང་ཆེན་སྤྱི་བདེ་ཐིང་གིས་ཞིང་ཆེན་ཡོངས་ཀྱི་གཙོ་གནད་བཅོས་སྒྲིག་ལམ་དུམ་དང་ཁུལ་དང་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་གཙོ་གནད་བཅོས་སྒྲིག་བྱ་ཡུལ་ཡུལ་ཤོག་གྲོང་རྡལ་དུ་བརྩིས་ཡོད། དུས་སྐབས་དེར་སུའོ་ཀྲང་གི་འགན་བཞེས་བཞིན་པའི་ལིའུ་ཞའོ་སུང་གི་ཕྲག་ཐོག་ཏུ་གནོན་ཤུགས་ཧ་ཅང་ཆེ། ཡེ་ཤེས་རྡོ་རྗེ་ནི་ས་དེ་གའི་མི་ཡིན་པ་དང་སྐད་གཉིས་ཤེས་པའི་ཁར་ས་གནས་དེ་གའི་གནས་ཚུལ་ལ་རྒྱུས་མངའ་ཡོད་པས་ཁོས་མ་སྐུལ་དང་བླངས་ཀྱི་ཇུས་འདོན་བྱ་རྒྱུའི་རེ་བ་ཞུས་པས་མངག་གཏོང་གི་ལས་ཀར་རོགས་རམ་ཆེན་པོ་ཐོབ་པར་མ་ཟད། རྗེས་ཕྱོགས་ཀྱི་ལས་ཀའི་ཁྲོད་དུ་གཉེན་ཉེའི་ཁ་ངོ་ལ་མ་བལྟས་པར་དྲང་བདེན་གཙིགས་སུ་བཟུང་ནས་རང་ཉེས་ངོས་ལེན་ཞུ་དགོས་པའི་ཁ་ཏ་བསླབ་བྱ་མང་དུ་བྱས། དེ་རྗེས་ཀྱི་ལས་ཀའི་ཁྲོད་ཡེ་ཤེས་རྡོ་རྗེས་རང་ཉིད་ཀྱི་ལེགས་ཆ་གང་ལེགས་བཏོན་ནས་གྱོད་གཞི་མང་པོ་ཞིག་རྩད་ཆོད་པར་གཞོགས་འདེགས་བྱས་པ་རེད།

གསོ་རླུང་འདུས་ཚད་ཉུང་ཡང་བློ་སེམས་དཀར་ཚད་བརྒྱ་ཆ་བརྒྱ་ལ་ཟིན།

ལོ་ངོ14ཡི་རིང་། ཡེ་ཤེས་རྡོ་རྗེས་འགན་བཞེས་མགོ་གཙོ་གསུམ་ལ་རོགས་རམ་བྱས་ནས་ཐོག་མཐའ་བར་གསུམ་དུ་ཤར་ཕྱོགས་མངག་གཏོང་ཁང་ནང་གི་མི་སྣ་ཕུལ་བྱུང་གི་ནུས་པ་གང་ལེགས་བཏོན། ད་སྐབས་ཁོ་ནི་ལེ་ཧྥེང་མགོ་གཙོ་ཞེས་འབོད་པའི་མགོ་གཙོ་ལིའུ་ཕུང་གི་ལས་རོགས་བཟང་ཤོས་དེ་རེད།

ཡེ་ཤེས་རྡོ་རྗེས་ཕྱོགས་གཅིག་ནས་རང་གི་གཉེན་ཉེ་ཡིན་ཡང་མཐིལ་ཚད་ལས་བརྒལ་ཚེ་དགོས་ངེས་ཀྱི་ཆད་པ་གཅད་དགོས་པ་དང་། རྐུ་འཕྲོག་གྱོད་གཞིའི་ཁུངས་སྣེ་གོང་ཞུས་དང་འབྲེལ་གྱོད་འབྲེལ་གཉེན་ཉེ་ལ་རང་ཉེས་ངོས་ལེན་ཞུ་དགོས་པའི་ཁ་ཏ་བསླབ་བྱ་བྱེད་པ་དང་། ཕྱོགས་གཞན་ནས་མངག་གཏོང་ཁང་གི་མགོ་གཙོའི་སེམས་ཁུར་དང་རེ་སྨོན་ཆུད་མི་ཟ་བའི་ཆེད་ནད་ཡོད་བཞིན་དུ་ལས་གནས་རུ་བསྐྱོད་དེ་ལོ་མང་རིང་གི་ཉམས་མྱོང་ལ་བརྟེན་ནས་རྟ་བརྐུས་པ་སོགས་གྱོད་གཞི་མང་པོའི་འགག་རྩའི་ཁུངས་སྣེ་རྩད་བཅད་དེ་གྱོད་དོན་རྩད་ཆོད་པར་རོགས་རམ་བྱས་ཡོད། དུས་ཡུན་རིང་པོར་ངལ་དུབ་ཀྱིས་མནར་བའི་རྐྱེན་གྱིས་སྐབས་ཤིག་ལ་འཕྲལ་མར་ཀླད་རྩ་འགག་ནས་འཐབ་གྲོགས་ཚོའི་མྱུར་སྐྱོབ་འོག་གཞི་ནས་སྲོག་ཉེན་ལས་ཐར་ཐུབ་ཡོད།

ཁོས་ང་ནི་རམ་འདེགས་ཉེན་རྟོག་པ་ཞིག་ཡིན་པར་སྤོབས་སེམས་སྐྱེ་བཞིན་ཡོད། དེར་བརྟེན་བུ་ཕྲུག་གིས་ཀྱང་ངའི་ཕུགས་འདུན་རྒྱུན་བཅངས་ནས་གཟི་བརྗིད་ལྡན་པའི་ཉེན་རྟོག་དམག་གོས་གྱོན་པའི་རེ་བ་ཡོད། གུང་ཁྲན་ཏང་མི་ཞིག་ཡིན་ཚེ་རང་ཉིད་ཀྱི་ཡོད་ཚད་ཏང་ལ་འབུལ་དགོས། དེ་ནི་ངས་མི་ཚེ་གང་བོར་རེ་སྙེགས་བྱེད་པའི་དམིགས་འབེན་ཡིན། ཞེས་བཤད་པ་དང་། ཡང་ཏང་ཞུགས་རེ་ཞུ་ཡི་གེའི་ཁ་ཕྱེ་ནས་ཏང་གི་བྱ་གཞག་ཆེད་ཡོད་ཚད་ལེགས་སྐྱེས་སུ་འབུལ་དགོས་ཞེས་པའི་ཡིག་འབྲུ་དེ་དག་ལས་མི་རབས་རྒན་གྲས་ཀྱི་སྤྱི་བདེ་རམ་འདེགས་ཉེན་རྟོག་པས་ཏང་ལ་བཅངས་པའི་བློ་གཅིག་སེམས་གཅིག་དེ་མངོན་ཐུབ་ཅེས་ནན་དུ་བཤད། ལོ25ཡི་རྗེས་སུ། ཁོའི་བུ་དཔལ་ལྡན་དར་རྒྱས་ཀྱིས་དགའ་ཞེན་དང་ཆོད་སེམས་བཅངས་ནས་ཏང་ཞུགས་ཧུར་བརྩོན་པའི་སྙན་ཞུའི་ནང་ཀྲུང་གོའི་སྤྱི་དམངས་ཤིག་ཡིན་པའི་ངོས་ནས་རང་ཉིད་ལ་སྤོབས་པ་སྐྱེ་བཞིན་ཡོད། ཁྱིམ་དུ་ཏང་མི་དྲུག་ཡོད་པའི་ཁྱིམ་ཚང་ཞིག་གི་ངོས་ནས་སྤོབས་པ་ཆེན་པོ་སྐྱེ་བཞིན་ཡོད་ཅེས་བྲིས་ཡོད། དུས་རབས་ཕྱེད་ཀ་ཙམ་གྱི་རིང་དུ་ཡེ་ཤེས་རྡོ་རྗེས་ཏང་མིའི་ཐོག་མའི་བསམ་འདུན་དང་ཉེན་རྟོག་པའི་སྙིང་སྟོབས་ལ་གཡོ་འགུལ་སྤུ་ཙམ་བྱེད་མེད། ལོ་ཟླར་འཕོ་འགྱུར་ཇི་འདྲ་བྱུང་རུང་ཁོའི་ནང་སེམས་འགྱུར་མ་མྱོང་ལ། ཉེན་རྟོག་གྱོན་ཆས་ཀྱི་ཚོས་གཞི་གང་འདྲ་ཞིག་ཡིན་རུང་བཞུར་བཞིན་པ་ནི་འགྱུར་མེད་ཀྱི་ཁྲག་རྒྱུན་དེ་རེད། ནང་སེམས་སུ་ལང་ཚོའི་ལོ་རྒྱུས་ཉར་ཡོད་ལ་ཕྲག་ཐོག་ཏུ་འགྱུར་མེད་ཀྱི་འགན་འཁྲི་ཁུར་ཡོད།

2022ལོའི་ཟླ་བ་དང་པོའི་ཟླ་སྨད་དུ། ཁོའི་ལས་རོགས་ཚོས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི《དྲྭ་ཐོག་ཁྲིམས་སྐྱོང》ཞེས་པའི་ལེ་ཚན་པར་ལེན་བཟོ་སྐྲུན་ཚོ་ཆུང་གིས་ལམ་འགོ་ལ་སྒང་ལ་བཅར་འདྲི་བྱེད་སྐབས་ཕུ་བོ་ཡེ་ཤེས་རྡོ་རྗེས་བཤད་པའི་སྐད་ཆ་དེས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་བྱུང་། གསར་འགོད་པས་ཁོང་ལ་ཁྱེད་འདི་འདྲའི་ལོ་མང་པོ་རིང་རམ་འདེགས་ཉེན་རྟོག་པའི་ལས་དོན་གཉེར་དོན་གང་ཡིན་ཞེས་འདྲི་སྐབས། ཡེ་ཤེས་རྡོ་རྗེ་ཡི་མིག་མཐའ་མཆི་མ་འཁོར་བཞིན་བྲང་ཁའི་ཏང་རྟགས་ལ་མཛུབ་མོ་བཙུགས་ནས་ང་རང་ཏང་རྟགས་འདི་དང་ཉེན་རྟོག་པའི་གྱོན་ཆས་ལ་ཁ་བྲལ་ཐབས་མི་འདུག། གུང་ཁྲན་ཏང་མི་ཞིག་ཡིན་པས་རང་ཉིད་ཏང་ལ་དགའ་ཞེན་ཡོད། ནམ་ཡང་ཏང་གི་རྗེས་སུ་འབྲང་རྒྱུ་ཡིན་ཞེས་བཤད་ཡོད་ཅེས་བཤད་པ་རེད།

དེ་སྔོན་ཁོ་ལ་རྫོང་སྤྱི་བདེ་ཅུས་ཀྱི་རམ་འདེགས་ཉེན་རྟོག་པ་ཕུལ་བྱུང་དང་ལོ་འཁོར་གྱི་མི་སྒེར་ཕུལ་བྱུང་སོགས་ཀྱི་མཚན་སྙན་ཐེངས་མང་ཐོབ་མྱོང་ཡོད། 2022ལོར་ཁུལ་ཡོངས་ཀྱི་ལོ་ན་མཐོ་ཤོས་ཀྱི་རམ་འདེགས་ཉེན་རྟོག་པ་ཡེ་ཤེས་རྡོ་རྗེ་ལ་ཁུལ་སྤྱི་བདེ་ཅུས་ཏང་ཨུས་མི་སྒེར་གྱི་བྱ་དགའ་ཨང་གཉིས་པ་སྤྲད། ཁོའི་ལས་གནས་ལམ་འགོ་ལ་སྒང་ཡང་རྒྱལ་སྲུང་གཞུང་ལམ317པའི་ཀུན་གྱིས་བསྔགས་བརྗོད་བྱ་ཡུལ་དུ་གྱུར་ཡོད།

ཡེ་ཤེས་རྡོ་རྗེ་ཡིས་མཁའ་རླུང་ལ་གསོ་རླུང་འདུས་ཚད་བརྒྱ་ཆ50ལས་མེད་ཀྱང་ངའི་བློ་དཀར་གཞུང་དྲང་གི་ཚད་ནི་བརྒྱ་ཆ100ལ་ཟིན་ཡོད། ང་རང་ལམ་འགོ་ལ་སྒང་ལ་དགའ། འདི་ནི་ངའི་མི་ཚེ་འདིར་ཆེས་བརྗེད་དུ་མེད་པའི་གནས་ཤིག་ཡིན་ཞེས་བཤད་དོ།།

  • ལེ་ཚན་སྔོན་མ།:ནགས་ཚལ་རྩྭ་ཐང་གི་མེ་ཟོན་ཉེན་སྟོན་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་གྱི་སྲིད་གཙང་སློབ་གསོ་དང་གནད་དོན་མངོན་གསལ་དོད་པོ་བཅུ་བཅོས་སྒྲིག་བྱེད་སྒོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།