དཀར་མཛེས་ཁུལ་གྱི་སྲིད་གཙང་སློབ་གསོ་དང་གནད་དོན་མངོན་གསལ་དོད་པོ་བཅུ་བཅོས་སྒྲིག་བྱེད་སྒོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2023-04-03

དཀར་མཛེས་ཁུལ་གྱི་སྲིད་གཙང་སློབ་གསོ་དང་གནད་དོན་མངོན་གསལ་དོད་པོ་བཅུ་བཅོས་སྒྲིག་བྱེད་སྒོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས།

སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་ཡུལ་དངོས།

སྤྱི་ཟླ3པའི་ཚེས27ཉིན་ལ་དཀར་མཛེས་ཁུལ་གྱི་གངས་ལྗོངས་སུ་སྲོལ་གཙང་སྤྱོད་གཙང་མཉམ་སྤེལ་ཞེས་པའི་སྲིད་གཙང་སློབ་གསོ་དང་སྲིད་གཙང2023ལོ་ཞེས་པའི་གནད་དོན་མངོན་གསལ་དོད་པོ་བཅུ་བཅོས་སྒྲིག་བྱེད་སྒོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་དར་མདོར་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཚོགས་འདུར་ཕེབས་ཤིང་གཅིག་སྡུད་ཐོག་སྲིད་གཙང་སློབ་གསོའི་གླེང་མོལ་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལེ་ཅན་ཕིང་ཚོགས་འདུར་ཞུགས་ཡོད།

ཧྲེན་དབྱང་གིས་གངས་ལྗོངས་སུ་སྲོལ་གཙང་སྤྱོད་གཙང་མཉམ་སྤེལ་ཞེས་པའི་སྲིད་གཙང་སློབ་གསོ་དང་སྲིད་གཙང2023ལོ་ཞེས་པའི་གནད་དོན་མངོན་གསལ་དོད་པོ་བཅུ་བཅོས་སྒྲིག་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་ཚབས་ཆེན་དཔེ་མཚོན་དུ་བཀོད་དེ་བཅོས་སྒྲིག་ལ་སྐུལ་འདེད་གཏོང་ཞིང་། ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་བརྟན་དུ་གཏོང་བའི་བྱ་ཐབས་ཞིབ་ཕྲ་ཞིག་རེད། ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ལས་བྱེད་པས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་པ་དང་། “གཏན་ཁེལ་གཉིས”ལ་བློ་རྩ་བརྟན་པོས་བརྩི་བཀུར་ཞུ་བ་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པ། སྔར་ལས་རང་རྟོགས་ཀྱི་སྒོ་ནས་ཏང་གི་གསར་གཏོད་གཞུང་ལུགས་སྤྱད་དེ་བློ་སྟོབས་གཅིག་སྒྲིལ་དང་། ལག་ལེན་ལ་མཛུབ་སྟོན་བྱས་ཏེ། ཏང་གི་སྒྲིག་ཡིག་སྔར་ལས་རང་རྟོགས་ཀྱིས་བརྩི་སྲུང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་ཀྱི་རྟོགས་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་མ་ཆད་པར་ཇེ་ཆེར་བཏང་སྟེ། ཏང་གིས་རང་ཉིད་གཙང་བཅོས་དང་།རང་ཉིད་འཐུས་ཚང་།རང་ཉིད་གསར་བཅོས།རང་ཚད་མཐོར་འདེགས་བཅས་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་གི་རང་ཉིད་གསར་བརྗེ་ཡིས་སྤྱི་ཚོགས་འཕོ་འགྱུར་ཡོང་བར་སྣེ་ཁྲིད་བྱ་དགོས།

ཚོགས་ཐོག་ཧྲེན་དབྱང་གིས་སྲིད་གཙང་མཐིལ་ཚད་མཐའ་གཅིག་ཏུ་བསྲུང་དགོས་པ་དང་ཆབ་སྲིད་དང་ཚོང་ལས་ཀྱི་འབྲེལ་བ་གཙང་ཞིང་བཟང་བ་འཛུགས་པར་ཤུགས་བརྒྱག་དགོས་པ་དང་། མཐུན་སྒྲིལ་འབད་འཐབ་ཀྱིས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། “བློ་དཀར་སེམས་དཀར་དང་འགན་འཁྲི་འཁུར་བ། ལས་ལ་བརྩོན་པ། ལེགས་སྐྱེས་འབུལ་བ། མཐུན་སྒྲིལ་བྱེད་པ”བཅས་ཀྱི་དུས་རབས་གསར་པའི་དཀར་མཛེས་ཁུལ་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་སྲིད་དོན་བྱེད་ཕྱོགས་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ་བསམ་པའི་ཉམས་འགྱུར་བཟང་པོར་བརྟེན་ནས་འགན་འཁྲི་ཡག་པོ་སྒྲུབ་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱིས་དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པའི་ཁྲོད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་གསུངས་པ་རེད།

ཚོགས་འདུར་ཉེན་བརྡ་གཏོང་བའི་སློབ་གསོའི་གློག་བརྙན་ལ་མཉམ་དུ་བལྟས་ཤིང་། ཁུལ་ཨུའི་རྒྱུན་ཨུ་དང་།ཁུལ་སྒྲིག་ཨུའི་ཧྲུའུ་ཅི། ཁུལ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཅིན་ཝུའུ་ཡིས་བྱེད་སྒོ་བཀོད་སྒྲིག་གནང་ཞིང་། ཁུལ་ཨུའི་རྒྱུན་ཨུ། རྩ་འཛུགས་པུའུ་ཡི་པུའུ་ཀྲང་མཱ་ཁྲང་ཞིན་གྱིས་གཞི་རིམ་ལས་བྱེད་པའི་དོ་དམ་ལ་ཤུགས་བརྒྱག་རྒྱུའི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུ་བརྙན་འཕྲིན་ཁ་པར་རྣམ་པའི་ཐོག་ནས་ཡུལ་ཤོག(གྲོང་རྡལ)རིམ་པར་འཚོགས་པ་དང་། འབྲེལ་ཡོད་ཁུལ་གྱི་མགོ་ཁྲིད་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་ར་གཙོར་ཞུགས་པ་རེད།།



  • ལེ་ཚན་སྔོན་མ།:ལས་གནས་བརྟན་པོར་བསྲུངས་ནས་ཟོལ་མེད་ལྷག་བསམ་བཅངས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་ནགས་རྩྭ་མེ་ཟོན་ཉེན་སྟོན་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།